Tibetan Royal Year of 2151 | Year of the Wood Dragon

Milton Keynes ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ Philadelphia རུ་བོད་རང་བཙན་གྱི་ལས་འགུལ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་དབྱིན་ཡུལ་གྱི་ Milton Keynes གྲོང་སྡེ་ལྷན་ཁང་གྱི་སྤྱི་ཁྱབ་གཞོན་པ་དང་ས་གནས་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་མི་བཅས་འདུ་འཛོམས་ཐོག་ས་གནས་སུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཐེངས་ ༡༡ གོ་སྒྲིག་ཞུས་ཏེ་བོད་དང་བོད་མིའི་ཞི་བའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་འདུག

དེ་ཡང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོའི་ཐོག་ Milton Keynes གྲོང་སྡེ་སྤྱི་ཁྱབ་གཞོན་པ་ལྕམ་ Marie Bradburn  ལགས་དང་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་དང་བོད་མི་གཞན་ཞིག དེ་བཞིན་ས་གནས་མང་ཚོགས་བཅས་ལྷན་འཛོམས་གནང་ཡོད་པ་དང་སྐབས་དེར་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་འོག་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་དང་ཐུགས་སྣང་ཡོང་བའི་ཞུ་སྐུལ་གནང་བར་ Marie ལགས་ཀྱིས་ཁོང་བེུད་དང་ལྷག་པར་ཨ་མ་ཞིག་ཡིན་པའི་ཆ་ནས་བོད་ནང་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་བརྒྱུད་བོད་ཕྲུག་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཡོད་པ་གསུངས་ཏེ་ཁོང་ནས་མུ་མཐུད་སྔར་ལྷག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

རྩ་བའི་དབྱིན་ཡུལ་གྱི་ Milton Keynes གྲོང་སྡེ་ལྷན་ཁང་ནས་ས་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་ནི་ཕྱི་ལོ་ ༢༠༡༤ ལོ་ནས་འགོ་ཚུགས་པ་ཞིག་ཡིན་ཞིང། གྲོང་སྡེ་ལྷན་ཁང་གི་ངོས་ནས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་མཚོན་ཆེད་དང་རྒྱལ་ཁབ་ཕན་ཚུན་དབར་ལོ་རྒྱུས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་དམ་འཛིན་གནང་རྒྱུ་དང་། དེ་བཞིན་གྲོང་སྡེ་ལྷན་ཁང་གིས་རང་ཐག་རང་གཅོད་ལ་གུས་བརྩི་ཞུ་རྒྱུ་སོགས་དོན་ཚན་གསུམ་གྱི་ཐོག་ནས་ལོ་ལྟར་ཉིན་མོ་དེ་སྲུང་བརྩི་ཞུ་ཡི་ཡོད་པ་མ་ཟད།  ཉིན་དེར་ས་གནས་གྲོང་སྡེ་ལྷན་ཁང་སྤྱི་ཁྱབ་དང་གཞུང་འབྲེལ་མི་སྣ། དེ་བཞིན་བོད་མིའི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་སྐོར་ལ་གཏམ་བཤད་སྤེལ་སྲོལ་ཡོད་པ་རེད།

ཡང་དེའི་བར་ན་ཨ་རིར་གནས་བཞུགས་བོད་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་སྔ་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་ལོ་གཅིག་རིང་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད་ཀྱི་ལས་འགུལ་སྤེལ་གནང་ཡོད་པའི་ཁྲོད། ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ཕི་ལ་ཌལ་ཕི་ཡར་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་སླར་ལས་འགུལ་སྤེལ་ནས་ ༸གོང་ས་མཆོག་བོད་ལ་གདན་ཞུ་དང་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་དགོས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཁག་གཅིག་ཆེད་བཏོན་གནང་འདུག

ཁ་སང་ཐུབ་བསྟན་ལགས་ཀྱིས་དྲ་ཐོག་ཐད་སྲིང་གིས་བོད་རང་བཙན་ལས་འགུལ་དེ་སྤེལ་སྐབས་བོད་མི་མང་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ས་གནས་སུ་ཆེད་ཕེབས་ཀྱིས་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཕྱག་ལ་བོད་ཀྱི་རྒྱལ་དར་དང་བོད་རྒྱལ་ལོ་དེ་བཞིན་བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པས། བོད་དུ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་ཡོད་ཅེས་འཁོད་པའི་ཤོག་བྱང་ཁག་བསྣམས་ཏེ་༸གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན་རྒྱ་ནག་ལ་རང་དབང་དགོས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་བོད་མི་ཆབ་སྲིད་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། བོད་ནང་དུ་རྒྱ་གཞུང་གཉེར་བཞིན་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་བརྒྱབ་དགོས་པ་སོགས་ཀྱི་འབོད་སྒྲའི་འོག་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་བར་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཁོང་གི་སེམས་ཤུགས་ལ་ཆེ་བསྟོད་ཞུས་པ་དང་སྦྲགས་བོད་མི་ཚོས་བོད་དོན་འཐབ་རྩོད་སླད་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱབ་སྐྱོར་གནང་གལ་ཡིན་པའི་གཞེན་སྐུལ་གནང་འདུག

རྩ་བའི་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་ལས་འགུལ་དེ་ནི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་མངའ་སྡེ་ Pennsylvania འི་ཕི་ལ་ཌྲལ་ཕི་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་སྔ་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་འགོ་བཙུགས་གནང་པ་ཞིག་པ་དང་ཁོང་གིས་འདས་པའི་ལོ་གཅིག་རིང་གི་བདུན་ཕྲག་རེར་ཉིན་ལྔ་རེ་དང་ཉིན་རེར་ཆུ་ཚོད་གཉིས་རེའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།