Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

AUTHOR NAME

vot.org

16793 POSTS
0 COMMENTS

རེས་གཟའ་མིག་དམར། ༢༠༡༤།༡༢།༠༢

༸གོང་ས་མཆོག་ནས་ཆེན་པོ་ཧོར་གྱི་དད་ལྡན་པར་གསུང་ཆོས་དབུ་འཛུགས་མཛད། བོད་ཀྱི་དམངས་ཁྲོད་གཞས་པ་པད་མ་རིག་འཛིན་ལགས་ལ་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཆད། གྲེན་རྫོང་དཔོན་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བརྒྱུད་སྲིད་སྐྱོང་མཆོག་ལ་ཆེ་བསྟོད། ཧོང་ཀོང་གི་སློབ་མས་ཟས་བཅད་ངོ་རྒོལ་འགོ་འཛུགས། རྒྱུད་སྟོད་གྲྭ་ཚང་དུ་འཚོགས་པའི་སྔགས་ཀྱི་མཁས་པའི་བགྲོ་གླེང་མཇུག་སྒྲིལ། དམིགས་བསལ་ལེ་ཚན། པདྨ་རིག་འཛིན་ལགས་ཀྱིས་བླངས་པའི་གླུ་གཞས་གངས་ལྗོངས་དྲན་གླུ། Tuesday 02/12/2014 Dalai Lama begins teaching to Mongolian devotees Tibetan folk artist sentence for producing music with political overtones Dane...

རེས་གཟའ་ཟླ་བ། ༢༠༡༤།༡༢།༠༡

རྒྱ་གཞུང་ནས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་ཧོང་ཀོང་ནང་ཕེབས་མི་ཆོག་པའི་དམ་བསྒྲགས། བལ་བོད་ས་མཚམས་སྐྱིད་གྲོང་འགག་སྒོ་དེ་རིང་ནས་ཕྱེ་བ། ༸གོང་ས་མཆོག་ ཏུམ་ཀུར་ གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སླར་ཡང་ཆིབས་སྒྱུར་ཐུགས་གཏན་འཁེལ་འདུག བཞུགས་སྒར་དུ་འཛམ་གླིང་གཉེན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུས་པ། དམིགས་བསལ་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ངོ་སྤྲོད་ཅས་པའི་ལེ་ཚན་ནང། བོད་དང་མན་ཇུའི་འབྲེལ་བའི་སྐོར། Monday 01/12/2014 China blocks British MPs from visiting Hong Kong Kyidrong chekpost reopened, operations begin...

རེས་གཟའ་ཉི་མ། ༢༠༡༤།༡༡།༣༠

བདུན་ཕྲག་གཅིག་གི་བོད་དོན་དང་འབྲེལ་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 30/11/2014 Week review ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་སྤེན་པ། ༢༠༡༤།༡༡།༢༩

༸གོང་ས་མཆོག་གིས་སྔགས་ཀྱི་མཁས་པའི་བགྲོ་གླེང་ཐེངས་དང་པོའི་ཚོགས་དགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་པ། གཞས་པ་སྐལ་བཟང་ཡར་འཕེལ་ལགས་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་བཅད། ཨ་རི་ནང་རྒྱ་ནག་གི་ཅ་དངོས་མ་ཉོ་རོགས་ཞེས་པའི་འབོད་སྐུལ་ལས་འགུལ་སྤེལ་བ། བོད་ཀྱི་སྐྲ་བཟོ་ཁང་སྐོར་ཕྱོགས་སྒྲིག་ཞུས་པ་ཞིག ༸གོང་ས་མཆོིག་གི་གསུང་ཆོས་ཞེས་པའི་དམིགས་བསལ་ལེ་ཚན་ནང་། མགོན་པོ་༸གང་ཉིད་ཀྱིས་བཞུགས་སྒར་དུ་སྨན་བླའི་རྗེས་གནང་སྐབས་སྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མོའི་འཕྲོ་ནས། Saturday 29/11/2014 Dalai Lama graces 600th anniversary of Je Tsongkhapa’s writing of Commentary of 4 Annotations Tibetan singer in Machu...

