Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཉེ་བའི་རིགས་བདག་གི་ཚོགས་ཆེན་ཐོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ།

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་ Mangalore གྲོང་ཁྱེར་ནང་གི་ Father Muller ཚོགས་ཁང་ཆེན་མོར་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་འདུག མགོན་པོ་༸གང་ཉིད་མཆོག་ཁ་སང་ Mangalore གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་དེ་རིང་སྔ་དྲོ་ཁུལ་དེའི་ Kankanady ས་གནས་སུ་ཆགས་པའི་ Father Muller ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ་དེར་འཛོམས་པའི་ཡི་ཤུའི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་སྤྱིས་གཙོས་པའི་ཚོགས་བཅར་བ་ཡོངས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་འདུག དེ་རིང་གི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མའི་ངོས་ནས་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་དགོས་པ་དང་། འགྲོ་བ་མི་གཅིག་མཚུངས་ཀྱི་བློ་འཛིན་དགོས་པ། དེང་སྐབས་སློབ་ཕྲུག་གཞོན་སྐྱེས་ཚོར་ཕྱི་དངོས་པོའི་ཤེས་ཡོན་སྤྲད་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་མཛད་འདུག གཞན་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་ནས་མེང་ལོར་གྲོང་ཁྱེར་དང་ཉེ་འཁོར་གྱི་མཐོ་སློབ་ཁག་ཏུ་སློབ་བཞིན་པའི་བོད་པའི་སློབ་ཕྲུག་ ༢༣༠ སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང་། དེ་བཞིན་མེང་ལོར་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་དང་གཙུག་ལག་སློབ་གཉེར་ཁང་ཞིག་གི་རིགས་བདག...

༸གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གཉིས་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཇམྨུ་ཀཤྨིར་དང་ཨུ་ཏྲ་པྲ་དེ་ཤ་མངའ་སྡེ་གཉིས་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཕྱིར་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། མགོན་པོ་༸གང་ཉིད་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཇམྨུ་ཀཤྨིར་ཕྱོགས་སུ་ཆིབས་ཐོན་མཛད་དེ་ཕྱི་ཚེས་ ༡༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་སློབ་མཐར་སོན་པའི་སློབ་མ་ཚོར་ལེགས་གསོའི་བསྔགས་བརྗོད་དང་ཕྱག་འཁྱེར་ཁག་གསོལ་བསྩལ་དང་སྦྲགས། དགེ་ལས་སློབ་མ་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། ཁུལ་དེའི་མཛད་འཕྲིན་ཁག་གྲུབ་རྗེས་ཕྱི་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་ཏྲ་པྲ་དེ་ཤ་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱབས་ཏེ་ཁུལ་དེར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་བའི་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ ཐོག་དབུ་བཞུགས་ཀྱིས་འདས་པའི་ཉིན་གྲངས་གཉིས་རིང་ལ་ཚོགས་བཅར་བ་ཤེས་ལྡན་མི་སྣ་ཚོ་དང་ལྷན་དུ་འཁྲུག་ཆ་ཆེ་བའི་དུས་སྐབས་འདིར་འགྲོ་བ་མིའི་རིན་ཐང་ལ་དོ་སྣང་གནང་གལ་ཡིན་སྐོར་བཀའ་བསྡུར་མཛད་ཡོད་པ་མ་ཟད། དེང་གི་དུས་སྐབས་འདི་ལ་འགྲོ་བ་མི་གཅིག་འགྱུར་གྱི་བསྡུ་ཤེས་དང་བཟང་སྤྱོད་གོང་སྤེལ་གནང་གལ་ཡིན་པར་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་དང་བསྟུན། ཁ་སང་ཚེས་ ༢༠ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ཚོ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དེང་སྐབས་རྒྱལ་སྤྱིའི་མཁས་པ་མི་ཉུང་བ་ཞིག་ནས་ད་ལྟ་ཡོད་བཞིན་པའི་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ཁྲོད་ཞན་ཆ་ཡོད་པ་གཟིགས་ཏེ། རྒྱ་གར་གྱི་གནའ་བོའི་རིག་གནས་ཐོག་དོ་སྣང་བྱེད་བཞིན་ཡོད་སྐོར་བཀའ་བསྩལ་དང་སྦྲགས། དེང་གི་རིག་གནས་དེ་དག་ཆ་ཚང་བ་ཞིག་བོད་ཀྱི་སྐད་ཡིག་ཐོག་མཇལ་རྒྱུ་ཡོད་སྟབས་རིག་གནས་དེ་དག་ནང་ཡོད་པའི་ཚད་མ་རིག་པའི་རྣམ་གཞག་དང་སེམས་འཚོར་གྱི་བྱེད་ལས་ཐོག་སེར་སྐྱ་ཁྱད་མེད་ཀྱིས་སློབ་གཉེར་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག ལྷག་དོན་བར་སྐབས་ནས་དོ་སྣང་ཅན་གྱི་རྒྱ་རིགས་ཤེས་ལྡན་མི་སྣ་མང་དག་ཞིག་ནས་ཐུན་མོང་མ་ཡིན་པའི་རིག་གནས་དེ་དག་ཐོག་སློབ་གཉེར་གནང་ཆེད་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་མཁན་ཡང་ཡོང་གི་ཡོད་པ་བཀའ་སྩལ་བ་དང་འབྲེལ་ནས་ང་ཚོའི་ངོས་ནས་ཁོང་རྣམས་ལ་རིག་གནས་སློབ་སྦྱོང་གནང་སའི་བསྟི་གནས་གསར་པ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཆེད་འཛུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་གང་ཐུབ་མཐུན་འགྱུར་གནང་ཐུབ་པ་བྱུང་ཚེ་དགེ་མཚན་ཆེན་པོ་ཡོད་པར་ལམ་སྟོན་ཡང་བསྩལ་ཡོད། མཛད་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་དུ་ཚོགས་གཏན་འཁེལ་བའི་བོད་ཀྱི་ཞོ་སྟོན་ཐེངས་...

