Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་ཚོགས་ཀྱི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཇི་ནི་ཝ་བོད་ཀྱི་དོན་ཁང་མཉམ་ཞུགས།

ཟླ་ ༡༡ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་སུད་སི་རྒྱལ་ས་ཇི་ནི་ཝ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ཡག་ལྷ་ལགས་ནས་མཉམ་ཞུགས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ལྷན་ཚོགས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་བཟོ་རིགས་ Amnesty Tech དང་།  Microsoft དེ་བཞིན་ Intel ཚོགས་པ་སོགས་ཀྱི་འཐུས་མི་མཉམ་ཞུགས་གནང་བ་དང་། ཁོང་རྣམ་པས་མིས་བཟོས་པའི་འཕྲུལ་རིགས་ Artificial Intelligence བཟོ་སྐྲུན་བྱས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གྱི་ཀུན་སློང་འཁྱེར་ཐོག་འཕྲུལ་རིགས་བཟོ་ཐབས་གལ་གནད་ཐོག་གཏམ་བཤད་གནང་འདུག སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་དཀོན་མཆོག་ཡག་ལྷ་ལགས་ཀྱིས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མིས་བཟོས་པའི་འཕྲུལ་རིགས་དབར་གྱི་འབྲེལ་བའི་སྐོར་གྲོས་བསྡུར་གནང་བ་དེ་ཡག་པོ་རེདའོན་ཀྱང་ད་ཆ་རྒྱ་གཞུང་ནས་ཆེས་དམ་དྲག་ཆེ་བའི་ས་ཁུལ་ཁག་ཏུ་མིས་བཟོས་པའི་འཕྲུལ་ཆས་མང་པོ་ཞིག་ཚོང་འགྲེམས་བྱས་ནས་འགྲོ་བ་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་ཐོག་རྒྱ་གཞུང་གིས་ལྟ་སྲུང་བྱ་རྒྱུར་སྤྱོད་བཞིན་པ་རེད་ཅེས་གསུངས་འདུག རྒྱ་གཞུང་གིས་ད་ལྟའི་ཆར་ཡུ་གུར་ནང་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་སོགས་ཆེད་དུ་བཙུགས་ནས་མི་མང་གི་ལས་དོན་ཐོག་ལྟ་སྲུང་བྱེད་བཞིན་པར་རྒྱལ་སྤྱིའི་ཁྲོད་ཚོགས་པ་དང་མི་མང་ནས་དོ་སྣང་བྱུང་བ་དེ་ལྟར་ཡང་། མང་ཚོགས་ཀྱི་མ་ཤེས་པ་ཞིག་ནི་ད་ལྟ་ཤིན་ཅང་ནང་སྤྱོད་བཞིན་པའི་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་ཆས་དེ་དག་དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤྱོད་ཡོད་པ་མ་ཟད། ད་ལྟའི་ཆར་འཕྲུལ་རིགས་དེ་དག་རྒྱལ་ཁབ་གཞན་ནང་ཚོང་འགྲེམ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག ལྷན་ཚོགས་དེར་བཅར་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཕྲུལ་ལས་རིག་པའི་སྡེ་ཚན་གྱི་སློབ་སྟོན་པ་སྐུ་ཞབས་ Eimear Farrel ལགས་ཀྱིས་དམ་དྲག་ཅན་གྱི་རྒྱལ་ཁབ་ཁག་གཅིག་ཏུ་མིས་བཟོས་པའི་འཕྲུལ་རིགས་རྐྱེན་པས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པརེད། དཔེར་ན་བོད་ལྟ་བུར་ཆ་མཚོན་ན་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིགས་རྣམས་བརྟག་གནས་ལྟ་བུར་གྱུར་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག བོད་ནང་སྤེལ་བཞིན་པའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་ཀྱི་རེད་ཅེས་ནན་གསུངས་གནང་འདུག ལྷན་ཚོགས་ཀྱི་ཚོགས་འདུ་སྟངས་འཛིན་པ་ Dunstan Allison -Hope ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འཕྲུལ་རིགས་བཟོ་ལས་པ་ཙམ་གྱི་གནད་དོན་དུ་མ་བཞག་པར་གཞི་རིམ་མང་ཚོགས་ནས་དེའི་ཐོག་གླེང་སློང་གནང་གལ་ཡིན་པ་གསུངས་འདུག རྩ་བའི་ཨ་རི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཉེ་ཆརཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་ཐོག་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་དང་ངོ་གདོང་ཆ་འཛིན། གནས་བསྡུ་དཔྱད་ཞིབ་སོགས་ཀྱི་འཕྲུལ་རིགས་ཁག་རྒྱལ་ཁབ་གཞན་ནང་ཚོང་འགྲེམས་དང་དེ་ལྟར་ཆེད་འཛུགས་གནང་རྒྱུའི་ཐད་སྦྱོང་བརྡར་སྤྲད་མགོ་བཙུགས་ཟིན་པ་མ་ཟད། རྒྱ་གཞུང་ནི་དྲ་རྒྱའི་རང་དབང་ཐད་ཆེས་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཡིན་པ་མངོན་གསལ་དང་འབྲེལ་ཏེ། འདས་པའི་ལོ་ཤས་ནང་འཛམ་གླིང་གི་ཕྱོགས་གཞན་ཁག་ཏུའང་རྒྱ་གཞུང་གི་ཤུགས་རྐྱེན་དབང་གིས་དྲ་རྒྱའི་རང་དབང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་ཡོད་པ་བཀོད་ཡོད་པ་རེད།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དུས་ཚེས་ངེས་མེད་བར་ཕྱིར་འགྱངས།

བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ཀྱིས་རྐང་གོ་སྒྲོག་འོག་བཞུགས་སྒར་དྷ་རྨ་ས་ལར་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་ནས་རེས་གཟའ་སྤེན་པ་བར་ཉིན་གྲངས་གསུམ་རིང་འཚོགས་གཏན་ཁེལ་བའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༣ པ་དེ་རེ་ཞིག་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་རྒྱུར་ཐུགས་ཐག་བཅད་འདུག གཞི་རྩའི་ཐེངས་འདིའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དེ་གངས་ཅན་སྐྱིད་ཤོངས་སུ་ཉེ་ཆར་གསར་རྒྱག་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁང་རྩེག་གསར་པ་ T building ཚོགས་ཁང་དུ་འཚོགས་གཏན་ཁེལ་ཡོད་པ་མ་ཟད་ཆོས་ཚོགས་ཀྱི་ཉིན་མཐའ་མ་སྟེ་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཚོགས་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་སོགས་མཛད་རིམ་ཡོངས་རྫོགས་བང་སྒྲིག་ཡོད་པ་རེད། འོན་ཀྱང་ཁ་ཉིན་ཕྱི་ཚེས་ ༢༤ ཉིན་ཆོས་རིག་ལས་ཁུངས་ནས་ཡོངས་ཁྱབ་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ཉེ་ཆར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་མཚོན་ཆེད་དང་། སྔ་འགྱུར་རྙིང་མ་གཙོ་གྱུར་ཆོས་བརྒྱུད་གཞན་རྣམས་ཀྱི་བླ་སྤྲུལ་མཁན་སློབ་ཆེ་ཁག་གཞན་མང་པོ་ཡང་གོང་གསལ་གནས་ཚུལ་ལ་བརྟེན་ནས་ཆོས་ཚོགས་ཐོག་ཕེབས་སྟབས་མི་འགྲིག་པ་འགྱུར་ངེས་ཀྱི་རྒྱུ་མཚན་ལ་གཟིགས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༣ པ་དེ་དུས་ཚེས་ངེས་མེད་བར་ཕྱིར་འགྱངས་གནང་དགོས་བྱུང་ཞེས་འཁོད་འདུག འདི་ག་རླུང་འཕྲིན་ཁང་ནས་གསལ་བསྒྲགས་དེ་དང་འབྲེལ་དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཆོས་ཚོགས་ཐེངས་ ༡༣ པ་དེ་མ་འོངས་ནམ་ཚོགས་ཐུབ་མིན་སོགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་རིམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དབུ་ཁྲིད་བླ་ཆེན་རྣམ་པའི་མཛད་འཆར་དང་། ལྷག་པར་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་གསར་པ་ཕེབས་རྒྱུའི་དུས་ཚོད་སོགས་དང་སྟབས་བསྟུན་ཏེ་གང་མགྱོངས་གོ་སྒྲིག་ཞུ་འཆར་ཡོད་པ་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མྱ་ངན་རྗེས་དྲན་ཞུས་པ།

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་ ༦༤ ཐོག་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ཀྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པ་ལས་མཚམས་བཞག་ཏེ་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་རིན་པོ་ཆེ་མཆོག་བལ་ཡུལ་ཡང་ལ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི་སྐུ་མཚམས་བཞུགས་ཡུལ་ནས་ཞབས་ཐང་ཐོག་ཕྱིར་ཕེབས་གནང་སྐབས་ལམ་འཕྲང་མི་བདེ་སར་ཞབས་སྣེ་འདྲེད་པའི་དབང་གིས་གློ་བུར་དུ་སྐུ་གཤེགས་འདུག་པ་དང་། རིན་པོ་ཆེ་མཆོག་བཞུགས་སྒར་དུ་འཚོགས་ལ་ཉེ་བའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་བཅུ་གསུམ་པར་ཕེབས་རྒྱུའི་གྲ་སྒྲིག་སོགས་ཀྱི་སླད་སྐུ་མཚམས་བཞུགས་ཡུལ་ནས་ཕྱིར་ཕེབས་སྐབས་སྐུ་གཤེགས་པའི་དོན་རྐྱེན་བྱུང་འདུག རྩ་བའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ད་ལྟའི་ཆར་དགུང་ལོ་ ༦༤ ལ་ཕེབས་ཡོད་པ་དང་། རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་བོད་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་སྟེ། སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་དུ་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཡོད་པ་རེད། རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་གཞག་གིས་ཁྲི་འདོན་མཛད་ཡོད་པ་རེད།

