Tibetan Royal Year of 2151 | Year of the Wood Dragon

བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཐུབ་ཚེ་རྒྱ་དཀར་ནག་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་རྣམས་སེལ་ངེས་རེད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་ཕྱོགས་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཐུབ་ཚེ་རྒྱ་དཀར་ནག་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་རྣམས་སེལ་ངེས་རེད་ཅེས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་ནང་གི་གཞུང་འབྲེལ་འཚམས་གཟིགས་ཁག་གྲུབ་རྗེས་ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་གཙོས་བོད་མིའི་གནས་ཡུལ་ས་གནས་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སིམ་ལ་ས་གནས་སུ་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་རྣམས་ཀྱི་བཀའ་འདྲིར་བཀའ་ལན་གནང་བར་སིམ་ལའི་ཆིངས་ཡིག་གི་ཆ་ཤས་སུ་བཞག་པའི་ McMahon line ཞེས་པའི་ས་མཚམས་ཀྱི་གྲོས་མཐུན་དེ་རང་དབང་རང་བཙན་ལྡན་པའི་བོད་རྒྱལ་ཁབ་དང་དེ་སྔིའི་རྒྱ་གར་དབྱིན་གཞུང་གཉིས་ཀྱི་དབར་བཞག་པའི་མཐའ་མཚམས་ཀྱི་གྲོས་མཐུན་གལ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

ལྷག་དོན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་མི་རྣམས་ལ་ཁ་བྲལ་བ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་གཙོ་བོ་དེ་རྒྱ་ནག་གཞུང་རང་ཉིད་ཆགས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དུ་ཕྱོགས་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་ལྟར་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཐུབ་ཚེ་རྒྱ་དཀར་ནག་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་རྣམས་སེལ་ངེས་རེད་ཅེས་གསུངས་འདུག

སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་དྲ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་བེད་སྤྱོད་ལོག་པར་བཏང་སྟེ་བོད་དང་འབྲེལ་བའི་གནས་ཚུལ་ཁག་ལོག་འགྲེལ་སྣ་མང་བྱས་ནས་སྤེན་བཞིན་པའི་གནས་སྟངས་རྣམས་ཐེར་འདོན་གནང་བ་དང་ཆབས་ཅིག  ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་དབར་མཐའ་མཚམས་དང་འབྲེལ་བའི་གྲོས་མོལ་ཁྲོད་རྒྱ་གར་གཞུང་གིས་འཛེམ་ཟོན་གང་ཡང་མེད་པར་སྲིད་བྱུས་མཁྲེགས་པོ་འཛིན་བཞིན་པ་ནི་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡིན་པ་སོགས་གསུངས་འདུག

ཁ་སང་སྲིད་སྐྱོང་མཆོག་གིས་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར་དང་འབྲེལ་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ལ་དབྱེ་འབྱེད་མེད་པར་ཤེས་ཡོན་གྱི་གོ་སྐབས་དང་མཐུན་རྐྱེན་གཅིག་མཚུངས་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

གཞན་ཡང་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ་འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་ངོ་སྤྲོད་དང་སྦྲགས། གཞོན་སྐྱེས་རྣམས་ནས་ལོ་རྒྱུས་ལ་དོ་སྣང་གནང་གལ་ཡིན་པ་དང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་ནང་ལ་ཕྱིའི་དངོས་པོ་ཡར་རྒྱས་ཆེས་ཆེར་བཏང་ཡོད་སྐོར་བཤད་ཡོད་ཀྱང་། ཡར་རྒྱས་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཁྲོད་དུ་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་ཡོད་པར་མ་ཟད། བོད་ནས་ཐོན་པའི་གཙང་ཆུ་ཆེ་ཁག་ཐོག་ཆུ་མཛོད་གསར་རྒྱག་དང་གཙང་པོ་ཁ་སྒྱུར་སོགས་བྱས་ཏེ་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མི་ཁོ་ན་ཙམ་མིན་པར་ཨེ་ཤ་ཡའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག

དེ་རིང་སྲིད་སྐྱོང་མཆོག་གིས་སིམ་ལར་རྟེན་གཞི་བྱས་པའི་དཔལ་ལྡན་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དགོན་པ་དང་། ས་གནས་ཀྱི་རྒས་གསོ་ཁང་། དེ་བཞིན་སིམ་ལ་གཞིས་ཆགས་ཀྱི་ཁྱབ་ཁོངས་ཁ་འཐོར་བོད་མིའི་གནས་སྡོད་སངས་རྒྱས་ཆོས་གླིང་གྲོང་སྡེ་དང་། རང་བཙན་གྲོང་སྡེ་སོགས་སུ་གཟིགས་ཞིབ་གནང་ཡོད་པ་དང་། ཐེངས་འདིའི་སིམ་ལ་ནང་གི་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Shiv Pratap Shukla མཆོག་དང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་རྣམ་གཉིས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།