Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་ནས་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཆེ་བ་གནང་དགོས་པར་བཀའ་བསྩལ་འདུག

༸གོང་ས་མཆོག་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་༸ཞབས་སོར་བདེ་བར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཨི་ཊ་ལི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྔ་ཚོུད་ ༨།༠༠ ཙམ་ལ་ཡུལ་དེའི་གྲོང་ཁྱེར་ Pisa ནས་མཁའ་ལམ་བརྒྱུད་ Latvia འི་རྒྱལ་ས་ Riga ཕྱོགས་སུ་ཆིབས་ཐོན་མཛད་ནས་ཉིན་རྒྱབ་ཚོུད་ ༡༡།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་བོད་སྐྱོབ་ཚོགས་པའི་ཚོགས་མི་དང་ཁུལ་དེའི་དད་ལྡན་མང་ཚོགས་གཙོ་གྱུར་གྱི་ནང་སྲོག་དང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ལ་རི་གྷ་གྲོང་གྱི་ Skonto ཚོགས་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ལ་ཚོགས་ཁང་དེའི་ནང་དུ་ས་གནས་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་ས་རི་གྷ་ནང་གི་མཛད་འཆར་ཁྲོད།...

༸གོང་ས་མཆོག་ནས་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཆེ་བ་གནང་དགོས་པར་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ Italy འི་ Sicily དང་ Tuscany མངའ་སྡེའི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་དང་། དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ Tuscany མངའ་སྡེའི་ Pisa གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Piazza dei Cavalieri ཞེས་པར་ས་གནས་ཀྱི་སློབ་ཕྲུག་དང་དགེ་ལས། ས་གནས་མང་ཚོགས་བཅས་ལ་ཤེས་ཡོན་དང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་མཆོག་ནས་ང་ཚོས་རྒྱུན་དུ་ཕྱི་ལུས་པོའི་འཕྲོད་བསྟེན་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར། ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐད་ལ་ཡང་དེ་མཚུངས་ཀྱི་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་པོ་བྱུང་ཚེ་རང་ཉིད་ཀྱི་ལུས་པོ་དེ་བདེ་ཐང་དང་སྐྱིད་པ་ཡོང་གི་རེད་ཅེས་བཀའ་སྩལ་དང་འབྲེལ། གཙོ་བོ་སེམས་ཁམས་ཀྱི་འཕྲོད་བསྟན་དེ་ཁྲོམ་ར་ནས་ཉོ་རྒྱུ་དང་སྨན་ཁང་ནས་བཟོ་རྒྱུ་སོགས་མེད་སྟབས། རྒྱུན་དུ་རང་ཉིད་ཀྱི་རྣམ་དཔྱོད་ཐོག་ནས་ཁོང་ཁྲོ་དང་ཞེ་སྡང་སོགས་སེམས་ཁམས་དང་འབྲེལ་བའི་སེམས་ཚོར་དྲག་པོ་རྣམས་ལ་གདོང་ལེན་གནང་གལ་ཡིན་པར་ལམ་སྟོན་མཛད་འདུག མགོན་པོ་མཆོག་གིས་དགེ་སློབ་རྣམས་པར་གཙོ་བོར་དམིགས་ཏེ་དེང་སང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་དེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཞན་ཆ་ཞིག་ཡིན་སྟབས། ཚང་མས་དེར་བསྒྱུར་བཅོས་གང་དགོས་མིན་ཐད་བསམ་བློ་གཏང་དགོས་པ་དང་། ལྷག་པར་དུ་མ་འོངས་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདག་པོ་དེ་ནི་ད་ལྟ་འཚར་ལོངས་བྱུང་བཞིན་པའི་སློབ་ཕྲུག་རྣམས་ཡིན་པས་སློབ་མ་ཚོའི་ངོས་ནས་ད་ལྟ་ནས་འཛམས་གླིང་འདི་ཞི་བདེ་དང་དྲང་བདེན།...

Latest news

- Advertisement -spot_img