Tibetan Royal Year of 2151 | Year of the Wood Dragon

བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༨.༣༩ བྱུང་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅིུས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཕྱོགས་སྒྲིག་གནང་བའི་ཁོངས་སུ་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་པ་སློབ་གྲྭ་བཞི་བྱུང་འདུག

CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཟླ་ ༥ ཚེས་ ༡༢ ཉིན་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛིན་རིམ་བཅུ་གཉིས་དང་བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་སྒྲིག་གནང་བའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་གསལ་ལྟར་ན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བོད་སློབ་ ༡༣ གྱི་སློབ་མ་ ༡༠༥༥ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་ཁྲོད་སློབ་མ་ ༡༠༣༨ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༨.༣༩ དང་ཆ་སྙོམས་བརྒྱ་ཆ་ ༧༣.༣༡ ཆགས་ཀྱི་འདུག

དེ་བཞིན་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བོད་སློབ་ཁག་ ༢༣ གྱི་སློབ་མ་ ༡༡༡༤ ནས་མཉམ་ཞུགས་གནང་སྟེ་སློབ་མ་ ༡༠༦༧ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༥.༧༨ དང་ཆ་སྙོམས་བརྒྱ་ཆ་ ༦༡.༧༤ ཆགས་ཀྱི་འདུག

རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་འདི་ལོའི་བོད་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་དེ་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པར་གསུངས་སོང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་སློབ་མ་སྒེར་གྱི་ཆ་སྙོམས་བརྒྱ་ཆ་ ༩༥ ལྷག་བཞེས་མཁན་ཚོར་སྲིད་སྐྱོང་སློབ་ཡོན་གནང་སྲོལ་ཡོད་ཀྱང་འདི་ལོ་ནས་སྲིད་སྐྱོང་སློབ་ཡོན་ཚབ་ཏུ་ཕུལ་བྱུང་སློབ་ཡོན་དང་ཕུལ་བྱུང་བྱ་དགའ་ཞེས་གནང་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།