Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16862 POSTS
0 COMMENTS

རྒྱ་གཞུང་གིས་ལི་ཐང་ནས་བོད་མི་གཅིག་འཛིན་བཟུང།

ཁ་སར་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༤༠ སྟེང་མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ནང་རྟེན་གཞི་བྱས་པའི་བོད་མི་ཞིག་གིས་ཁུལ་དེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་མཁའ་དབྱིངས་སུ་འཕྱར་ནས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས། དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག སྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་མེད་པས་རྒྱ་གཞུང་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་ཞི་འབོད་གནང་མཁན་ཁོང་གློ་བུར་ལས་སླ་པོའི་ཐོག་སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དམ་དྲག་རྐྱེན་པས་ཁོང་གི་མིང་དང། ལོ་ན་ཇི་སོན། དེ་བཞིན་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད་པ་རེད་འདུག

རེས་གཟའ་མིག་དམར། ༢༠༡༥།༠༨།༡༨

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང་། Philadelphia ནང་དུ་བྱམས་བརྩེའི་ཉིན་མོ་སྲུང་བརྩི་ཞུ་འཆར། རྩོད་རྙོག་འདུམ་སྒྲིག་ནས་ཟབ་སྦྱོང་འགོ་འཛུགས། ༸གོང་ས་མཆོག་གིས་ཨེ་ཤི་ཡའི་མང་གཙོའི་སྤྱི་ཚོགས་ལ་གཟིགས་ཚུལ་ཞེས་པའི་དཔྱད་གཏམ། དམིགས་བསལ་ལེ་ཚན། གཞས་པ་བློ་བཟང་ཚེ་བརྟན་ལགས་ཀྱིས་བླངས་པའི་བོད་ཀྱི་བདག་པོ་བོད་མི་ཡིན། Tuesday 18/08/2015 Lone Tibetan women protests in Ngaba, immediately arrested Philadelphia to honor Dalai Lama with ‘Day of Kindness’ Conflict Resolution workshop for...

ཕི་ལ་གྲེལ་ཕི་ཡ་ནང་བྱམས་བརྩེའི་ཉིན་མོ་སྲུང་བརྩི་ཞུ་འཆར་ཡོད་པ་རེད་འདུག

ཨ་རིའི་གྲོང་ཁྱེར་ཕི་ལ་གྲེལ་ཕི་ཡ་ (Philadelphia )ནང་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་པ་རེད་འདུག ཟླ་ ༡༠ ཚེས་ཉེར་དྲུག་དང་ཉེར་བདུན་བཅས་སུ་ཕི་ལ་གྲེལ་ཕི་ཡ་གྲོང་ཁྱེར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གཏན་ཁེལ་བ་དང་བསྟུན་། ཁུལ་དེའི་ནང་ཡོད་པའི་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་དང་སྒྱུ་རྩལ་བ་སྐུ་ཞབས་ Nathan Bazzel ལགས་དང་ ཕི་ལ་གྲེལ་ཕི་ཡ་བོད་རིགས་ནང་པའི་ལྟེ་གནས་ཁང་གི་ཚོགས་མི་ལྕམ་སྐུ་ Elazar Aslan གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་ནས་ཉིན་མོ་དེ་ནི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་འཆར་ཡོད་པ་མ་ཟད། ལས་འཆར་དེའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Nathan Bazzel ལགས་ཀྱིས་གསུངས་དོན་ལ་ལས་འཆར་དེ་ནི་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་མང་ཚོགས་ལ་བྱམས་བརྩེའི་གོ་རྟོགས་སྤེལ་ཏེ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་ཆེད་ཡིན་པར་གསུངས་འདུག ལས་རིམ་ལྟར་ཁུལ་དེའི་སློབ་གྲྭ་དང་མཐོ་སློབ་ཁག་གི་ནང་བྱམས་བརྩེའི་སྐོར་སྙན་རྩོམ་རིགས་བྲིས་པ་ཁག་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་ twitter...

རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་འོད་དཀར་སྐྱིད་ཞུ་མཁན་བེུད་གཅིག་གིས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་གྱི་རྔམ་སྟོན་གནང་རྗེས་བཙོན་འཇུག་བྱས་འདུག ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༣ ཙམ་ལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་རྨེའུ་རུ་མ་ཡུལ་ཚོའི་གཞུང་ལམ་ཐོག་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས།དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད། ཁོང་གི་ནང་མི་གཙོས་གཉེན་འབྲེལ་རྣམས་ནས་འོད་དཀར་སྐྱིད་ལགས་ཀྱི་གནས་སྟངས་ཇི་ཆགས་ཐད་ཐུགས་འཚབ་ངང་གནས་ཡོད་པ་རེད་འདུག རྩ་བའི་ཁོང་ནི་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པ་དང། ཕ་ཀུན་པོ་དང་མ་འཕགས་པ་རྣམ་གཉིས་ཀྱི་མཉམ་དུ་འབྲོག་སར་འཚར་ལོངས་བྱུང་ཞིང་སློབ་སྦྱོང་གི་གོ་སྐབས་ཐོབ་མྱོང་མེད་པ་ཞིག་དང། བཟའ་ཟླའི་མིང་ལ་ལ་བཀྲ་ཤིས་ཡིན་པ་དང་། ཁོང་གཉིས་ལ་བུ་ལོ་ན་ ༤ སོན་པ་གཅིག་འདུག

ཀླུ་མཁར་བྱམས་ལགས་ཀྱིས་རང་བཙན་དང་རྒྱལ་ཁབ་བསྐྱར་གསོའི་ཆེད་བཞེངས་ཡིན་པར་གསུངས་འདུག

ཕྱི་ལོ་ ༢༠༡༥ དང་ ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེངས་གནང་མཁན་སྐུ་ཞབས་མཁར་བྱམས་ལགས་ནས་ཁོང་བོད་རང་བཙན་དང་རྒྱལ་ཁབ་བསྐྱར་གསོའི་ཆེད་བཞེངས་པ་ལས་སྲིད་སྐྱོང་གི་ཞབས་བཀྱག་དེའི་སླད་བཞེངས་མེད་པར་གསུངས་སོང། ཟླ་ ༨ ཕྱི་ཚེས་ ༡༦ ཉིན་དྷ་ས་མེ་གྷན་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་གཞུང་འཛིན་གསར་པའི་སྲིད་བྱུས་ཞེས་པའི་བརྗོད་བྱའི་ཐོག་མི་མང་ ༣༠༠ ཡས་མས་ཚོགས་བཅར་བ་ལ་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་གཞུང་འཛིན་ནས་ཕྱི་སྲིད་ཀྱི་གནད་དོན་དེ་གལ་ཆེ་ཤོས་སུ་ངོས་འཛིན་ཞུས་ནས་ཨ་རིའི་ཁེ་སང་དང་རྒྱ་ནག་གི་ཁེ་སང་། ཡང་ན་རྒྱལ་ཁབ་གང་རུང་གི་དགོས་མཁོ་ལྟར་བོད་ཀྱི་གནད་དོན་དེ་འགྲེལ་བཤད་ཞུ་རྒྱུ་མིན་པ་དང། རྒྱ་གཞུང་ལ་ཁ་གཏད་བཅོག་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་ཡུ་གུར་སོགས་སྟོབས་ཤུགས་གཞན་དང་མཉམ་ལས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཕྱི་རྒྱལ་རོགས་ཚོགས་དང་བོད་མིའི་དབར་ལ་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱེད་མཁན་གྱི་རོགས་ཚོགས་ཤིག་ཡོད་པ་ཡིན་ན། དེ་ལ་སྔོན་འགྲོ་ཡི་ཆ་རྐྱེན་ནང་པ་ཡིན་མིན་དང་དད་པ་དམ་ཚིག་ཡོད་མེད། དབུ་མའི་ལམ་གྱི་ཁྱབ་ཁོངས་ཤིག་ཁས་ལེན་མིན་གྱི་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཆ་ཚང་ལ་ངས་ལྟ་སྟངས་གཅིག་གྱུར་བྱས་ཏེ་རོགས་སྐྱོར་ཚོགས་འཚོལ་རྒྱུ་ཡིན་པ་སོགས་གསུངས་སོང། ལྷག་པར་དུ་ཁོང་གིས་གཞུང་འཛིན་པའི་ཕྱི་སྲིད་སྐོར་ལ་གསུངས་བཤད་གནང་པའི་ཁྲོད་དུ་རྒྱ་བོད་དབར་གྱི་ཞི་མོལ་སྐོར་དང་འབྲེལ། ཁོང་གིས་བོད་རྒྱ་ཞི་མོལ་ཡོད་པ་ངོས་འཛིན་གནང་གི་མེད་པ་མ་ཟད། དེ་ནི་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱས་ཀྱིས་ཡོད་པར་གསུངས་སོང། ཁོང་གིས་མུ་མཐུད་ཤེས་ཡོན་སྲིད་བྱུས་ཐད་གསུངས་དོན་ལ་གཙོ་བོར་ད་ལྟའི་ཧ་ལམ་ཆབ་སྲིད་ཀྱི་རང་བཞིན་དང་ཁྲིམས་ཀྱི་ངོ་བོའི་ཐོག་ནས་ཡོང་བཞིན་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་ལ་བསྐྱར་ཞིབ་ཞུས་ནས། དེ་ལས་སློབ་གྲྭ་དང་དགེ་རྒན་དེ་བཞིན་རྒྱལ་ཁབ་གཞན་གྱི་གནས་སྟངས་ལ་གཞི་བཞག་ནས་ཤེས་ཡོན་སྲིད་བྱུས་གཅིག་ཡོང་ན་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་སོགས་གསུངས་སོང།  