སྲིད་སྐྱོང་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་སྐབས་རྒྱ་རིགས་སློབ་ཕྲུག་ནས་ངོ་རྒོལ་བྱས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་  Scarborough ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་Hart House ཚོགས་ཁང་དུ་ཆེད་ཕེབས་གནང་བ་དང་བསྟུན་གཙུག་ལག་སློབ་ཁང་དེའི་རྒྱ་རིགས་སློབ་མ་ཁག་གཅིག་ནས་ངོ་རྒོལ་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།   སྲིད་སྐྱོང་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་ཁང་གིས་གོ་སྒྲིག་འོག་གསུང་བཤད་གནང་སླད་ཕེབས་སྐབས།  རྒྱ་རིགས་སློབ་མ་ཁག་གཅིག་གིས་གཏམ་བཤད་གནང་སའི་ཚོགསཁང་ HartHouse ཡི་རྒྱལ་སྒོར་རྒྱ་དམར་པོའི་དར་ཆ་དང་།   སྦྱར་ཤོག་འཁྱེར་ཐོག་ངོ་རྒོལ་བྱས་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་རིང་གི་འདུ་འཛོམས་དེ་སྨྲ་བརྗོད་རང་དབང་སྲུང་བརྩི་གནང་བའི་ཉིན་མོ་ཡིན་པ་དང་།  འདུ་འཛོམས་ཐོག་འཛོམས་པའི་མི་མང་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་བཞིན་སྒོ་ཕྱིར་ངོ་རྒོལ་བྱེད་མཁན་ཚོ་ལའང་དེ་ལྟར་ཐོབ་ཐང་ཡོད་པ་དེ་ལྟར་ཡང་།  བོད་ནང་དུ་ངོ་རྒོལ་གནང་རྒྱུའི་ཐོབ་ཐང་མེད་པ་དང་།  གལ་ཏེ་དེ་ལྟར་གནང་ཚེ་རྒྱ་གཞུང་གིས་དེ་མ་ཐག་བཙོན་འཇུག་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུགབོད་མི་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་དགག་པ་མཐའ་གཅིག་ཏུ་ཡོད་སྐོར་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་སེལ་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་འདུ་འཛོམས་ཐོག་རྒྱ་རིགས་ཤིག་གིས་བོད་རྒྱལ་ཁབ་དེ་སུས་འཛིན་སྐྱོང་བྱ་དགོས་ཀྱི་རེད་དམ་ཞེས་དྲི་བ་བཏང་བ་དང་།  སྲིད་སྐྱོང་མཆོག་གིས་བོད་དེ་བོད་མི་ཚོས་བདག་སྐྱོང་གནང་དགོས་པ་དང་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ནས་ལོ་ངོ་ ༦༠ འདིའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པ་དེར་གནས་རིམ་མཐོ་བ་དཔེར་ན་དྲུང་ཆེ་ལྟ་བུར་རྒྱ་རིགས་ལས་བོད་པ་བསྐོ་གཞག་གནང་མྱོང་མེད་པ་དང་།   རྒྱའི་ཡིག་ཆ་དཀར་པོའི་ནང་བོད་མི་རྣམས་རང་གི་ལུང་པའི་བདག་སྐྱོང་བྱེད་མཁན་གཙོ་བོ་ཡིན་པ་བཀོད་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་དབྱེ་འབྱེད་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་འདུག  བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ནས་རང་རྒྱལ་ཁབ་ཀྱི་ཁྲིམས་ལག་ལེན་དུ་བསྟར་དགོས་པ་དང་།  རང་གི་རྩ་ཁྲིམས་ལ་གུས་བརྩི་བྱེད་དགོས་སྐོར་བསྐྱར་ནན་གསུངས་འདུག དེ་དང་ཕྱོགས་མཚུངས་རྒྱ་རིགས་གཞན་ཞིག་གིས་རང་ཉིད་སོ་སོ་བོད་ལ་ཕྱིན་སྐབས་སློབ་གྲྭ་ཁག་ཏུ་བོད་ཡིག་འཛིན་གྲྭ་དང་བོད་པའི་གནའ་རབས་ཀྱི་གླུ་གཞས་བླངས་ཀྱི་ཡོད་སྐོར་དང་འབྲེལ་ནས་དྲིས་པར་སྲིད་སྐྱོང་མཆོག་གིས་རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་དང་། ཉེན་རྟོག་པ། དེ་བཞིན་དམག་མི་སོགས་ཀྱིས་བོད་མི་ཚོར་བོད་ནང་བདེ་སྐྱིད་འདུག་གམ་ཞེས་དྲིས་པར་ཁོང་རྣམས་ཀྱིས་བདེ་སྐྱིད་འདུག་ཞེས་ལན་གནང་བ་མ་གཏོགས་དེར་ལན་མི་འགྲིག་པ་བྱུང་ཚེ་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན་པ་ཤེས་པས་དེ་ལྟར་བརྗོད་ཀྱི་རེད་ཅེས་ལན་གནང་ཡོད་པ་རེད། གཞི་རྩའི་ཁ་སང་གི་འདུ་འཛོམས་དེའི་ཐོག་འཛོམས་པའི་རྒྱ་རིགས་སློབ་ཕྲུག་ནས་མ་འོངས་པར་བོད་མི་དང་ལྷན་དུ་བགྲོ་གླེང་གི་འདུ་འཛོམས་འདི་ལྟར་གོ་སྒྲིག་ཞུ་རྒྱུ་འདུན་པ་ཡོད་པའི་རྣམ་པ་ཆེད་མངོན་གནང་བ་དང་། སྲིད་སྐྱོང་མཆོག་ནས་དེར་དགའ་མོས་དང་། དེ་ལྟར་འདུ་འཛོམས་བསྐོང་ཐོག་བོད་མི་དང་ལྷན་དུ་ཐུག་འཕྲད་བྱ་རྒྱུའི་སེམས་ཤུགས་སྤར་འདུག རྩ་བའི་སྲིད་སྐྱོང་མཆོག་སང་ཕྱི་ཚེས་ ༢༡ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་ནང་ཕེབས་རྒྱུ་ཡིན་པ་དང་བོད་རིགས་ཚོར་བཀའ་སློབ་གནང་རྒྱུ། དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུ་རྒྱུ་རེད་འདུག

