Tibetan Royal Year of 2151 | Year of the Wood Dragon

ད་ལྟའི་གཞིས་སྤོས་ཀྱི་ལས་གཞི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་ད་ལྟའི་གཞིས་སྤོས་ཀྱི་ལས་གཞི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས་ཞེས་གསུངས་སོང་། 

FTCI Meeting CTA

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༢ ནས་ ༢༤ བཅས་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་དབུས་ངལ་སེལ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཡོད་པ་ལྟར། དེ་རིང་སྔ་དྲོ་ཚོགས་ཆེན་མཇུག་སྒྲིལ་སྐབས་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་མཆོག་གིས་དབུས་པའི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཆུང་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ། དེ་བཞིན་ས་གནས་ཁག་གི་བོད་མིའི་མཉམ་འབྲེལ་དང་སྤྱི་མཐུན་མཉམ་འབྲེལ་ཁག་གི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་མཉམ་འབྲེལ་ཡོད་པའི་ས་གནས་འགོ་འཛིན་ཁག་བཅས་ཁྱོན་ཚོགས་བཅར་བ་ ༤༤ ལྷན་ཞུགས་གནང་ཡོད།

དེ་རིང་སྔ་དྲོ་ཚོགས་ཆེན་གྱི་ཟིན་བྲིས་ཚོགས་ཆུང་ནས་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་ཁག་ཚོགས་བཅར་བར་སྙན་སྒྲོན་དང་སྦྲགས་མ་འོངས་ལས་དོན་གནང་ཕྱོགས་ཐོག་དཀའ་ངལ་མི་ཡོང་སླད་ས་གནས་དེ་གའི་ཡུལ་སྐད་དང་འགྲོ་ལུགས་ཤེས་མཁན་ས་གནས་རང་ནས་ལས་བྱེད་བསྐོ་ཐབས་བྱ་རྒྱུ། མཉམ་དྲུང་དང་རྩིས་པ་རྣམས་རྒྱུན་གནས་ཐུབ་ཐབས་སུ་ནང་སྲིད་ལས་ཁུངས་ནས་ལས་བྱེད་དེ་དག་ལ་ཤེས་འཇོན་གྱི་ནུས་སྟོབས་གོང་འཕེལ་སླད་དུས་ནས་དུས་སུ་སྤྱི་མཐུན་མཉམ་འབྲེལ་ནས་ནང་སྲིད་ལ་འབོད་སྐུལ་ནམ་བྱུང་ལ་ཟབ་སྦྱོང་དང་སྦྱོར་བརྡར་རིགས་ཀྱི་རོགས་སྐྱོར་གནང་རྒྱུ། ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་གཉིས་དབར་འབྲེལ་ལམ་དམ་བཟང་གཏོང་རྒྱུའི་ལས་འཆར་སྤེལ་དགོས་པ་དང་ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ཚགས་ཚུད་བཟོ་རྒྱུར་སྤྱི་མཐུན་མཉམ་འབྲེལ་ལ་འགན་ལེན་དང་རོགས་འདེགས་གནང་དགོས་པ། ལྷག་དོན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཟུང་སྦྲེལ་གྱིས་མ་འོངས་ཞིབ་འཇུག་དང་འབྲེལ་ལམ་འཛུགས་ཕྱིར་ལམ་སྟོན་གྱི་ཟིན་བྲིས་ཡིག་ཆ་ཞིག་འདོན་སྤེལ་གནང་རྒྱུ་སོགས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།

FTCI Meeting CTA

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་གང་ཞིག་ཚགས་ཚུད་སྲ་བརྟན་གནས་པར་གཞིས་ཆགས་ཡོད་པ་ཙམ་གྱི་ཕན་གྱི་མེད་པས་དེའི་ནང་གནས་སྡོད་གནང་མཁན་མང་ཚོགས་དེ་གལ་ཆེན་ཡིན་པ་དང་དེའི་སླད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ངོས་ནས་གཞིས་སྤོས་ཀྱི་ལས་གཞི་ཞིག་འགྲོ་མུས་ཡིན་པ་དེ་ལྟར་ནའང་། ད་ཆ་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་བཞེས་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་དེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལམ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་འབྲེལ་བ་བཏགས་དགོས་མིན་ཐད་ཁ་གསལ་བཟོ་ཐུབ་ཚེ་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཚད་ལྡན་ཡོང་ངེས་ཡིན་པ་གསུངས་པ་དང་ཆབས་ཅིག་ས་གནས་སོ་སོའི་དགོས་མཁོ་ལ་གཞིགས་ཏེ་མཉམ་འབྲེལ་དགོས་མིན་ཐད་ལའང་དགོངས་བཞེས་གནང་དགོས་པར་ནན་སྐུལ་གནང་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས་མཉམ་འབྲེལ་ཁག་ནང་ཁུལ་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཐད་སྤྱི་ལ་ཁྱབ་པའི་ལམ་སྟོན་ཞིག་དགོས་ཚེ་དེ་འབྲེལ་ཚོགས་ཆུང་ནང་སུ་བཞུགས་དགོས་མེད་སྐོར་ཞིབ་ཕྲ་བཀའ་སྡུར་གྱིས་གྲོས་བྱ་དགོས་པ་དང་སྤྱི་ཚོགས་ཀྱི་འགྱུར་གྲོས་ལ་གཞིགས་པའི་མཉམ་འབྲེལ་གྱི་ལས་དོན་སྤེལ་དགོས་པ་དང་ལྷག་དོན་དེའི་འགན་འཛིན་ལྷན་ཚོགས་ནང་དེང་དུས་ཀྱི་འགྱུར་གྲོས་ལ་སྨིན་པའི་དགོངས་པ་བཞེས་ཐུབ་མཁན་ཞིག་དགོངས་ངེས་ཅན་ཡིན་པ་གསུངས་སོང་།

FTCI Meeting CTA

གཞི་རྩའི་ཐེངས་འདིའི་ཚོགས་ཆེན་ནང་། བོད་མིའི་མཉམ་འབྲེལ་ཁག་ ༡༥ དང་སྤྱི་མཐུན་མཉམ་འབྲེལ་ཁག་ ༡༦ གི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་མཉམ་འབྲེལ་ཡོད་པའི་ས་གནས་འགོ་འཛིན་ཁག་ ༡༦ ལྷོ་སྤྱི། ལ་སྤྱི་བཅས་ཁྱོན་ཚོགས་བཅར་བ་ ༤༤ ལྷན་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།