Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་རྩེད་འགྲན་པ་གསུམ་ལ་མཐོང་མཆན་ངོ་མ་མ་སྤྲད་པར་རྒྱ་གར་གྱིས་ཉེན་བརྡ་བཏང་འདུག

Tibetan News Headlines

  • 6th permanent strategy committee meeting convene in Zurich
  • Association of Former Spanish Deputies and Senators to create Tibet friendship group
  • TikTok sues to block US law that could ban app
  • Martsang Kagyu UK religious centre receives 7th London award
  • Alalamo: Tibet music fountain festival at Nagano, Japan

རེས་གཟའ་མིག་དམར། ༢༠༢༤།༠༥།༡༤

  • གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིའི་ནང་འཚོག་བཞིན་པ།
  • Spain གྲོས་ཚོགས་འཐུས་མི་ཟུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ།
  • ཨ་རིའི་ནང་ཊིག་ཊོག་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དེ་ཁྲིམས་ལ་གཏུགས་འདུག
  • དབྱིན་ཇིའི་རྒྱལ་ཁབ་ཏུ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ལ་གཟེངས་རྟགས་དང་ཆེ་བསྟོད་གནང་བ།
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། བོད་གླུ་གར་གྱི་རྒྱ་མཚོ་ཞེས་པའི་རོལ་དབྱངས་དུས་སྟོན་གོ་སྒྲིག་པ་གཞས་པ་བསྟན་འཛིན་ཀུན་བཟང་ལགས་དང་ལྷན་དུ་གླེང་མོལ།

རྒྱ་ནག་ནང་ ༢༠༢༣ ལོའི་འཛམ་གླིང་མཐོ་སློབ་རྩེད་འགྲན་ཐེངས་ ༣༡ པ་ཚོགས་ཀྱི་ཡོད་པ་དང་འབྲེལ། རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་རྩེད་འགྲན་པ་གསུམ་ལ་རྒྱ་ནག་ཏུ་བསྐྱོད་རྒྱུར་མཐོང་མཆན་ངོ་མ་མ་སྤྲད་སྟབས་རྒྱ་གར་གྱིས་ཉེན་བརྡ་དང་སྐྱོན་བརྗོད་གནང་འདུག

