Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16755 POSTS
0 COMMENTS

རེས་གཟའ་ཕུར་བུའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༥

༸གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་གྱི་ཚོགས་དགོན་དུ་ཆིབས་སྒྱུར་བསྐྱངས་པ། རྔ་པ་ཁུལ་དུ་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་འདུག དབྱིན་ཡུལ་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་ལ་རྒྱབ་སྐྱོར་གནང་འདུག པཎ་ཆེན་རྒྱལ་མཚན་ནོར་བུས་སྲིད་གཞུང་ལ་དགེ་འདུན་པའི་གྲངས་ཀ་མང་དུ་གཏོང་དགོས་པའི་རེ་སྐུལ་ཞུས་པ། ཆོ་འཕྲུལ་དུས་ཆེན་ངོ་སྤྲོད་ཀྱི་དམིགས་བསལ་ལེ་ཚན། Thursday 05/03/2015 Dalai Lama presides over Choetrul Monlam Festival Tibetans in Ngaba celebrate Dalai Lama’s 80th birthday North Hampton hoists Tibetan flag to mark upcoming Tibetan...

རེས་གཟའ་ལྷག་པ་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༤

ཚོགས་སྐྱིད་ཁག་ལྔས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། བོད་ནང་གི་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་སྐྱོ་ཤོས་ཡིན་པ་གསུངས་འདུག ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་བ། རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་མཐོང་མཆན་ཐད་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་ལེན་ཐབས་བྱེད་ཀྱི་ཡོད་པ། བྱེས་ཀྱི་གདན་ས་གསུམ་དུ་སྨོན་ལམ་འཚོགས་བཞིན་པའི་སྐོར། Wednesday 04/03/2015 Tibetans from 5 organizations offer long life prayers for the Dalai Lama Maternal and child health in Tibet is the worst in the PRC:...

རེས་གཟའ་མིག་དམར་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༣

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་དད་ལྡན་ཁག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་འདུག བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཆེད་ཨ་རིའི་གཞུང་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་ཞུ་གཏུགས་ལས་འགུལ་སྤེལ་བཞིན་འདུག རྒྱ་གཞུང་གིས་མགོ་ལོག་དང་རེབ་གོང་སོགས་སུ་དམ་དྲག་བྱས་འདུག Oslo འགྲེམས་སྟོན་ཁང་དུ་བོད་དོན་སྐོར་གྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་གནང་འདུག གླུ་གཞས་ཀྱི་ལེ་ཚན་ནང་། བོད་ནང་གི་གཞས་མ་ཚེ་དབང་ལྷ་མོ་ལགས་ཀྱིས་བླངས་གནང་བའི་སྐོར་བྲོའི་གླུ་གཞས། Tuesday 03/03/2015 Scores of Buddhist monks and nuns receive ‘Getsul’ vow from the Dalai Lama 7th Annual Tibet Lobby Day underway in Washington...

རེས་གཟའ་ཟླ་བའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༣།༠༢

བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་འདུག ཤེས་རིག་བཀའ་བློན་མཆོག་ནས་བོད་མི་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་གསུངས་འདུག རྒྱ་ནག་གི་གཏེར་བཏོན་ཁེ་ལས་དང་མཉམ་འབྲེལ་བྱེད་མཁན་ཁེ་ན་ཊའི་ཚོང་ལས་ཁང་ལ་ངོ་རྒོལ་སྤེལ་འཆར་འདུག ཐེ་ལྦན་མི་མང་གི་༢༢༨དུས་དྲན་ཐོག་མང་ཚོགས་ལ་བོད་དོན་བརྒྱུད་བསྒྲགས་གནང་འདུག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་དགེ་ལས་ཚོས་གཞན་ཕན་གྱི་སྒོ་ནས་ལས་འགན་གྲུབ་དགོས་པ་གསུངས་འདུག བོད་ཀྱི་བེུད་ལྷན་ཚོགས་ནས་སྐབས་བདུན་པའི་བཙུན་མའི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་འགོ་འཛུགས་གནང་འདུག ཨ་རི་བོད་ཁང་ནང་བོད་ཀྱི་ཡིག་གཟུགས་སྒྱུ་སྩལ་གྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འཆར་འདུག Monday 02/03/2015 First seminar of four schools of Tibetan Buddhism and Bon tradition underway Education Kalon in San Francisco, meets with local Tibeans Activists to hold...

