Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ངོ་སྤྲོད།

བཀྲིས་སྟོབས་རྒྱལ། ‘’ང་ལུག་རྫི་གཅིག་སྲིད་སྐྱོང་འོས་མིར་ལངས་པ་དེས་བོད་མི་གཞན་ཚོས་བྱ་མི་ཐུབ་པ་ཅི་ཡོད་ཅེས་རྒྱ་གཞུང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད།” “ཆབ་སྲིད་ཀྱི་མི་གཅིག་བྱེད་པར་ཤེས་ཡོན་གྱི་ཆ་རྐྱེན་གང་ཡང་དགོས་ཀྱི་མ་རེད།” “དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྗོད་མེད་ཤར་བསྐྱོད་ཞུ་རྒྱུ་ཡིན།’’ “བོད་མི་རྣམས་དཔྱ་ཁྲལ་སྤྲོད་མི་དགོས་པ་བཟོས་ཀྱི་ཡིན།” “ང་རང་༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ ༡༠༠ ཕེབས་པའི་སྔ་རོལ་བོད་དུ་གདན་ཞུ་ཐུབ་ཀྱི་རེད་བསམ་ནས་ལངས་པ་ཡིན།” “༸གོང་ས་མཆོག་གཅིག་པོ་མིན་པར་མི་མང་གིས་འགན་འཁུར་ནས་རྒྱ་ནག་ལ་ཚོར་སྣང་ཞིག་སྤྲད་ནས་བོད་དོན་བདེན་མཐའ་སེལ་རྒྱུ་ཡིན།” “དབུ་མའི་ལམ་གྱི་ཐོག་ནས་ཤེས་ཡོན་ལྡན་པའི་བོད་མི་སྤུན་ཚད་ལྡན་ཞིག་བཟོ་རྒྱུ་ཡིན།’’ ‘’བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ནི་ཤིན་ཏུ་ནས་ལས་སླ་བའི་གནད་དོན་ཞིག་རེད།’’ ‘’ལངས་ཕྱོགས་གང་བཟུང་ཡང་རྒྱ་ནག་ལ་ཚོར་སྣང་སྤྲོད་ཐུབ་པའི་འགན་འཁུར་བླང་དགོས།’’ http://www.youtube.com/watch?v=dz-L1PopspU

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ངོ་སྤྲོད། Portrait: 2016 Sikyong Candidate Tashi Wangdue

བཀྲིས་དབང་འདུས། “ཉམས་མྱོང་ཡོད་པས་སྲིད་སྐྱོང་ལངས་རྒྱུར་གདེང་ཚོད་ཀྱང་ཡོད།” “ལོ་ཉི་ཤུ་རིང་ལས་ཀ་བྱས་ནས་བསླེབས་པ་རེད་མ་གཏོགས་སྐད་ཆ་བཤད་ནས་བསླེབས་པ་མ་ཡིན།” “མི་དམངས་ནས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་འཕེལ་བའི་ལས་འཆར་བཀོད་སྒྲིག་གནང་གལ་ཆེ།” “གཞིས་ཆགས་སྲ་བརྟན་ཡོང་བར་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་གསར་འཛུགས་བྱ་དགོས།” “མཐོ་སློབ་ཏུ་བསྐྱོད་མཁན་གྱི་བོད་སློབ་ཚོར་སློབ་ཡོན་གྱི་རམ་འདེགས་ཞུ་རྒྱུ་ཡིན།” “བོད་རྒྱ་གཉིས་ཀྱི་བར་གྲོས་མོལ་བྱ་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེ་གཅིག་རེད།” “བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་གཙོས་ཚོགས་ཁག་སླར་གསོ་བྱ་དགོས།” “དོལ་རྒྱལ་རྗེས་འབྲང་པ་ཚོ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་མི་འགྲིག་པའི་སློབ་སྟོན་ཐོག་ཚུར་འགུག་ཐབས་བྱ་དགོས།” “འོས་འཕེན་སྐབས་འཕེན་ཡུལ་དེར་བརྟག་ནས་འདེམས་དགོས།”

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ངོ་སྤྲོད། Portrait: 2016 Sikyong Candidate Penpa Tsering

སྤེན་པ་ཚེ་རིང་། "སྲིད་སྐྱོང་ལངས་རྒྱུའིི་གདེང་ཚོད་ཡོད་ལ་དང་སྤོབས་པ་ཡང་ཡོད། སྔོན་མ་ནས་སྤྱི་པའི་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་ཡོད།” "ད་བར་སྤྱི་པའི་ལས་དོན་ལ་འཐུས་ཤོར་བཏང་མྱོང་མེད།” “ཆོལ་གསུམ་ཆིག་སྒྲིལ་དང་མང་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་སྤུངས་ཐོག་འབད་རྒྱུ་ཡིན།” “གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བ་ཡིན།” “ང་ཚོའི་འཐབ་རྩོད་ཀྱི་དཀའ་ངལ་དེ་ཕྱི་མིས་སེལ་ཐུབ་ཀྱི་མ་རེད།” “བོད་ཀྱི་འཕྲལ་ཕུགས་ཀྱི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་ལས་ལྷག་པ་མེད།” “ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་གཙོ་བོ་ལེགས་ཉེས་བླང་དོར་གྱི་བློ་མིག་འབྱེད་ཆེད་རེད།” “རྒྱ་གཞུང་གི་རོགས་དངུལ་ཆད་མཚམས་དོལ་རྒྱལ་རྗེས་འབྲང་པ་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད།” “འོས་འཕེན་སྐབས་ཕྱོགས་རིས་མེད་པར་རྩ་དོན་ལ་ཕན་པའི་གང་ཟག་འདེམས་དགོས།”

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཀླུ་མཁར་བྱམས་ལགས་ནས་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་ཐོག་ནས་ ༢༠༡༥ དང་ ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་པ།

Latest news

- Advertisement -spot_img