རེས་གཟའ་ཟླ་བ། ༢༠༡༥།༠༨།༡༧

ཉན་པ།: Listen ཕབ་ལེན། Download ཀླུ་མཁར་བྱམས་ལགས་རང་བཙན་དང་བོད་རྒྱལ་ཁབ་བསྐྱར་བཟོའི་ཆེད་བཞེངས་ཡིན་པ་གསུངས་འདུག བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ཤིག་གསར་འཛུགས། རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ཞེས་པ་ནི་ཚིག་སྟོང་པ་ཙམ་ཡིན་པ་སྐྱོན་བརྗོད་བྱས་འདུག རྒྱ་ནག་ཉི་ཧོང་ལས་རྒྱལ་ཁ་ཐོབ་སྐོར་གྱི་གློག་བརྙན་ཞིག་ཏུ་མའོ་བརྙན་པར་བཅུག་པར་སྐྱོན་བརྗོད། དམིགས་བསལ་ལེ་ཚན། རྒྱལ་ཚབ་ར་སྒྲེང་སྐབས་ཀྱི་ཆབ་སྲིད་གནས་སྟངས། Monday 17/08/2015 Sikyong candidate Lukar Jam speaks to Dharamsala audience Tibetan Finance Secretary inaugurates Tibetan Traders Association office in Ludhiana Rule of law in...

