Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ནི་དཀའ་རྙོག་སེལ་མཁན་ཞིག་ལས་འགོག་རྐྱེན་བཟོ་མཁན་མ་རེད་ཅེས་གསུངས་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་མཁན་ཞིག་ལས་འགོག་རྐྱེན་བཟོ་མཁན་མ་རེད་ཅེས་si3གསུངས་སོང།
དེ་ཡང་ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གསར་པ་ཝུ་ཡིང་ཇིས་བོད་ཀྱི་ལས་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་བའི་སྐབས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ལ་གདོང་ལེན་བྱ་རྒྱུ་ནི་བོད་ནང་གི་ལས་དོན་གཙོ་གྲས་ཤིག་ཡིན་པ་དང་། ལས་དོན་དེ་གཙོ་བོ་བཞག་པའི་ཐོག་གྲངས་ཉུང་མི་རིགས་ཕན་ཚུན་དབར་གྱི་ཕུགས་རྒྱང་རིང་པོའི་ཆིག་སྒྲིལ་ནུས་པ་གོང་འཕེལ་གཏོང་དགོས་པ་དང་། དེ་བཞིན་ཁ་བྲལ་གྱི་ལས་དོན་ཐོག་དམ་དྲག་བྱེད་དགོས་པ་མ་ཟད། དེ་དག་རྩ་མེད་གཏོང་དགོས་ཅེས་ནན་བརྗོད་བྱས་ཡོད་པ་རེད།
དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ལས་འཆར་ཞིག་དང་འབྲེལ་བའི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་སྐབས་  ANI གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ཆར་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གདོང་ལེན་བྱ་རྒྱུ་ནི་ལས་དོན་གཙོ་གྲས་ཤིག་ཡིན་སྐོར་བཤད་པ་དང་འབྲེལ་བཅར་འདྲི་ཞུས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་འཛིན་པའི་སྲིད་བྱུས་དེ་ནི་ནོར་འཁྲུལ་ཅན་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་མཁན་ཞིག་ལས་འགོག་རྐྱེན་བཟོ་མཁན་ཞིག་མ་རེད།  ད་ལྟའི་ཆར་ཡུ་གུར་དང་ནང་སོག དེ་བཞིན་རྒྱ་ནག་ས་ཁུལ་གཞན་ཁག་ཏུའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དེ་དོན་དངོས་ཐོག་རྒྱ་ནག་གཞུང་ནས་ཤེས་ཀྱི་ཡོད་པ་རེད། ཕྱོགས་གཉིས་ཕན་ཚུན་དབར་ལ་གྲོས་མཐུན་བྱུང་བའི་སྐབས་དེར་འགོ་ཁྲིད་ཞེས་པ་དེ་ནི་མེད་དུ་མེད་རུང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ༸གོང་ས་མཆོག་ནི་བོད་ནང་གི་བོད་མི་བརྒྱ་ ༩༩ འི་དད་གུས་ཞུ་ཡུལ་བསམ་གྱི་མི་ཁྱབ་པའི་དབུ་ཁྲིད་ཞིག་ཆགས་ཡོད་པ་རེད། བོད་རྒྱ་གཉིས་དབར་ལ་གྲོས་མཐུན་བྱུང་བའི་སྐབས་དེར་གྲོས་མཐུན་དེ་ལག་བསྟར་ཐུབ་པ་བཟོ་མཁན་དེ་༸གོང་ས་མཆོག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་༸གོང་ས་མཆོག་ནི་དཀའ་ངལ་སེལ་མཁན་ཞིག་ལས་འགོག་རྐྱེན་བཟོ་མཁན་ཞིག་མ་རེད། ད་བར་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཐོག་ལ་འཛིན་པའི་སྲིད་བྱུས་དེ་ནོར་འཁྲུལ་ཅན་ཞིག་རེད་ཅེས་གསུངས་སོང་།
རྩ་བའི་འདི་ལོའི་ཟླ་ ༨ པའི་ཟླ་མཇུག་ཏུ་ཝུ་ཡིང་ཇེ་ཁོ་པ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གསར་པར་བསྐོ་གཞག་ཟིན་རྗེས་བརྒྱུད་ལམ་ཁག་ཏུ་དཔྱད་གཏམ་པ་མང་པོ་ཞིག་གི་ནང་ཁོ་པར་བཟང་ངན་ཕྱོགས་གཉིས་ཀའི་རྩོམ་ཡིག་དང་བསམ་ཚུལ་འདྲ་མིན་གླེང་མཁན་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།