Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Wroclaw གྲོང་ཁྱེར་གྱི་ངོས་ནས་འགྲོ་བ་མིའི་གཅིག་འགྱུར་གྱི་བློ་གོང་འཕེལ་དང་འབྲེལ་བའི་ལས་དོན་ལ་ཤུགས་སྣོན་ཆེ་ཙམ་སྐྱོན་དགོས་པའི་ལམ་སྟོན་མཛད་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཌིའི་ Wroclaw གྲོང་ཁྱེར་གྱི་ངོས་ནས་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་གཅིག་འགྱུར་གྱི་བློ་གོང་འཕེལ་གྱི་ལས་དོན་ལ་ཤུགས་སྣོན་ཆེ་ཙམ་སྐྱོན་ཐུབ་པ་ཡིན་ན། གྲོང་ཁྱེར་དེ་ཡུ་རོབdalajlama_2016_wizyta14་རིག་གཞུང་གི་རྒྱལ་ས་མིང་དོན་མཚུངས་པ་ཞིག་ལ་འགྱུར་ཐུབ་ཀྱི་རེད་ཅེས་བཀའ་གནང་འདུག
དེའང་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ལོ་ལྟར་སྒྲིགས་འཛུགས་དེའི་ཚོགས་མི་རྒྱལ་ཁབ་གྱི་གྲོང་ཁྱེར་གཉིས་རེ་རེ་མོས་གནང་སྟེ་ཡུ་རོབ་རིག་གཞུང་གི་རྒྱལ་ས་ཞེས་འདེམས་སྲོལ་ཡོད་པ་ལྟར། འདི་ལོ་ ༢༠༡༦ ལོའི་ཡུ་རོབ་རིག་གཞུང་གི་རྒྱལ་ས་པོ་ལན་ཌིའི་ Wroclaw གྲོང་ཁྱེར་དང་། Spain ཡི་ San Sebastian གྲོང་ཁྱེར་གཉིས་འདེམས་ཐོན་གནང་ཡོད་པ་རེད། Wroclaw གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་གིས་ད་རེས་མཚན་གནས་དེའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་ནང་དམིགས་བསལ་གདན་འདྲེན་ཞུས་པ་ཞིག་ཡིན་པ་རེད་འདུག
དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོ་རོ་ལོ་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་ནས་གདན་ཞུ་གསོལ་འདེབས་ཕུལ་བ་ལྟར་གྲོང་སྡེ་ལས་ཁུངས་ཀྱི་མི་སྣ་དང་། གཙུག་ལག་སློབ་གཉེར་ཁང་འདྲ་མིན་ཁག་ཅིག་གི་སྐུ་ཚབ་མཚོན་པའི་ཤེས་ཡོན་གྱི་མི་སྣ་། དེ་བཞིན་གཞོན་སྐྱེས་ཤ་སྟགས་འདུ་འཛོམས་ཡོད་སར་རང་དབང་གི་རྨི་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་སྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ད་ལྟའིdl་དུས་སྐབས་འདིར་ང་ཚོའི་ངོས་ནས་འཛམ་གླིང་གཅིག་འགྱུར་དང་འགྲོ་བ་མིའི་གཅིག་འགྱུར་གྱི་བློ་གོང་འཕེལ་གཏོང་རྒྱུའི་དུས་ལ་འབབ་ཡོད་སྐོར་བཀའ་ནན་བསྩལ་བ་མ་ཟད། ༸གང་ཉིད་མཆོག་གིས་ངོས་ནས་ད་ལྟ་རང་གྲོང་ཁྱེར་སྤྱི་ཁྱབ་མཆོག་ལ་ཞུ་རྒྱུ་བྱུང་། གྲོང་ཁྱེར་འདི་བཞིན་ཕྱི་ལོ་ ༢༠༡༦ ལོའི་ཡུ་རོབ་རིག་གཞུང་གི་རྒྱལ་སར་འདེམས་ཐོན་བྱུང་བ་ལྟར། གྲོང་ཁྱེར་དེའི་ངོས་ནས་གཙོ་བོ་དུས་ཡུན་དེའི་རིང་ལ་མང་ཚོགས་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་གཅིག་འགྱུར་གྱི་བློ་གོང་འཕེལ་གཏོང་རྒྱུའི་ལས་དོན་ཐད་ཤུགས་སྣོན་ཆེ་ཙམ་སྐྱོན་དགོས་ཀྱི་རེད། སྟབས་སྡུག་པ་ཞིག་ལ་ད་སྐབས་ང་ཚོ་རྒྱལ་ཁབ་འདྲ་མིན་དང་ཆོས་ལུགས་འདྲ་མིན་ཕན་ཚུན་དབར་ཡིད་ཆེས་མེད་པ་དང་། ཞེད་སྣང་གི་བློ་ཞིག་ཡོང་བསྡད་ཀྱི་འདུག འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གཅིག་པ་བཤད་ཀྱི་ཡོད་སྟབས། ཁྱེད་ཚོས་ཕྱི་ལོ་ ༢༠༡༦ ལོའི་དུས་ཡུན་དེའི་ནང་གྲོང་ཁྱེར་དེ་གར་གནས་སྡོད་རྒྱལ་ཁབ་འདྲ་མིན་དང་ཆོས་ལུགས་འདྲ་མིན་བཅས་ཕན་ཚུན་དབར་མཐུན་སྒྲིལ་དང་ཆིག་སྒྲིལ་གྱི་བློ་གོང་འཕེལ་གཏང་ཐུབ་ཚེ། ཁྱེད་ཚོའི་ཡུ་རོབ་རིག་གཞུང་གི་རྒྱལ་སའི་ཆ་ནས་འཛམ་གླིང་འདིའི་སྤྱི་ཚོགས་ལ་དོན་དམ་གྱི་ལེགས་སྐྱེས་ཤིག་ཕུལ་ཐུབ་ཀྱི་རེད་ཅེས་བཀའ་གནང་འདུག
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༡༩ ཉིན་རྒྱབ་པོ་ལན་ཌིའི་ Wroclaw གྲོང་ཁྱེར་ནང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ༸གང་ཉིད་མཆོག་གིས་ཁུལ་དེར་༸ཞབས་སོར་འཁོད་མ་ཐག་ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ ༢༠ ལྷག་དང་མཇལ་འཕྲད་གནང་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌིའི་ཁོ་རོ་ལོ་གྲོང་ཁྱེར་ནང་ཆིབས་སྒྱུར་མཛད་པ་དེ་ཐེངས་ ༣ པ་ཆགས་ཀྱི་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ཆིབས་སྒྱུར་བསྐྱངས་སྐབས་མགོན་པོ་མཆོག་ལ་གྲོང་ཁྱེར་དེའི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཀྱང་ཕུལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།