Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་ཀྱི་གཏམ་བརྗོད་དུས་སྟོན་ཆེ་ཤོས་ཀྱི་དབུ་འབྱེད་ཐོག་པ་ལགས་ཞེས་པའི་གཏམ་བརྗོད་གཟིགས་ཕུད་ཞུས་པ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཁ་སང་ཕྱི་ཚེས་ ༩ ཉིན་འཇར་མ་ནིའི་ Recklinghausen ཞེས་པའི་ས་ཚིགས་སུ་ Ruhrfestspiele ཞེས་ཡོ་རོབ་ཁུལ་གྱི་གཏམ་བརྗོད་དུས་སྟོན་ཆེ་ཤོས་སམ་རྙིང་ཤོས་དབུ་འཛུགས་གནང་བ་དང་བསྟུན་དུས་སྟོན་གྱི་དབུ་འབྱེད་ཐོག་བོད་ཀྱི་གཏམ་བརྗོད་ཚོགས་པས་པ་ལགས་ཞེས་པའི་གཏམ་བརྗོད་དེ་གཟིགས་ཕུད་ཞུས་འདུག

Tibet Initiative Deutschland ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ། བོད་ཀྱི་གཏམ་བརྗོད་ཚོགས་པ། དེ་བཞིན་ Swiss-Tibetan Friendship Society ཞེས་སུད་བོད་མཐུན་གྲོགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ཡོ་རོབ་འཇར་མ་ནི་དང་སུད་སི་ཁུལ་དུ་བོད་ཀྱི་གཏམ་བརྗོད་ཚོགས་པའི་ངོས་ནས་པ་ལགས་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་ཐེངས ༢༣ པ་དེ་གནང་རྒྱུའི་ཁྲོད་ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༧།༠༠ ཐོག་ Ruhrfestspiele ཞེས་གཏམ་བརྗོད་དུས་སྟོན་ཆེ་ཤོས་ཀྱི་དབུ་འབྱེད་མཛད་སྒོ་ཐོག་གཟིགས་ཕུད་ཞུས་པ་དང་། སྐབས་དེར་གཟིགས་མོ་བ་ཚོས་སེམས་ཚོར་ཆེན་པོས་རྒྱབ་སྐྱོར་གྱི་དགའ་བསུ་གནང་འདུག

རླུང་འཕྲིན་ཁང་གིས་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་སུ་ཡོ་རོབ་ཁུལ་གྱི་གཏམ་བརྗོད་སྐོར་སྐྱོད་དང་འབྲེལ་བའི་བཅར་འདྲི་ཞུས་པར་གཏམ་བརྗོད་དུས་སྟོན་དབུ་འབྱེད་ཀྱི་སྐབས་སུ་པ་ལགས་གཟིགས་ཕུད་ཞུས་པ་དང་ལྷན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྲོང་ཁྱེར་ Berlin ནང་སྐོར་སྐྱོད་བྱས་པ་སྟབས་ཁེལ་པར་བརྟེན་གཏམ་བརྗོད་གཟིགས་འབུལ་གྲུབ་མཚམས་སུ་འཇར་མ་ནིའི་བརྙན་འཕྲིན་ཚན་པ་ཆེ་ཤོས་གཉིས་པས་ཁོང་རྣམས་ལ་བཅར་འདྲི་ཞུས་ཏེ་བརྙན་འཕྲིན་བརྒྱུད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་སྐོར་སྐྱོད་གསར་འགྱུར་དང་ལྷན་དུ་བོད་ཀྱི་གཏམ་བརྗོད་ཚན་པས་བོད་མིའི་འཐབ་རྩོད་མཚོན་པའི་གཏམ་བརྗོད་པ་ལགས་ཞེས་པ་དེ་གཟིགས་ཕུད་ཞུས་པའི་གནད་དོན་རྒྱང་སྲིང་གནང་བར་འགྲིག་མིན་གྱི་སྐྱོན་བརྗོད་སོགས་བྱས་སྐོར་གསུངས་སོང་།

ལྷག་པ་ལགས་ཀྱིས་གཏམ་བརྗོད་སྐོར་སྐྱོད་ཁྲོད་འཇར་མ་ནི་ཁུལ་དུ་གཏམ་བརྗོད་ཁང་མི་འདྲ་བ་དགུའི་ནང་འཁྲབ་སྟོན་ཐེངས་ཉི་ཤུ་དང་། སུད་སི་ཁུལ་གྱི་གཏམ་བརྗོད་ཁང་ཁག་གཉིས་ཀྱི་ནང་འཁྲབ་སྟོན་ཐེངས་གསུམ་གནང་རྒྱུ་ཡིན་པར་གསུངས་ཡོད།

དེ་བཞིན་ Tibet Initiative Deutschland ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལགས་ཀྱིས་པ་ལགས་ཀྱི་གཏམ་བརྗོད་དེ་རྒྱ་གར་བྱང་ཕྱོགས་དང་ལྷོ་ཕྱོགས་སུ་གཟིགས་འབུལ་ལེགས་གྲུབ་ཀྱིས་འཁྲབ་སྟོན་པ་ཡོངས་རྫོགས་ཡོ་རོབ་ཁུལ་དུ་གཟིགས་འབུལ་ཞུ་སླད་འཇར་མ་ནིར་གདན་ཞུ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ཡོ་རོབ་ཁུལ་གྱི་གཏམ་བརྗོད་དུས་སྟོན་ཆེ་ཤོས་སམ་རྙིང་ཤོས་ཐོག་ཁ་སང་པ་ལགས་གཏམ་བརྗོད་གཟིགས་ཕུད་ཞུས་པ་དེ་ནི་བོད་མིའི་གཏམ་བརྗོད་གཟིགས་འབུལ་ཞུས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པར་མ་ཟད། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྒྲུང་དང་གནད་དོན། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་རྒྱལ་སྤྱིའི་སྡིངས་ཆར་སླེབས་ཐུབ་པ་གནང་རྒྱུ་དེ་ཡིན་ཞེས་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།