བོད་ནང་གི་བཙོན་ཁང་ཁག་རྒྱ་བསྐྱེད་ཀྱིས་དམ་བསྒྲགས་ཤུགས་ཆེར་གཏོང་བཞིན་པར་མངོན་གསལ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

ལོ་ཤས་ནས་བོད་ནང་བདེ་འཇགས་ལྟ་སྲུང་ཟེར་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་ལྟར། Rand Europe research institute ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བཀག་ཉར་ཁང་དང་བཙོན་ཁང་ཁག་རྒྱ་བསྐྱེད་དང་དེ་དག་ནང་དམ་བསྒྲགས་ཤུགས་ཆེར་བཏང་ཡོད་པའི་འདྲ་པར་དང་བཅས་མངོན་གསལ་གནང་འདུག

ཡོ་རོབ་རྒྱལ་ཁབ་ཁག་ཏུ་རྟེན་གཞི་བྱས་པའི་ Rand Europe research ལྟེ་གནས་ཁང་གིས་ཁ་སང་ཕྱི་ཚེས་ ༢༧ ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བར་ལྟེ་གནས་ཁང་དེ་ཉིད་ཀྱིས་བར་སྣང་ནས་མཚན་མོའི་ས་གནས་ཀྱི་གློག་འོད་ལ་ཞིབ་འཇུག་གནང་བའི་གྲུབ་དོན་དུ་རྒྱ་ནག་གཞུང་གིས་བོད་ནང་བཀག་ཉར་ཁང་གསར་འཛུགས་དང་སྔར་ཡོད་བོད་ཁུལ་གྱི་བཀག་ཉར་ཁང་དང་བཙོན་ཁང་ཁག་རྒྱ་བསྐྱེད་བཏང་ཡོད་པ་ར་འཕྲོད་བྱུང་བར་མ་ཟད། རྒྱ་ནག་གཞུང་གིས་བདེ་འཇགས་ལྟ་སྲུང་ཟེར་བའི་སྲིད་བྱུས་དེ་ཉིད་ལག་བསྟར་བྱས་པ་ནས་བཟུང་བོད་ཀྱི་ས་གནས་གང་སར་ཞི་དྲག་གཉིས་ཀྱི་ཐོག་ནས་བོད་མི་རྣམས་ལ་བསླུ་ཁྲིད་དང་སྟངས་འཛིན་ནན་པོ་བྱས་དང་བྱེད་བཞིན་པའི་ངན་འབྲས་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་ཏུ་གྱུར་ཡོད་ཅེས་མངོན་གསལ་གནང་འདུག

ཉམས་ཞིབ་ལྟེ་གནས་ཁང་གིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉུང་མཐར་དོ་དམ་བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་ ༧༩ ཡོད་པ་དང་དེ་དག་ནང་དུས་ཐུང་དང་རྒྱུན་རིང་བཙོན་འཇུག་ཁང་བཅས་ཚུད་ཡོད་པ་དང་འབྲེལ། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་ས་གནས་དེ་དག་ནང་མཚན་མོའི་གློག་འོད་ཁག་ལ་ལེགས་པར་ཞིབ་འཇུག་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་གི་བཀག་ཉར་ཁང་དང་བཙོན་ཁང་ནང་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་དང་། བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་རྒྱ་བསྐྱེད་བཏང་ཡོད་པ་སོགས་གསལ་པོ་བཀོད་འདུག

ལྷག་དོན་ལྟེ་གནས་ཁང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་མང་པོ་བཀག་བསྐྱིལ་ཁང་དུ་བཀག་འགོག་བྱས་པ་དེ་ནི་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་ཡིན་ཚུལ་འགྲེལ་བརྗོད་བྱེད་བཞིན་པ་ལྟར་བོད་ནང་ལའང་དེ་ལྟ་བུའི་སྲིད་བྱུས་ལག་བསྟར་བྱས་ཡོད་ཀྱང་། ད་བར་དཔང་རྟགས་ཉུང་རྐྱེན་གྲངས་ཚད་ངེས་ཅན་ཞིག་མེད་པ་དང་། བོད་ནས་གནས་ཚུལ་མཁོ་སྒྲུབ་གནང་བར་ངལ་བ་ཆེན་པོ་འཕྲད་ཀྱི་ཡོད་སྟབས་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ་ལས་མང་བ་ཡོད་པར་ཚོད་དཔག་གནང་གི་ཡོད་སྐོར་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོང་ཞུས་སྙན་ཐོ་འདིས་བོད་ནང་གི་དངོས་ཡོད་གནས་སྟངས་ར་སྤྲོད་ཐུབ་པ་དང་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ངང་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གཙོས་ཆོས་རིག་དང་སྐད་ཡིག་བཅས་པ་བརྩི་མེད་རྡོག་རོལ་ཤུགས་ཆེར་གཏོང་མུས་ཡིན་པར་འཐེར་འདོན་དང་འབྲེལ། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས་བོད་ནང་གི་ཆེས་ཛ་དྲག་རང་བཞིན་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་དགོངས་པ་བཞེས་ཏེ་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

Sunday 08/11/2026

Saturday 07/11/2026

Friday 06/11/2026

གསར་གནས།