རྒྱ་གར་ཡུལ་མི་ཁག་གཅིག་གིས་གྷོ་ཧཱ་ཊི་ནས་མོན་རྟ་དབང་བར་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

ཁ་སང་ཚེས་ ༡༩ ཉིན་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་སྡེའི་ Guwahati གྲོང་ཁྱེར་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༠ ནས་ཚོགས་ཞུགས་མི་སྣ་༤༠༠ ལྷག་ཆེད་བཅར་གྱིས་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག ཞི་བའི་གོམ་བགྲོད་ཀྱི་མཛད་སྒོའི་ཐོག་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ JagdishMukhiམཆོག་དང་།Bharat Tibet SahyogManch འམ་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་Indresh  Kumar ལགས་གཉིས་དབུ་བཞུགས་ཐོག་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་དབུ་འབྱེད་གནང་བ་དང་སྦྲགས།  བོད་དོན་རྒྱབ་སྐྱོར་ནི་རྒྱ་གར་གྱི་བདེ་འཇགས་ཡིན་སྐོར་གསུང་བཤད་གནང་འདུགརླུང་འཕྲིན་ཁང་གིས་མཛད་སྒོ་ཐོག་ཆེད་བཅར་ཞུས་པའི་ཤི་ལོང་བོད་མིའི་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་གོ་སྐབས་དེའི་བརྒྱུད་ནས་བོད་དོན་ཁྱབ་བསྒྲགས་ཡག་པོ་བྱུང་ཡོད་པ་དང་། དམིགས་བསལ་བྱང་ཤར་ཁུལ་དེ་བོད་དང་ས་འབྲེལ་ཡིན་པར་བརྟེན་ད་ཐེངས་ཀྱི་ལས་འགུལ་དེ་གལ་གནད་རང་བཞིན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་། ལྷག་དོན་ས་གནས་བོད་མིའི་སྐུ་ཚབ་ཀྱི་ཐོག་ནས་ལས་འགུལ་གྱི་ནང་ཞུགས་མཁན་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་སྐོར་ངོ་སྤྲོད་གནང་ཡོད། རྩ་བའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཀྱང་མཛད་སྒོའི་ཐོག་ལྷན་ཞུགས་མཛད་པ་མ་ཟད། ཁོང་གིས་ཕྱི་ཚེས་༡༨ ཉིན་མངའ་སྡེའི་སྲིད་སྐྱོང་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་གནང་ནས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ནི་དུས་རབས་མང་པོ་བརྒྱུད་ནས་ཡོང་བ་ཞིག་ཡིན་པ་དང་།  དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཡང་རྒྱ་གར་ནས་དར་བའི་ནང་ཆོས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།རྒྱ་ནག་གིས་བོད་ས་བཙན་འཛུལ་བྱེད་སྐབས་༸ གོང་ས་མཆོག་གིས་གཙོས་པའི་བོད་འབངས་སྟོང་ཕྲག་ཁ་ཤས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཡོད་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ། རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པར་གསུངས་ནས་ཐུགས་རྗེ་ཆེ་ཞུས་འདུག རྩ་བའི་བོད་དོན་རྒྱབ་སྐྱོར་གྱི་ཞི་བའི་གོམ་བགྲོད་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་དབུ་འཛུགས་གནང་ཡོད་པ་དང་ད་རེས་གོམ་བགྲོད་དེ་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་གོམ་བགྲོད་ལས་འགུལ་དེ་ཁ་སང་ཚེས་༡༩ཉིན་ཨ་སམ་ཀྱི་ས་གནས་Guwahati ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་གནས་མོན་རྟ་དབང་དུ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད།

ཁེ་ན་ཌ་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ལྔ་དང་ཕྱེད་ཀ་ཙམ་གནང་རྒྱུ་ཡོངས་བསྒྲགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཚེས་ཤར་ནས་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང་། ཁ་སང་ཚེས་ ༡༨ ཉིན་སྲིད་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཕེབས་པ་དང་སྟབས་བསྟུན། གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཐོག་ཁུལ་དེར་དགོང་དྲོའི་གསོལ་སྟོན་ལྷན་འཛོམས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས། སྐུ་ཞབས་ Sven Spengeman