Tibetan Royal Year of 2151 | Year of the Wood Dragon

Spain གྲོས་ཚོགས་འཐུས་མི་ཟུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ།

Tibetan News Headlines

  • Women of Tibet: Tsering Dolkar | Former Political Prisoner

རེས་གཟའ་ཉིན་མ། ༢༠༢༤།༠༦།༢༣

  • བོད་ཀྱི་བེུད་ལས་ཚན། ཆབ་སྲིད་བཙོན་ཟུར་སྨིན་དྲུག་ཤར་ཚེ་རིང་སྒྲོལ་དཀར་ལགས།

ཟླ་བ་འདིའི་ཚེས་ ༡༠ ཉིན་ Spain གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཟུར་པའི་ལྷན་ཚོགས་ཀྱིས་གདན་ཞུ་ལྟར། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། དེ་བཞིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་བཀྲས་མཐོང་དབང་པོ་ལགས་བཅས་སི་པེན་གྲོས་ཚོགས་ཁང་ནང་དུ་ཕེབས་ནས་ལྷན་ཚོགས་དེའི་ཚོགས་གཙོ་དང་དྲུང་ཆེ་དབུས་པའི་འཐུས་མི་ཟུར་པ་ཁག་གཅིག་ལ། སྤྱིར་བོད་དོན་སྐོར་གླེང་སློང་གནང་བ་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་བསྡུར་ལྷུག་པོ་གནང་འདུག་པ་མ་ཟད། མཇལ་མོལ་དེའི་ཁྲོད་ Spain གྲོས་ཚོགས་ཀྱི་འཐུས་མི་ཟུར་པའི་ལྷན་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ་གྲོས་འཆམ་བྱུང་འདུག

Spain Former Parliamentarians
Photo: Tibet.Net

མཇལ་མོལ་དེའི་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་ལགས་ཀྱིས་རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་ལས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་བསམ་བཞིན་དུ་རྒྱ་སྡེར་བསྒྱུར་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དག་གསལ་འདོན་གནང་འདུག་པ་དང་། དེ་བཞིན་ཁོང་གིས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་ཤར་བསྐྱོད་བྱེད་བཞིན་ཡོད་པ་དེ་ལྟར་ཡང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཅི་ནས་ཀྱང་དགོས་པའི་གལ་གནད་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་འདུག

དེ་བཞིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བཀྲས་མཐོང་དབང་པོ་ལགས་རྣམ་གཉིས་ཀྱིས་སྤྱིར་ཡོ་རོབ་ཁུལ་ནང་གི་བོད་དོན་གནས་འབབ་སྐོར་དང་བྱེ་བྲག་ཏུ་བོད་ནང་གི་ཆོས་དད་རང་དབང་མེད་པའི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་འདུག

མ་ཟད་སྐབས་དེར་ Spain གྲོས་ཚོགས་ཀྱི་འཐུས་མི་ཟུར་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ Juan Van Halen ལགས་དང་། དྲུང་ཆེ་ Fernando Sanz ལགས་ཀྱིས་སི་པེན་གྲོས་ཚོགས་འཐུས་མི་ཟུར་པ་རྣམས་ནས་བོད་ཀྱི་གནད་དོན་ཐད་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསལ་འདོན་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་འབྲེལ་ལས་འགུལ་ཅི་རིགས་སྤེལ་བར་རྒྱབ་སྐྱོར་གནང་རྒྱུ་ཁེས་ལེན་གནང་བ་མ་ཟད། ལྷན་ཚོགས་དེའི་ཁྲོད་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆུང་ཆེད་འཛུགས་ཀྱིས་ད་ལྟའི་འཆར་ཚོགས་པ་དེབ་སྐྱེལ་སོགས་ཀྱི་ལས་དོན་གྲ་སྒྲིག་ཡིན་པ་རེད་འདུག

Spain Former Parliamentarians
Photo: Tibet.Net

རྩ་བའི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་འགྲེལ་བརྗོད་གནང་བ་བཞིན། Spain གྱི་གྲོས་ཚོགས་གོང་མའི་ནང་སྔ་ལོ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་བཙུགས་གནང་ཡོད་པ་དང་། ཚོགས་ཆུང་དེ་གསར་བཙུགས་གནང་མཁན་ཁོངས་སུ་ཡོད་པའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ Robert Nahar ལགས་ཀྱིས་རྐང་འགན་བཞེས་ཐོག་ད་རེས་བོད་མིའི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ཟུར་པའི་ལྷན་ཚོགས་གཉིས་དབར་ཐུག་འཕྲད་ཀྱི་ལས་རིམ་དེ་ཚོགས་ཐུབ་པ་ཞིག་ཆགས་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཐེངས་འདིའི་མཇལ་མོལ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང། ཕྱོགས་ཡོངས་ནས་ད་ལྟའི་སི་པེན་གྲོས་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཆེད་ཕེབས་གནང་བ་དེ་ནི་མ་འོངས་པར་ཕན་ཚུན་མཉམ་ལས་ཀྱི་གཞི་རྩའི་རྨང་གཞི་བརྟན་པོ་གལ་གནད་ཅན་ཞིག་བཙུགས་ཡོད་པ་མཚོན་ཐུབ་ཀྱི་ཡོད་སྐོར་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།