Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་བ་འདིའི་ཚེས་ ༡༨  ནས་ཚེས་ ༢༧  བར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་སྡེ་ཁག་གཅིག་རྒྱལ་ས་ལྡི་ལི་དང་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་མུས་ལྟར། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་འཛིན་རིམ་བཅིུས་ཀྱི་སློབ་མ་གྲངས་ ༣༤ དང་དགེ་ལས་ ༢ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློབ་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་མི་རབས་རྒན་པ་རྣམས་རིམ་བཞིན་མེད་པ་འགྱུར་བཞིན་ཡོད་སྟབས་ད་ལྟའི་མི་རབས་གཞོན་པ་ཚོས་མི་རབས་གོང་མའི་རྒྱུན་མཐུད་དགོས་པར་མ་ཟད་ད་ལྟའི་འཛམ་གླིང་གི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དག་ངེས་པར་དུ་ཤེས་དགོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་ཚོས་རིགས་པས་དཔྱད་པ་གནང་བ་མ་གཏོགས་ཟེར་སྲོལ་ཙམ་ལ་ཆ་འཇོག་མི་གནང་བར་ཕྱག་དཔེ་དུ་མ་གཟིགས་ཀྱི་ཡོད། དེས་ན་ཁྱེད་རང་ཚོས་ཀྱང་གནས་ཚུལ་གང་ཡིན་ལ་ལྟོས་མེད་རིགས་པ་ཡང་དག་པས་དཔྱད་དགོས་ཞེས་ལམ་སྟོན་མཛད་འདུག

རླུང་འཕྲིན་ཁང་གི་གསར་འགོད་པས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་རྒན་སྟོབས་རྒྱལ་ལགས་སུ་སློབ་མ་དེ་དག་རྒྱ་གར་དུ་ཤེས་ཡོན་ལྟ་སྐོར་ཀྱི་སྐོར་སྐྱོད་ཆེད་ཁྲིད་པའི་དམིགས་ཡུལ་གཙོ་བོ་གང་ཡིན་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གར་གྱི་ཤེས་ཡོན་གནས་བབ་སྤྱི་དང་སྒོས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ཤེས་ཡོན་གནས་སྟངས་ཇི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་གསུངས་སོང་།

དེ་བཞིན་གསར་འགོད་པས་བལ་ཡུལ་ནས་རྒྱ་གར་དུ་ཤེས་ཡོན་ལྟ་སྐོར་ཆེད་བཅར་བའི་སློབ་མ་འགའ་ཞིག་ལ་བཅར་འདྲི་ཞུས་སྐབས་ཁོང་རྣམས་ཀྱིས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།

རྩ་བའི་ཐེངས་འདིའི་ཤེས་ཡོན་ལྟ་སྐོར་ཁྲོད་ཁོང་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་བོད་ཀྱི་འགྲེམས་སྟོན་ཁང་། བོད་ཀྱི་དཔེ་མཛོད་ཁང་སོགས་ལ་ཤེས་ཡོན་ལྟ་སྐོར་གནང་བཞིན་ཡོད་པ་དང་། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་བོད་རིགས་གཞོན་སྐྱེས་དེ་དག་ལ་ཤེས་ཡོན་གྱི་གལ་འགངས་དང་གཞོན་སྐྱེས་ཀྱི་འགན་ཁྲིའི་སྐོར་ལ་ལམ་སྟོན་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།