Tibetan Royal Year of 2151 | Year of the Wood Dragon

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལན་ལ་དྭགས་གླེ་ཕྱི་ཕྱོགས་སུ་མཛད་འཆར་བསྐྱང་རྒྱུ་མིན་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱི་མཚན་ཐོག་ལ་གནང་བའི་ཕྱག་བྲིས་ཤིག་ཕྱིར་འགྱར་བྱུང་བའི་ནང་། ༸གོང་ས་མཆོག་གི་དགུང་ལོའི་བབ་དང་ས་ཆ་བབ་བཅས་ལ་གཞིགས་ཏེ་༸སྐུའི་བླ་སྨན་པས་སློབ་སྟོན་ཇི་ལྟར་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཕྱི་ཕྱོགས་ཀྱི་ས་ཁུལ་ནུབ་ར་དང་ཟངས་དཀར། བྱང་ཐང་སོགས་ལ་མཛད་འཆར་བསྐྱང་རྒྱུ་མིན་སྐོར་འཁོད་ཡོད་པ་དང་འབྲེལ་ཏེ། དེ་རིང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་ད་ལྟའི་ཆར་༸གོང་ས་མཆོག་གི་དགུང་ལོའི་བབ་དང་ས་ཆ་བབ་བཅས་ལ་གཞིགས་ནས་༸གོང་ས་མཆོག་ནས་ད་ལན་ལ་དྭགས་གླེ་ཕྱི་ཕྱོགས་སུ་མཛད་འཆར་བསྐྱང་རྒྱུ་མིན་པར་ཐུགས་གཏན་ཁེལ་བ་ལས་༸སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པར་གསུངས་སོང་།

གསར་འགོད་པས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཀྱི་ས་ཁུལ་གང་དུ་མཛད་འཕྲིན་བསྐྱང་མིན་དང་འབྲེལ་བའི་ཐོག་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཐུགས་ཐག་གཅོད་ཀྱི་ཡོད་པ་དང་། ཐུགས་གཏན་ཁེལ་ཟིན་པའི་མཛད་འཆར་བསྐྱང་ཡུལ་གྱི་ས་ཁུལ་ཁག་ཏུ་ཆིབས་བསྒྱུར་གྲ་སྒྲིག་དང་༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཀྱི་གནད་དོན། དེ་བཞིན་བཞུགས་ཞག་རིང་༸སྐུ་ལྷོད་བཞུགས་མཛད་རྒྱུ་སོགས་ཀྱི་གནད་དོན་ཐད་ལ་ལ་དྭགས་ UT འཛིན་སྐྱོངས་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ནས་གཟིགས་རྟོག་གནང་གི་ཡོད་སྐོར་དང་ཆབས་ཅིག ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱག་བྲིས་ཤིག་འབྱོར་ཡོད་སྟབས་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་དང་ནང་ཚོགས་ཀྱི་དབུས་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་རྣམས་གཉིས་གཙོས་འབྲེལ་ཡོད་རྣམས་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་ལྷན་བཀའ་བསྡུར་གནང་མུས་ཡིན་པར་གསུངས་སོང་།

ལྷག་པར་དུ་ཁོང་གིས་ལ་དྭགས་གཞུང་མང་གཉིས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་མཛད་པ་དང་བཞུགས་ཞག་མཛད་པ་ཙམ་གྱིས་ལ་དྭགས་མང་ཚོགས་ཀྱི་བསོད་ནམས་འཕེལ་བར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དེ་བཞིན་ལ་དྭགས་ UT སྲིད་གཞུང་བཅས་ཚང་མས་༸གོང་ས་མཆོག་གི་ ༸སྐུའི་འཕྲོད་བཞེས་གསལ་ཐང་ཡོང་རྒྱུ་ནི་གནད་ཀྱི་སྙིང་པར་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། གནད་དོན་དེ་དག་ཐོག་ཁ་སང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་ལྷན་དུ་བཀའ་བསྡུར་ལྷུག་པོ་བྱུང་སོང་ཞེས་དང་། སྐུ་ཞབས་བཀྲིས་རྒྱལ་མཚན་མཆོག་གིས་ཀྱང་སྤྱིར་གླེ་གྲོང་ཁྱེར་ལས་མཐོ་ཚད་དམའ་བའི་ས་ཁུལ་ཁག་ཏུ་མཛད་འཆར་བསྐྱང་ཕྱིར་སླར་ཡང་དགོངས་བཞེས་གནང་སྐྱོང་ཡོང་བའི་གཞེན་སྐུལ་གནང་ཡོད་སྐོར་སོགས་གསུངས་སོང་བར་མ་ཟད། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དེ་བཞིན་ལ་དྭགས་ UT སྲིད་གཞུང་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་དྭགས་ནང་གི་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་༸སྐུ་བསྙེལ་པོ་མི་ཡོང་བའི་ཆེད་དུ་ཐད་འཕུར་ཆིབས་གྲུ་སོགས་གྲ་སྒྲིག་གནང་བཞིན་ཡོད་པར་གསུངས་ཡོད།  

ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱི་མཚན་ཐོག་ལ་གནང་བའི་ཕྱག་བྲིས་ཤིག་ཕྱིར་འགྱར་བྱུང་བའི་རྗེས་སུ་བོད་མི་གཙོས་དད་ལྡན་དུ་མས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ལ་ཇི་ལྟར་ཡོད་མེད་ཐོག་ཐུགས་འཚབ་གནང་མཁན་མང་དག་ཅིག་འདུག་པ་དང་འབྲེལ་ནས་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གི་དགུང་ལོའི་བབ་དང་ལ་དྭགས་ཀྱི་ས་བབ། དེ་བཞིན་གླེ་ཁུལ་གྱི་ས་ཆ་འགའ་ཞིག་གི་ས་བབ་བཅས་ལ་གཞིགས་ཏེ་༸སྐུའི་བླ་སྨན་པས་སློབ་སྟོན་ཇི་ལྟར་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཕྱི་ཕྱོགས་ཀྱི་ས་ཁུལ་ནུབ་ར་དང་ཟངས་དཀར། བྱང་ཐང་སོགས་ལ་མཛད་འཆར་བསྐྱང་རྒྱུ་མིན་སྐོར་འཁོད་ཡོད་པ་དང་། ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་གཞོན་ནུ་ལྟ་བུའི་༸སྐུ་གཟུགས་གསལ་ཐང་ངང་སྐུ་ལྷོད་ལྷོད་མཛད་དེ་བཞུགས་ཡོད་ཅེས་གསུངས་སོང་།

རྩ་བའི་ཤམ་འམ་ཁལ་སི་ནང་དུ་འདི་ལོ་༸གོང་ས་མཆོག་ཆིབས་བསྒྱུར་མཛད་རྒྱུར་ངང་སྒུག་གནང་བཞིན་པ་དང་བསྟུན། ས་ཁུལ་དེར་དུས་ཡུན་ཐུང་ཐུང་ཞིག་གི་ནང་མཆོད་རྟེན་དང་༸རྒྱལ་བའི་གཟིམ་ཆུང་། དེ་དག་གི་ནང་དུ་འགྱོག་འབེབས་གསར་རྒྱག་སོགས་གནང་སྟེ་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་སྟ་གོན་རྣམས་རྒྱ་ཆེར་གནང་མུས་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།