རེས་གཟའ་ཉི་མ། ༢༠༡༥།༠༣།༠༡

གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར་སྐྱར་ཞིབ། ཁམས་པ་གར་གྱི་ཚེས་བཅུའི་འཆམ་སྐོར་ལ་དམིགས་བསལ་ལེ་ཚན། Sunday 01/03/2015 Week Review Khampa Gar’s ‘ Tsechu Cham’: Special Program ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པའི་གསར་འགྱུར་འགོ་བརྗོད། ༢༠༡༥།༠༢།༢༨

ཨ་རིའི་གྲོས་ཚོིགས་ནང་རྒྱ་གཞུང་གི་ངོས་ནས་ཨ་རིིའི་མི་མང་རྣམས་བོད་ནང་རང་དབང་ངང་འགྲོ་སྐྱོད་བཅུག་དགོས་པའི་གྲོད་ཆོད་གྲོས་འཆར་ཞིག་སྟོན་གནང་འདུག རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནས་རྒྱལ་སྤྱིའི་ནང་གི་འགྲོོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་བརྒལ་བའི་སྲིད་ཇུས་ངོས་ལེན་གནང་རྒྱུ་མེད་པའི་ཞུ་འབོད་གནང་འདུག བོད་ཀྱི་ས་ཁུལ་ཁག་ཏུ་སེམས་ཅན་པགས་པའི་གོས་མེར་བསྲེག་རྒྱུ་དང་ངན་པའི་བྱ་སྤྱོད་རིགས་མི་བྱེད་རྒྱུའི་དམ་བཅའ་བཞག་འདུག ཇར་མ་ཎི་ས་ཁུལ་༢༠ ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད་འདུག བོད་རིག་པའི་མཁས་དབང་གཅིག་གིས་དབུ་མའི་ལམ་བརྒྱུད་བོད་རྒྱ་དབར་འདྲ་མཉམ་ཡོང་གི་མ་རེད་ཅེས་གསུངས་འདུག བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཆུ་བཞི་སྒང་དྲུག་དམག་མིའི་ལོ་རྒྱུས་དང་དྲན་གསོའི་སྐོར་གྱི་གཏམ་བཤད་གནང་འདུག དམིགས་བསལ་ལེ་ཚན་ནང་། མགོན་པོ་གང་ཉིད་མཆོག་གིས་དེ་སྔོན་ཉི་ཧོང་གི་ཆོས་འབྲེལ་ཞིག་སྐབས་བསགས་བསྔགས་ཐོག་སྩལ་བའི་དུམ་བུ་ཞིག་རྒྱང་བསྲིངས་ཞུ་རྒྱུ། Saturday 28/02/2015 Reciprocal Action to Tibet Act re-introduced in US Congress HRW urges China’s NPC to take up policies undermining rule of...

རེས་གཟའ་པ་སངས། ༢༠༡༥།༠༢།༢༧

རྒྱ་གཞུང་གིས་བོིད་མི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་དྲག་པོ་བཏང་གི་ཡོད་པའི་སྙན་ཐོ་བཏོན་འདུག ཕྱི་དྲིལ་བཀའ་བློན་མཆོག་ནས་Latvia གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག ཧི་མ་ཅལ་ཁུལ་དུ་གཞུང་དང་རྩོད་རྙོག་ཡོད་པའི་ས་ཆའི་ཐོག་གནས་སྡོད་བོད་མི་རྣམས་ཕྱིར་འབུད་གཏང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ཡིག་ཆ་སྐྱར་ཞིབ་ཁྲོད་ཁ་པར་དང་དྲ་རྒྱ་སོགས་ལ་དམ་དྲག་ཆེ་རུ་གཏང་རྒྱུ་རེད་འདུག དཔལ་འབྱོར་ལས་ཁུངས་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞིའི་འོག་བདམས་ཐོན་བྱུང་བའི་ཚོང་པ་བདུན་ལ་སྔོན་འགྲོའི་སྦྱོང་བརྡར་གནང་འདུག ཁམས་ནགས་ཤོད་འབྲི་རུའི་སློབ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་རིང་མཇུག་སྒྲིལ་གནང་འདུག དམིགས་བསལ་ལེ་ཚན་ནང་། གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་ཟླ་བ་རིན་ཆེན་ལགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསར་པའི་སྐོར་བཅར་འདྲི། Friday 27/02/2015 ICT report documents endemic torture in Tibet and climate of impunity DIIR Kalon meets with Latvian members of parliament Himachal not to evict...

Latest news

- Advertisement -spot_img