དེ་རིང་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༨ ཚེས་ ༨ བར་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲེན་ཏུའུ་ Chendu ནང་ ༢༠༢༣ ལོའི་འཛམ་གླིང་མཐོ་སློབ་ནང་ཁུལ་གྱི་རྩེད་འགྲན་ཚོགས་ཀྱི་ཡོད་པ་ལྟར་རྒྱ་གཞུང་གིས་རྒྱ་གར་གྱི་རྩེད་འགྲན་པ་རྣམས་ལ་མཐོང་མཆན་སྤྲད་ཡོད་པ་དེ་ལྟར་ཡང་། རྒྱ་གར་གྱི་ Wushu རྩེད་རིགས་ནང་ཡོད་པའི་ཨ་རུ་ནཱ་ཅལ་གྱི་རྩེད་འགྲན་པ་གསུམ་ལ་རྒྱ་ནག་ནང་བསྐྱོད་རྒྱུར་མཐོང་མཆན་ངོ་མ་དེ་མ་སྤྲད་པར་ཁོང་རྣམས་རྒྱ་གར་གྱི་མི་སེར་མ་ཡིན་པའི་ཁོངས་སུ་བཞག་ནས་ Stapled visas ཞེས་ཟུར་སྦྱར་རམ་ལྷན་སྦྱར་གྱི་མཐོང་མཆན་སྤྲད་ཡོད་སྟབས། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Arindam Bagchi ལགས་ཀྱིས་རྒྱ་གར་གྱི་ཁུངས་ལྡན་ཕྱི་བསྐྱོད་ལག་འཁྱེར་ཡོད་པ་རྣམས་ལ་དབྱེ་འབྱེད་བྱ་རྒྱུ་མེད་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་དེ་ལྟ་བུའི་དབྱེ་འབྱེད་ཀྱིས་བྱ་སྤྱོད་ལ་ཡ་ལན་ཚད་ལྡན་ཞིག་གནང་རྒྱུ་ཡིན་པའི་ཉེན་བརྡ་བཏང་བར་མ་ཟད། དེ་ནི་ངོས་ལེན་གནང་ཐབས་བྲལ་བའི་གནད་དོན་ཞིག་ཡིན་པར་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་གར་གྱི་ Wushu རྩེད་འགྲན་པ་རྣམས་རྒྱ་ནག་ནང་བསྐྱོད་རྒྱུའི་མཐོང་མཆན་དེ་ཚེས་ ༡༦ ཉིན་རྒྱ་ནག་གཞུང་ཚབ་ཁང་ལ་ཞུས་པའི་ཁྲོད་རྒྱ་གར་གྱི་རྩེད་འགྲན་པ་གཞན་རྣམས་ལ་དུས་ཐོག་མཐོང་མཆན་རག་ཡོད་ཀྱང་། ཨ་རུ་ནཱ་ཅལ་ནས་ཡིན་པའི་རྩེད་འགྲན་པ་རྣམས་ཀྱི་མཐོང་མཆན་ཞུས་པའི་ཡིག་ཆ་རྣམས་སླར་ཞུས་དགོས་སྐོར་བཤད་དེ་མཐར་ཁོང་རྣམས་ལ་མཐོང་མཆན་ངོ་མ་དེ་མ་སྤྲད་པར་ཟུར་སྦྱར་རམ་ལྷན་སྦྱར་གྱི་མཐོང་མཆན་སྤྲད་ཡོད་པ་དང་རྒྱ་གར་གྱི་རྩེད་རིགས་དེའི་རྩེད་འགྲན་པ་གཞན་རྣམས་ཁ་སྔོན་རེས་གཟའ་ལྷག་པའི་མཚན་མོར་ཁྲེན་ཏུའུ་ལ་ཐོན་དགོས་པ་དང་། ཨ་རུ་ནཱ་ཅལ་གྱི་རྩེད་འགྲན་པ་གསུམ་རེས་གཟའ་ཕུར་བུ་ཉིན་ཐོན་དགོས་པའི་དུས་ཚོད་ཟུར་བཅད་བྱས་ཡོད་སྐོར་འཁོད་འདུག

 གནས་ཚུལ་དེ་ཐོན་འཕྲལ་རྒྱ་གར་གཞུང་གིས་ཀྱང་ Wushu རྩེད་འགྲན་པ་ཡོངས་རྫོགས་རྒྱ་ནག་ཏུ་བསྐྱོད་རྒྱུ་གནས་སྐབས་རིང་ཕྱིར་འཐེན་གནང་འདུག

རྩ་བའི་གནད་དོན་དེ་ནི་ཐེངས་དང་པོ་མིན་པར་དེ་སྔོན་ཕྱི་ལོ་ ༢༠༠༠ ཡས་མས་ནས་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་གྱི་གནས་སྡོད་མི་མང་རྣམས་ལ་ཟུར་སྦྱར་རམ་ལྷན་སྦྱར་མཐོང་མཆན་སྤྲད་རྒྱུའི་ལས་གཞི་ལག་བསྟར་བྱས་ པའི་ཁྲོད་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་ Quanghou ནང་ཚོགས་པའི་རྩེད་འགྲན་ཐོག་ཁུལ་དེའི་རང་སྲུང་དྲག་རྩལ་གྱི་རྩེད་འགྲན་པ་ལྔར་རྒྱ་ནག་གཞུང་ཚབ་ཁང་ནས་དེ་མཚུངས་ཀྱི་མཐོང་མཆན་སྤྲད་པ་སོགས་ཀྱི་གནད་དོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཇམྨུ་ཀཤྨིར་ཕྱོགས་སུའང་དེ་མཚུངས་ལག་བསྟར་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།