ལུ་དྷྱཱནཱར་ཆེས་ཐོག་མའི་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་གསར་འཛུགས་གནང་འདུག

རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ཤིག་ལུ་དྷྱཱནཱའི་ནང་གསར་འཛུགས་གནང་འདུག ཟླ་ ༨ ཕྱི་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་རྒྱ་གར་བྱང་ཕྱོགས་པཾཛཱབ་མངའ་སྡེའི་གྲོང་ཁྱེར་ལུ་དྷྱཱནཱར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་དང་བསྟུན། ཁུལ་དེར་བོད་མིའི་ཚོང་པ་ཚོསག་པའི་ལས་ཁུངས་གསར་འཛུགས་གནང་འདུག ཚོགས་འདུའི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཆེད་ཕེབས་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་བཞི་དང། ལུ་དྷྱཱནཱའི་རྒྱ་གར་ལཱ་ལཱ་ཚོགས་པ་གཉིས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་མི་མང་བཅས་ཁྱོན་མི་ ༢༠༠ ཡས་མས་ཞིག་ལྷན་ཞུགས་གནང་ཡོད་པ་དང།སྐབས་དེར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསུངས་དོན་ལ་ད་ལན་ལུ་དྷྱཱནཱ་དུ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ལས་ཁུངས་ཆེད་འཛུགས་གནང་ཐུབ་པར་ཡི་རངས་ཀྱི་བསྔགས་བརྗོད་གནང་བ་དང་འབྲེལ། ལས་ཁུངས་དེ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོང་པ་ཚོགས་པའི་དབར་འབྲེལ་ལམ་སྔར་ལྷག་དང་དམ་གཟབ་ཡོང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་སོགས་གསུངས་འདུག ཐེངས་དེའི་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུ་ཐེངས་དང་པོའི་ནང་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་མིན་ཐོག་ལ་བསྐྱར་ཞིབ་གནང་བ་དང་སྦྲགས་ཏེ་ཚོང་པའི་ཚོགས་པ་དེ་ཉིད་རྒྱུན་གནས་ཐུབ་ཐབས་སུ་ཚོགས་དངུལ་དུས་ཐོག་འབུལ་ལེན་གནང་ཕྱོགས། དེ་བཞིན་ཚོང་པ་ཚོགས་པའི་ལས་ཁུངས་མུ་མཐུད་རྒྱུན་སྐྱོང་ཡོང་ཐབས་ཆེད་རྒྱུན་གྲོན་མཁོ་སྒྲུབ་གནང་ཕྱོགས་སོགས་ཀྱི་ཐོག་བཀའ་སྡུར་གནང་ཡོད་པ་རེད། དེ་མཚུངས་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཀརྨ་བདེ་ལེགས་ལགས་ཀྱིས་ཀྱང་ད་ལན་གྱི་ཚོང་པ་ཚོགས་པའི་ལས་ཁུངས་ཤིག་གསར་བཙུགས་ཞུས་ཐུབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་དང་ས་གནས་ཁག་གི་བོད་མིའི་ཚོང་པ་དབར་འབྲེལ་ལམ་ཞུ་རྒྱུ་ཆེད་དམིགས་ཏེ་གསར་འཛུགས་ཞུས་པ་ཡིན་སྐོར་སོགས་གསུངས་སོང།

རེས་གཟའ་ཉི་མ། ༢༠༡༥།༠༨།༡༦

ཉན་པ།: Listen ཕབ་ལེན། Download སྲོལ་རྒྱུན་ནང་མའི་གླུ་གར་སྒྱུ་སྩལ་སྐོར་གླེང་བ། Sunday 16/08/2015 Tibetan Art and Culture: Nangma

རེས་གཟའ་སྤེན་པ། ༢༠༡༥།༠༨།༡༥

ཉན་པ།: Listen ཕབ་ལེན། Download ཨ་རི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་པ། རྒྱ་ནག་དང་ཡུ་གུར་མི་རིགས་ནས་རྒྱ་གཞུང་ལ་ངོ་རྒོལ། སྲིད་སྐྱོང་མཆོག་ནས་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་གནང་པ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བྱས་པ་དེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་གསུངས་འདུག བདུན་གཅིག་གི་གསར་འགྱུར་བསྐྱར་ཞིབ། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད། Saturday 15/08/2015 Tibet issue raised at US China rights summit CECC condemns Xi Jinping for bold disregard for basic human rights Protest against arrest...

Latest news

- Advertisement -spot_img