མགོ་ལོག་སློབ་གྲྭའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཀྱི་སློབ་གསོ་ཟེར་བ་ལག་བསྟར་ཐད་སེམས་འཚབ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཕྱི་ཟླ་ ༩ ཚེས་ ༡ ཉིན་བོད་མགོ་ལོག་མཚོ་ཤར་སློབ་འབྲིང་ཞེས་པ་གསར་དུ་འགོ་འཛུགས་བྱས་པ་དང་། སློབ་ཁྲིད་ཀྱི་སློབ་ཚན་གཙོ་བོ་རྣམས་རྒྱ་སྐད་ཐོག་ནས་སློབ་ཁྲིད་བྱ་རྒྱུ་མ་ཟད། སློབ་གསོའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཀྱི་སློབ་གསོ་ཟེར་བ་གཙོ་བོར་བྱ་རྒྱུ་ཡིན་པར་བརྟེན། ས་གནས་བོད་མིས་སེམས་འཚབ་གནང་བཞིན་འདུག

འབྲེལ་ཡོད་ཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། མགོ་ལོག་ཕྱོགས་ཀྱི་བྱིས་པ་ཆུང་ཆུང་ཚོས་རང་གི་ཕ་སྐད་མ་ཡིག་ལ་དོ་སྣང་མི་བྱེད་པ་དང་། བྱིས་པ་ཚོས་མཉམ་དུ་བོད་སྐད་ཐོག་གླེང་མོལ་བྱས་ནའང་། ཚུར་རྒྱ་སྐད་ཐོག་ལན་འདེབས་བྱེད་ཀྱི་ཡོད་པར་སེམས་སྐྱོ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག །ལྷག་པར་གཙོ་བོ་ཕ་མ་ཚོས་བྱིས་པ་ཚོ་དང་མཉམ་དུ་རྒྱ་སྐད་རྒྱག་པ་དང་། བྱིས་པ་ཚོ་སློབ་གྲྭར་འགྲོ་སྐབས་རྒྱ་ཡིག་དང་རྒྱ་སྐད་མ་གཏོགས་ཤོད་ཀྱི་མེད་སྟབས། བོད་སྐད་མི་བཤད་པ་དང་། བོད་ཡིག་སྦྱང་བའི་གོ་སྐབས་ཀྱང་མེད་པར་ཕ་མ་ཚོས་བྱིས་པ་ཚོ་དང་མཉམ་དུ་རྒྱ་སྐད་བཤད་པ་ནི་ཧ་ཅང་ཉམས་ང་བའི་དུས་ཚོད་ཅིག་ཡིན་པ་མ་ཟད། ཕ་མ་ལ་ལས་རྒྱ་སྐད་ཡག་པོ་མི་ཤེས་ནའང་། ཨུ་ཚུགས་བྱས་ནས་བཤད་ཁུལ་བྱེད་པ་ནི་ནག་ཉེས་ཆེན་པོ་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

མ་ཟད་སློབ་གྲྭ་དེ་སློབ་འགོ་བཙུགས་ནས་སློབ་མ་གསར་བསྡུ་བྱེད་སྟངས་ཐད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སློབ་གྲྭ་དེ་གཙོ་བོ་བོད་རིགས་དང་སོག་རིགས། ཡུ་གུར་མི་རིགས་དང་རྒྱ་རིགས་བཅས་ཀྱི་སློབ་མ་ཁྱོན་ ༣༠༠༠ ཙམ་བསྡུ་འཆར་ཡོད་ཀྱང་། ད་ལྟའི་བར་དངོས་ཡོད་སློབ་མ་གསར་པ་ ༡༢༠༠ ལྷག་ཙམ་བསྡུ་རུབ་བྱས་འདུག །བོད་རིགས་སློབ་མ་གཙོ་བོ་ཞིང་འབྲོག་ཁུལ་ནས་བསྡུས་ཡོད་པ་དང་། སློབ་གྲྭ་དེའི་དབུ་འཛིན་དང་སློབ་གཙོ། དྲུང་ཡིག་སོགས་ཀྱི་འགན་འཁུར་མི་སྣ་ཚང་མ་རྒྱ་རིགས་ཡིན་པ་དང་། སློབ་འགོ་བཙུགས་པའི་མཛད་སྒོའི་སྐབས་སུ་བོད་ཡིག་དང་བོད་ལྭ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་རྣམ་པ་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག་ཅེས་ཡུལ་དངོས་སུ་སོང་བའི་ཁྱིམ་བདག་ཅིག་གིས་འགྲེལ་བརྗོད་གནང་སོང་།

རྩ་བའི་མགོ་ལོག་མཚོ་ཤར་སློབ་འབྲིང་ཞེས་པའི་ལས་གཞི་དེ་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་དུ་དངོས་སུ་འཛུགས་སྐྲུན་འགོ་བཙུགས་པ་ཞིག་ཡིན་ཞིང་། ས་ཆ་དེར་གཙོ་བོ་རྒྱ་རིགས་འཚོ་སྡོད་བྱེད་ས་ཞིག་ཡིན་པ་དང་། རྒྱུན་སྡོད་བྱེད་མཁན་གྱི་བོད་པ་ཧ་ལམ་མེད་པ་ལྟ་བུ་རེད་འདུག བོད་ཁུལ་གྱི་སློབ་ཕྲུག་ཚོ་སློབ་གྲྭའི་ནང་དུ་བཅའ་སྡོད་བྱེད་དགོས་པ་དང་། རྒྱ་མི་རིགས་ཀྱི་གོམས་གཤིས་དང་རིག་གནས་རྐྱང་པའི་ཁོར་ཡུག་ནང་དུ་འཚོ་སྡོད་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག

བོད་ཀྱི་བྱིས་པའི་སློབ་གསོའི་ཁ་ཕྱོགས་ལ་རྒྱ་ནག་གི་སྲིད་ཇུས་འདྲ་མིན་སྤེལ་བཞིན་ཡོད་པ་དང་འབྲེལ་ནས། འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། གལ་ཏེ་རྒྱ་ནག་དམར་གཞུང་གིས་གདུག་རྩུབ་ལྡན་པའི་ཤེས་ཡོན་སྲིད་ཇུས་དེ་མི་ལོ་ ༡༥ ནས་ ༢༠ བར་མུ་མཐུད་བོད་ཀྱི་བྱིས་པའི་སྡེ་ཁག་ཏུ་བཙན་བཀོལ་བྱས་ཚེ།  བོད་མི་རིགས་ཀྱི་ལོ་ངོ་ ༤༧༠༠ རིང་གི་རིག་གཞུང་དེ་རྩ་བ་ནས་མེད་པར་འགྱུར་སྲིད་པ་ཞིག་ཡིན་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།