ལགས། དེ་གཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ལྷན་ཞུགས་གནང་འདུགསྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ལང་དཀར་ལགས་ཀྱིས་གསོལ་སྟོན་ལྷན་འཛོམས་ཀྱི་དགོས་དམིགས་གཙོ་བོ་ནི་ད་བར་ཁེ་ན་ཌ་གཞུང་མང་ནས་བོད་མིའི་བདེ་དོན་སླད་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུའི་སླད་དུ་ཡིན་སྐོར་སོགས་ངོ་སྤྲོད་གནང་བ་དང་། སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ནས་སྲིད་སྐྱིང་མཆོག་གིས་གཙོས་པའི་བོད་མི་རྣམས་ལ་དམིགས་བསལ་གྱི་འཚམས་འདྲི་དང་འབྲེལ་འདས་པའི་ལོ་དུས་ནང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་བདེ་དོན་སྤྱི་དང་རྒྱ་གར། བལ་ཡུལ དེ་བཞིན་འབྲུག་བཅས་ཀྱི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏང་རྒྱུ་གལ་ཆེར་གཟིགས་ཏེ་ཁེ་ན་ཌའི་སྲིད་གཞུང་དང་འབྲེལ་ཡོད་འཐུས་མི་རྣམས་ལ་ཞུ་སྐུལ་གནང་དོན་ལྟར། ད་ལྟའི་ཁེ་ན་ཌ་གཞུང་ནས་ནས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ལྔ་དང་ཕྱེད་ཀའི་རོགས་རམ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པར་ཡོངས་བསྒྲགས་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་དང་སྐུ་ཞབས་ Sven Spengeman ལགས་གཉིས་ནས་རོགས་རམ་དེའི་བརྒྱུད་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་ཕན་ཐོགས་ཆེན་པོ་བྱུང་བར་རེ་བ་ཡོད་སྐོར་གསུངས་པ་དང་སྦྲགས། ལས་གཞི་འདིའི་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ད་རེས་ཁེ་ན་ཌའི་གཞུང་ནས་ཨ་སྒོར་ས་ཡ་ལྔ་དང་ཕྱེད་ཀའི་རོགས་རམ་གནང་རྒྱུ་ཡོགས་བསྒྲགས་གནང་བ་དེ་དག་གཙོ་བོ་ཤེས་རིག་ལས་ཁུངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། མ་དངུལ་དེས་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བོད་ཕྲུག་གི་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏང་རྒྱུ་དང་། དངུལ་གྱི་དཀའ་ངལ་གྱི་ངལ་བའི་ཐོག་ནས་སློབ་སྦྱོང་མུ་མཐུད་གནང་མ་ཐུབ་མཁན་ཚོར་རོགས་རམ་གནང་རྒྱུ། ལྷག་པར་དུ་མ་འོངས་པའི་བོད་ཀྱི་འགོ་ཁྲིད་དང་སོན་རྩ་གསོ་སྐྱོང་ཆེད་ཕན་ངེས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རོགས་རམ་མ་དངུལ་དེ་ཐོབ་ཆེད་ཞུ་སྐུལ་དང་རྒྱབ་སྐྱོར་འཚོལ་མཁན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་དང་སྐུ་ཞབས་ Sven Spengeman ལགས། ཁེ་ན་ཌའི་སྲིད་གཞུང་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཚེས་ཤར་ནས་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང་། ཁ་སང་ཚེས་ ༡༨ ཉིན་སྲིད་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཕེབས་པ་དང་སྟབས་བསྟུན། གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཐོག་ཁུལ་དེར་དགོང་དྲོའི་གསོལ་སྟོན་ལྷན་འཛོམས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས། སྐུ་ཞབས་ Sven Spengeman ལགས། དེ་གཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ལྷན་ཞུགས་གནང་འདུག སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ལང་དཀར་ལགས་ཀྱིས་གསོལ་སྟོན་ལྷན་འཛོམས་ཀྱི་དགོས་དམིགས་གཙོ་བོ་ནི་ད་བར་ཁེ་ན་ཌ་གཞུང་མང་ནས་བོད་མིའི་བདེ་དོན་སླད་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུའི་སླད་དུ་ཡིན་སྐོར་སོགས་ངོ་སྤྲོད་གནང་བ་དང་། སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ནས་སྲིད་སྐྱིང་མཆོག་གིས་གཙོས་པའི་བོད་མི་རྣམས་ལ་དམིགས་བསལ་གྱི་འཚམས་འདྲི་དང་འབྲེལ་འདས་པའི་ལོ་དུས་ནང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་བདེ་དོན་སྤྱི་དང་རྒྱ་གར། བལ་ཡུལ དེ་བཞིན་འབྲུག་བཅས་ཀྱི་ནང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏང་རྒྱུ་གལ་ཆེར་གཟིགས་ཏེ་ཁེ་ན་ཌའི་སྲིད་གཞུང་དང་འབྲེལ་ཡོད་འཐུས་མི་རྣམས་ལ་ཞུ་སྐུལ་གནང་དོན་ལྟར། ད་ལྟའི་ཁེ་ན་ཌ་གཞུང་ནས་ནས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་ལྔ་དང་ཕྱེད་ཀའི་རོགས་རམ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་དང་སྐུ་ཞབས་ Sven Spengeman ལགས་གཉིས་ནས་རོགས་རམ་དེའི་བརྒྱུད་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་ཕན་ཐོགས་ཆེན་པོ་བྱུང་བར་རེ་བ་ཡོད་སྐོར་གསུངས་པ་དང་སྦྲགས། ལས་གཞི་འདིའི་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་སྲིད་གཞུང་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ད་རེས་ཁེ་ན་ཌའི་གཞུང་ནས་ཨ་སྒོར་ས་ཡ་ལྔ་དང་ཕྱེད་ཀའི་རོགས་རམ་གནང་རྒྱུ་ཡོགས་བསྒྲགས་གནང་བ་དེ་དག་གཙོ་བོ་ཤེས་རིག་ལས་ཁུངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། མ་དངུལ་དེས་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བོད་ཕྲུག་གི་ཤེས་ཡོན་སྤུས་ཚད་ཡར་རྒྱས་གཏང་རྒྱུ་དང་། དངུལ་གྱི་ངལ་བའི་ཐོག་ནས་སློབ་སྦྱོང་མུ་མཐུད་གནང་མ་ཐུབ་མཁན་ཚོར་རོགས་རམ་གནང་རྒྱུ། ལྷག་པར་དུ་མ་འོངས་པའི་བོད་ཀྱི་འགོ་ཁྲིད་དང་སོན་རྩ་གསོ་སྐྱོང་ཆེད་ཕན་ངེས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རོགས་རམ་མ་དངུལ་དེ་ཐོབ་ཆེད་ཞུ་སྐུལ་དང་རྒྱབ་སྐྱོར་འཚོལ་མཁན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་དང་སྐུ་ཞབས་ Sven Spengeman ལགས། ཁེ་ན་ཌའི་སྲིད་གཞུང་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག

འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇར་མན་གྱི་མང་ཚོགས་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཐད་གསུང་བཤད་གནང་བ་དང་འབྲེལ། བོད་ཀྱི་མ་འོངས་གནས་བབ་དེ་ནི་བོད་ནང་གི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང་། ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་གལ་ཡིན་པར་གསུང་བཤད་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་ཉིན་ཚེས་ ༡༡ ཉིན་འཇར་མ་ནིའི་ Frieburg གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཀེ་ལ་ཤི་བོད་ཁང་དུ་རྒྱུན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཚོ་སྣོན་རོགས་སྐྱོར་ཤུགས་ཆེ་གནང་མཁན་འཇར་མ་ནི་ནང་གི་ཁེ་མེད་ཚོགས་པ་ Tibet Forderkreis eV ཡིས་གོ་སྒྲིག་འོག་འཇར་མན་མང་ཚོགས་ཁག་གཅིག་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ཐད་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཁེ་མེད་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Wilfried Pfeffer ལགས་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཆེད་ཕེབས་གནང་བ་དེས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པར་ངོས་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་འདུགབོད་མའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་གི་དྲྭ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ཚེ་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་ནི་འཛམ་གླིང་གི་སྣེ་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། བོད་ཁ་བ་གངས་ཅན་གྱི་ལྗོངས་ནི་འཁྱགས་རོམ་ ༤༦༠༠༠ ལྷག་གི་ལྟེ་གནས་ཆགས་ཡོད་པས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་འཐུང་ཆུའི་འགོ་ཁུངས་ལྟ་བུ་ཡིན་ནའང་། ད་ཆ་རྒྱ་ནག་གི་གཙང་ཆུ་ཁ་བསྒྱུར་དང་རང་བྱུང་གཏེར་ཁ་སྔོག་འདོན་སོགས་ཀྱི་བྱ་སྤྱོད་ཀྱིས་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་ནི་ཧ་ཅང་གི་ཛ་དྲག་གི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་བོད་མཐོ་སྒང་གི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན།མང་གཙོ་སོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། དེ་དག་ནི་རྒྱལ་སྤྱིའི་མང་ཚོགས་སྤྱི་དང་སྒོས་སུ་འཇར་མ་ནིའི་མང་ཚོགས་ཀྱིས་ཆེས་གཅེས་པར་འཛིན་པའི་རིན་ཐང་ཞིག་ཡིན་སྟབས། དེ་ནི་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཁོང་ཉེ་ཆར