མཐར་ཐུག་ན་བོད་རྒྱའི་དཀའ་རྙོག་བསལ་རྒྱུ་དེ་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་གསར་བརྗེ་ཞིག་བྱུང་མིན་ལ་རག་ལུས་ཡོད་པ་གསུངས་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བོད་རྒྱའི་དཀའ་རྙོག་བསལ་བར་རྒྱ་ནག་ནང་ལ་འགྱུར་བ་འགྲོ་དགོས་པ་ལས། ཕྱིའི་གནོན་ཤུགས་ལ་བརྟེན་ནས་བོད་དོན་བསལ་རྒྱུ་ཁག་པོ་ཡིན་པ་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཉམས་ཞིབ་པ་རཱ་ཇ་མོ་ཧན་ལགས་ཀྱིས་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་བཞིན་པའི་བོད་ཀྱི་དུས་སྟོན་ཐོག་སིངྐ་པུར་གཙུག་ལག་སློབ་གཉེར་ཁང་གི་ལྷོ་ཨེ་ཤི་ཡ་སྡེ་ཚན་གྱི་ངེས་སྟོན་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཉམས་ཞིབ་པ་ར་ཇ་མོ་ཧན་ (Prof. C Raja Mohan)ལགས་ཀྱིས། བོད་ཀྱི་མ་འོངས་པའི་གནད་དོན་དེ། རྒྱ་ནག་གི་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབ་དང་བྲལ་དུ་མེད་པ་ཞིག་ཡིན་སྟབས། རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་གསར་བརྗེ་ཞིག་མ་བྱུང་བར། ཕྱིའི་གནོན་ཤུགས་ལ་བརྟེན་ནས་བོད་ཀྱི་གནད་དོན་བསལ་རྒྱུ་ཧ་ཅང་ཁ་པོ་ཡིན་པ་བརྗོད་འདུག

ཁོང་གིས་གསུངས་དོན་ལ་རྒྱ་ནག་གི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་བལྟས་བརྒྱབ་ན། རྒྱ་ནག་ནང་དུ་རྒྱལ་རབས་མི་འདྲ་བ་རིམ་པ་བྱུང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཏུའང་སྲིད་འཛིན་མི་འདྲ་བའི་སྲིད་དབང་སྐྱོང་སྐབས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་ལ། ལྷག་པར་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་དབང་ཆ་ཡོངས་རྫོགས་མི་གཅིག་གིས་བཟུང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་དུས། འབྱུང་འགྱུར་རྒྱ་ནག་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་ཡོད་ལ། འགྱུར་བ་དེ་དང་བསྟུན་ནས་བོད་དོན་སེལ་ཐབས་བྱེད་དགོས་པ་ཡིན་ཞེས་གསུངས་འདུག

དེ་མ་ཟད་ཁོང་གིས་ད་ཆ་རྒྱ་ནག་དེ་ཕྱོགས་གང་ས་ནས་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པས། རྒྱ་ནག་ལ་ཕྱིའི་གནོན་ཤུགས་སྤྲོད་ཁག་པོ་ཡིན་པ་དེ་ངོས་འཛིན་བྱས་པའི་ཐོག་ནས། རྒྱ་ནག་ནང་ཁུལ་འགྱུར་བ་ཞིག་ཡོང་བར་བོད་མི་དང་། ལྷོ་སོག ཡུ་གུར་མི་མང་གིས་རྒྱ་རིགས་མང་གཙོ་ལས་འགུལ་བ་སོགས་དང་མཉམ་ལས་བྱེད་དགོས་པའི་སྐུལ་མ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་དུས་སྟོན་དེའི་གསུང་བཤད་ལས་རིམ་ཁྲོད། དཔལ་ཡོན་མཉམ་འདུས་དང་། ད་ལྟའི་གནས་སྟངས། ཐབས་བྱུས་ཀྱི་ཕུག་དམིགས་ (Civilisational Confluence, Present Realities, and Strategic Horizons)ཞེས་པ་དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བཟོ་མཁན་ཨ་རིའི་འཚུད་པའི་སྟོབས་ཆེན་རྒྱལ་ཁབ་ཁག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དེ་བཞིན་དཔལ་འབྱོར་ཐོག་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་བཤུ་བཞོག་གཏོང་གི་ཡོད་པ་མ་ཚད། རྒྱ་གར་གྱི་ས་མཚམས་ལའང་ཉེན་ཁ་བཟོ་བཞིན་ཡོད་པ་གསུངས་འདུག

གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མེད་པ་བཟོས་ཏེ། ཚང་མ་རྒྱ་རིགས་སུ་བསྒྱུར་རྒྱུའི་ཆེད་དུ་རང་གི་རྩ་ཁྲིམས་རྩིས་མེད་བཏང་ནས། མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་གཏན་འབེབས་ལག་བསྟར་བྱེད་འགོ་བཙུགས་ཡོད་པའི་སྐོར་གསལ་སྟོན་གནང་ཡོད།

དེ་བཞིན་གསུང་བཤད་གནང་མཁན་རྒྱ་གར་གྱི་བདེ་འཇགས་གནད་དོན་དབྱེ་ཞིབ་པ་ཨན་ཤུ་མན་ནཱ་རང་(Brig. Anshuman Narang) ལགས་ཀྱིས། རྒྱ་ནག་གིས་བོད་དེ་ཆབ་སྲིད་ཙམ་མ་ཡིན་པར་གཙོ་བོ་ཚོང་གི་ཁེ་ཕན་ཆེད་དུ་བཙན་འཛུལ་བྱས་པ་ཞིག་ཡིན་པ་གསུངས་འདུག

དེ་ཡང་ཁོང་གིས་བོད་དེ་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པ་མ་ཚད། རྒྱ་ནག་གི་དཔལ་ཡོན་དེ་བོད་ཀྱི་ཆུ་ལ་བརྟེན་ཡོད་ལ། ཕྱོགས་མཚུངས་རྒྱ་ནག་གི་འཕྲུལ་རིག་ཡར་རྒྱས་ལ་དགོས་མཁོ་ཆེ་བའི་ནུས་རྫས་མང་པོ་ཞིག་བོད་ནས་ཐོན་གྱི་ཡོད་པས་བོད་དེ་རྒྱ་ནག་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ར་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གིས་བོད་ལ་ཡར་རྒྱས་གཏང་རྒྱུ་ཡིན་ཁུལ་གྱི་འགྲོ་སོང་ཕོན་ཆེ་བཏང་བ་དེ། མཐར་ཐུག་རྒྱ་ནག་རང་གི་ཁེ་ཕན་ཆེད་ཡིན་པ་བསྒྲུབས་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་དུ་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱ་རྒྱུར་དམིགས་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་བ་ ༩ ཚེས་ ༠༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་། བོད་དོན་དང་འབྲེལ་བའི་བགྲོ་གླེང་། རིག་གཞུང་འཁྲབ་སྟོན་སོགས་གནང་རྒྱུ་རེད་འདུག །

འབྲེལ་ཡོད་གསར་གནས།

གསར་གནས།