རེས་གཟའ་པ་སངས། ༢༠༡༤།༡༡།༢༨

ལྷོ་ཨ་ཕི་རི་ཀའི་རྩ་ཁྲིམས་ནང་༸གོང་ས་མཆོག་ཁུལ་དེར་ཕེབས་ཆོག་གི་མེད་སྐོར་འཁོད་མེད་པ་གསུངས་འདུག སྲིང་སྐྱོང་མཆོག་ནས་ཁེ་ཎ་ཌ་ནང་བོད་དོན་གསུང་བཤད་གནང་འདུག རྒྱ་གར་གྱི་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བཅོས་བཏང་ནས་བོད་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་ཆབ་སྲིད་ཀྱི་ཟམ་པ་ལྟ་བུར་གྱུར་རྒྱུ་ཡོད་པ་གསངུས་འདུག མཚར་གཏམ་ཞལ་འཛུམ་ཞེས་པའི་དེབ་སྐོར་ལ་དམིགས་བསལ་བཅར་འདྲི་ཞུས་པ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་དམིགས་བསལ་ལེ་ཚན་ནང་། སྤྱི་ཚོགས་འགུལ་སྐྱོད་ཚོགས་པ། Friday 28/11/2014 No policy banning Dalai Lama: South Africa Sikyong talks on Tibet issue in Canada, meets Canadian officials Tibet can...

རེས་གཟའ་ཕུར་བུ། ༢༠༡༤།༡༡།༢༧

༸གོང་ས་མཆོག་གིས་ཧོང་ཀོང་སློབ་མ་ཚོར་དོན་དངོས་ཀྱི་ཐབས་ཇུས་ལ་རྟེན་དགོས་གལ་གསུངས་པ། ༸གོང་ས་མཆོག་གིས་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་དང་ནང་སྲིད་ཟུང་དྲུང་རྣམ་གཉིས་དང་མཇལ་འཕྲད་གནང་བ། བཞུགས་སྒར་དུ་༼རང་ལུས་མེར་སྲེག༽ཅེས་པའི་དཔེ་དེབ་དབུ་འབྱེད། མཚོ་སྔོན་མི་རིགས་སློབ་གྲྭའི་ནང་རྟགས་གསལ་འགྲན་སྡུར་ཐེངས་གསུམ་པ་འཚོགས་པ། དོལ་རྒྱལ་རྗེས་འབྲང་པ་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་སྐོར་གསུངས་པ། ཨ་རིའི་སྲོལ་རྒྱུན་ཐུགས་རྗེ་ལེགས་ཞུས་ཉིན་མོ་དང་བསྟུན་ནས་ཨ་རིའི་གཞུང་དང་༸གོང་ས་མཆོག་ལ་བཀའ་དྲིན་ཆེ་ཞུས་གནང་བ། Thursday 27/11/2014 Dalai Lama lauds spirit of Hong Kong students but calls for realistic approach Dalai Lama thanks India for Tibetan...

རེས་གཟའ་ལྷག་པ། ༢༠༡༤།༡༡།༢༦

༸གོང་ས་མཆོག་གིས་རྒྱ་གཞུང་ནས་༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ལམ་སྲོལ་ལ་སྟངས་འཛིན་བྱ་རྒྱུའི་ཐབས་ཤེས་འདི་ནི་ཀླད་པ་རྙིང་པའི་བྱེད་སྟངས་ཤིག་ཏུ་བཀའ་སྩལ་འདུག རྒྱ་གཞུང་གིས་ཁམས་མང་དགེ་དགོན་པའི་དགེ་འདུན་པ་གཅིག་འཛིན་བཟུང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ནས་རྒྱ་ནག་གི་དབང་གྱུར་འོག་བོད་མི་རྣམས་ལ་རང་དབང་མེད་པ་གསུངས་འདུག རྒྱ་དཀར་ནག་གི་ས་མཚམས་ཟེར་བ་དེ་ཀོང་རེསི་ཚོགས་པའི་སྲིད་བྱུས་ནོར་བ་ལས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་ནག་ནང་ཕྱོགས་ཕེབས་ཕྱིར་འཐེན་གནང་འདུག སྲིང་སྐྱོང་མཆོག་ནས་ཁེ་ན་ཌ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ཐད་ཐུགས་འཚབ་ཡོད་པ་གསུངས་འདུག ཁམས་དཀར་མཛེས་དར་རྩེ་མདོར་སླར་ཡང་ས་གཡོམ་གྱི་གོད་ཆག་འོག་མི་གསུམ་ལ་རྨས་སྐྱོན། ༸གོང་ས་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང་། ༸གང་ཉིད་ཀྱིས་ལ་དྭགས་མཚན་ཉིད་སློབ་གྲྭར་སྩལ་བའི་བཀའ་སློབ་སྔ་མའི་འཕྲོ། Wednesday 26/11/2014 China’s assertion of power over Dalai Lama Institution, an old thinking: Dalai Lama China arrests lone Tibetan monk...

Latest news

- Advertisement -spot_img