Spain གྱི་གྲོང་ཁྱེར་ Madrid ནང་རྒྱལ་སྤྱའི་ཚོང་འབྲེལ་ཀྱི་ཚོགས་ཆེན་ཞིག་ཏུ་མགྲོན་འབོད་གནང་སྐབས་རྒྱ་ནག་གཞུང་ཚབ་ཁང་གིས་ལས་རིམ་གོ་སྒྲིག་པ་རྣམས་ལ་གནོན་ཤུགས་སྤྲད་དེ་ཁོང་ཚོགས་ཆེན་དེར་བཅར་ཐབས་མེད་པར་བཀག་འགོག་བྱས་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་གནོན་ཤུགས་ཇི་ཙམ་སྤྲོད་ཀྱང་ངས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། མང་གཙོ་བཅས་ཀྱི་ཆེད་དུ་རྒྱ་ནག་ལ་གདོང་ལེན་མུ་མཐུད་བྱ་ངེས་ཡིན་ཞེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་མི་སུ་ཞིག་གིས་བོད་དོན་དང་འབྲེལ་བའི་གླེང་སློང་གནང་བར་བཀག་འགོག་བྱེད་བཞིན་པ་དེས་བོད་ནང་གི་བཙན་གནོན་རང་བཞིན་གྱི་གནས་སྟངས་དེ་མཚོན་ཐུབ་པ་ཞིག་དང་། ཟླ་འདིའི་ཚེས་ ༤ ཉིན་བོད་མདོ་སྨད་རྔ་བ་རྫོང་དུ་རྒྱལ་གཅེས་པ་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ད་ཆ་བོད་ནང་དུ་རྒྱ་ནག་གི་བཙན་གནོན་རྐྱེན་པས་བོད་མི་ ༡༥༣ ནས་རང་བསྲེགས་གནང་ཡོད་པར་འགྲེལ་བརྗོད་བསྐྱར་ནན་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཀྱི་འོག་ནས་བོད་དུ་ཞི་བདེ་སྐྲུན་ཐབས་དང་ཡར་རྒྱས་གཏོང་ཐབས་སོགས་ཁས་ལེན་གྱིས་ལམ་ཁ་གསར་རྒྱག་གི་འཛུགས་སྐྲུན་ལས་གཞི་འགོ་འཛུགས་བྱེད་བཞིན་ཡོད་ནའང་། དེ་ནི་རྒྱ་ནག་གི་དམག་མི་དང་གཡུལ་འགྱེལ་གྱི་གོ་མཚོན་ནང་འདྲེན་བྱེད་པ་ཞིག་ཡིན་པ་དང་། བྱེད་སྟངས་དེ་ནི་སྔོན་ཆད་རྒྱ་ནག་ཇི་ལྟར་བོད་དུ་འཛུལ་བར་བརྟེན་ནས་ང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ཤོར་ཡོད་སྟབས་ད་ཆ་ང་ཚོས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་བླངས་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་སྲིད་སྐྱོང་མཆོག་ཟླ་སྔོན་མའི་ཚེས་ ༢༩ ཉིན་གཞུང་འབྲེལ་གྱི་འཚམས་གཟིགས་སུ་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལི་དང། དེ་རྗེས་སི་པེན་གྱི་ Madrid དང་སུད་སིའི་ Geneva གྲོང་ཁྱེར་བཅས་སུ་ཆེད་ཕེབས་གནང་ཡོད་པ་མ་ཟད། འཇར་མ་ནི་དང་དེ་རྗེས་ཨ་རི། ཁེ་ན་ཌ། དེ་ཞིན་ Netherlands བཅས་སུ་ཕེབས་གཏན་འཁེལ་ཡོད་པ་རེད།

བོད་དང་ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལྷན་ཚོགས།

བདུན་རྗེས་མའི་རེས་གཟའ་མིག་དམར་ཉིན་Swiss གྲོང་ཁྱེར་Geneva ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མེད་དང་། ད་ལྟའི་གནས་སྟངས་ཇི་ཡིན་སོགས་དང་འབྲེལ་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐེངས་གསུམ་པ་དེ་གནང་གཏན་འཁེལ་པ་དང་བསྟུན། ཁ་སང་ཁུལ་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ནས་བོད་དང་ཡུ་གུར། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཇི་ནི་ཝའི་ལྷན་ཚོགས་ ༢༠༡༨ ཞེས་པ་ཞིག་གོ་སྒྲིག་ཞུས་འདུག སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Lisa Mazzone མཆོག་གིས་དབུ་འབྱེད་གནང་པའི་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ། ཨ་རིའི་ Pomona གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Dru C. Gladney ལགས། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་Wuer Kaixi ལགས་དང་གསར་འགོད་པ་ Min Mitchell ལགས། ནང་སོག་དྲིལ་བསྒྲགས་བསྟི་གནས་ཁང་གི་འགན་འཛིན་ Engnebatu Togoc ལགས། གཞན་ཡང་རྒྱ་ནག་དང་ཡུ་གུར། ལྷོ་སོག དེ་བཞིན་ཧོང་ཀོང་བཅས་ཀྱི་གནད་དོན་ཐོག་ཐུགས་སྣང་ཡོད་པའི་ས་གནས་མི་སྣ་དང་གསར་འགོད་པ་སོགས་ནས་ལྷན་ཞུགས་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ལོ་དུས་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལྷན་དུ་འབྲེལ་བ་བཞག་སྟེ་རིམ་པས་རྒྱ་ནག་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དེ་འགྲོ་བ་མིའི་ཐོབ་ཐང་ལ་གུས་རྩི་ཞུ་མཁན་ཞིག་ཆགས་ཀྱི་རེད་བསམ་ནས་བསྡད་ཡོད་ཀྱང་། ང་ཚོས་འདས་པའི་ལོ་ངོ་ཉི་ཤུ་ལ་ཕྱིར་མིག་ཞིག་བལྟ་ན། རྒྱ་ནག་འདི་བཟང་ཕྱོགས་ཀྱི་ཐོག་ལ་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར། རྒྱ་ནག་གིས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ལ་ནོན་ཤུགས་འདྲ་མིན་ཐོག་ནས་ཁ་ཕྱོགས་བསྒྱུར་བཞིན་པ་རེད་ཅེས་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་ནས་ཡོ་རོབ་ Madrid དང་ Norway དེ་བཞིན་Australia དང་Swiss སོགས་ནས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཕྱོགས་གང་ས་ནས་རྒྱ་ནག་ལ་བསྟུན་མཁས་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་དེ་སྔ་རྒྱ་ནག་ལ་ Most Favoured Nation ཞེས་ཚོང་འབྲེལ་གྱི་གནས་བབས་སྤྲད་པ་དང་། རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་སོགས་ཕུལ་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་རྩ་བ་ནས་བཏང་མེད་པ་མ་ཟད། བར་སྐབས་ནས་རྒྱ་ནག་ཕྱོགས་ནས་ཡུལ་དེ་དག་གི་ཆབ་སྲིད་དང་ཤེས་ཡོན་གྱི་བསྟི་གནས། དེ་བཞིན་འོས་བསྡུ་སོགས་ཀྱི་ལས་དོན་ནང་ཐེས་བྱུས་ཤུགས་ཆེ་རུ་བཏང་སྟེ་རང་ཉིད་ཀྱི་དབང་ཐང་རྒྱ་སྐྱེད་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དར་ཁྱབ་གཏོང་བཞིན་པ་སོགས་ཀྱང་གསུངས་འདུག དེ་བཞིན་སྐབས་དེར་སྲིད་སྐྱོང་མཆོག་གིས་ལྷན་ཚོགས་དེའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ལ་རྒྱ་ནག་གི་རྒྱུད་ཅིག་ལམ་ཅིག་གི་སྲིད་བྱུས་དང་འབྲེལ། ལོ་ངོ་དྲུག་ཅུའི་གོང་ལ་རྒྱ་ནག་གི་ལམ་ཅིག་སྲིད་བྱུས་འོག་བོད་འདི་བཙན་འཛུགས་བྱས་ཡོད་སྟབས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་རྒྱ་ནག་གི་སྲིད་བྱུས་དེར་དོགས་ཟོན་བྱེད་དེ་བོད་ལྟ་བུ་རྒྱ་ནག་འོག་མ་ཚུད་པ་བྱེད་དགོས་པ་ཡང་གསུངས་འདུག

བཀའ་བློན་རྣམས་ཀྱིས་ཉིན་གཅིག་གི་ཕོགས་འབབ་ཨོ་རི་ས་བོད་མའི་གཞིས་སྒར་ལ་ཞལ་འདེབས་གནང་བ།

ཟླ་བ་སྔོན་མའི་ཚེས་ ༡༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ titli ཞེས་པའི་དྲག་ཆར་རླུང་འཚུབ་དྲག་པོ་རྒྱག་ཏེ་མང་ཚོགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་ཉིན་གཅིག་གི་ཕོགས་འབབ་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་ཞལ་འདེབས་གནང་བ་དང་ཆབས་ཅིག་ཆབས་ཅིག་ཏུ་སྲི་ཞུ་ལས་བྱེད་རྣམས་ནས་ཀྱང་དེ་ལྟར་དགོངས་བཞེས་གནང་གལ་ཡིན་པར་འབོད་སྐུལ་གནང་འདུག དེ་ཡང་བཀའ་དྲུང་ཡིག་ཚང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་བཀོད་ཁྱབ་གནང་བའི་ནང་གསལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཉིན་གཅིག་གི་ཕོགས་འབབ་ཞལ་འདེབས་གནང་བ་དང་ཆབས་ཅིག་ཏུ་སྲི་ཞུ་ལས་བྱེད་རྣམས་ནས་ཀྱང་དེ་ལྟར་དགོངས་བཞེས་གནང་རྒྱུར་འབོད་སྐུལ་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་སར་ནས་ཞལ་འདེབས་ཇི་བྱུང་རྣམས་ནང་སྲིད་ལས་ཁུངས་སུ་དབུས་ལས་ཁུངས་ཁག་ནས་ཟླ་བ་འདིའི་ཚེས་ ༡༠ ནང་ཚུད་འབུལ་དགོས་པ་དང་། དེ་བཞིན་ཕྱོགས་མཐའི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་རྣམས་ཀྱི་ཞལ་འདེབས་རྣམས་ཟླ་བ་འདིའི་ཚེས་ ༣༠ ནང་ཚུད་འབུལ་ཐབས་གནང་ཟིན་དགོས་པའི་འབོད་སྐུལ་གནང་འདུག རྩ་བའི་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཟླ་བ་སྔོན་མའི་ཚེས་ ༡༠ ཉིན་ titli ཞེས་པའི་དྲག་ཆར་རླུང་འཚུབ་ཀྱི་དོན་རྐྱེན་ཞིག་བྱུང་བའི་འོག་ས་ཞིང་ཨེ་ཀར་ ༡༧༠༠ ལྷ་ལ་གནོད་འཚེ་ཕོག་ཡོད་པ་དང་། ཤིང་འབྲས་ཅན་གྱི་སྡོང་པོ་ ༡༥༠༠ ཙམ་ཞིག་རྩ་མེད་དུ་ཕྱིན་ཡོད་པ་རེད། ཁང་ཁྱིམ་ ༦༠ ཡས་མས་ཤིལ་ལ་གནོད་སྐྱོན་བྱུང་ཡོད་སྟབས་ཟླ་བ་སྔོན་མར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཛ་དྲག་རོགས་སྐྱོར་ཆེད་ཕྱི་རྒྱ་ཡུལ་གྲུ་ཁག་ཏུ་གནས་སྡོད་གནང་མཁན་གཏོང་ཕོད་ཅན་གྱི་བོད་རིགས་ཀུན་ལ་ཞལ་འདེབས་གང་ཐུབ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།

Latest news