འགྲོ་བ་མིའི་བཟང་སྤྱོད་ཐོག་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཡིན་པའི་ལམ་སྟོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་འདུའི་ཉིན་གཉིས་པའི་ཐོག་༸གོང་ས་མཆོག་ཤེས་ལྡན་མི་སྣའི་དབར་ལ་འཁྲུག་ཆ་ཆེ་བའི་དུས་སྐབས་འདིར་འགྲོ་བ་མིའི་རིན་ཐང་ལ་དོ་སྣང་གནང་དགོས་གལ་ཡིན་པའི་སྐོར་བཀའ་བསྡུར་མཛད་ཡོད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་འགྲོ་བ་མིའི་རང་བཞིན་དེ་བྱམས་སྙིང་རྗེ་ཡིན་པ་དང་། དེའང་ཆོས་ཕྱོགས་དང་འབྲེལ་བ་བཏགས་ནས་བཤད་པ་ཙམ་མིན་པར་ཉེ་དུས་སུ་རྒྱལ་སྤྱིའི་ཚན་རིག་མཁས་པ་ཁག་ཅིག་ནས་སྐད་ཡིག་གང་ཡང་མ་ཤེས་པའི་བྱིས་པ་ཟླ་བ་ལྔ་དྲུག་ཙམ་སོང་ཟིན་ཁག་ཅིག་གི་སེམས་ཁམས་ཀྱི་འཚར་ལོངས་དང་མྱོང་བ་སོགས་ལ་དཔྱད་ཞིབ་གནང་སྐབས། འགྲོ་བ་མིའི་རང་བཞིན་ངོ་མ་དེ་བྱམས་སྙིང་རྗེ་ཡིན་པ་ཡོངས་གྲགས་སུ་བསྒྲུབ་ཡོད་པ་བཀའ་སྩལ་དང་སྦྲགས། རིམ་བཞིན་བྱིས་པ་དེ་དག་སྤྱི་ཚོགས་ནང་འཚར་ལོངས་བྱུང་སྐབས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས། ལྷག་ཏུ་ཁོང་རྣམ་པའི་འཚར་ལོངས་ཐོག་དངོས་སུ་ལག་བསྟར་གནང་བཞིན་པའི་ཤེས་ཡོན་སློབ་གསོ་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོ་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་། དེ་འབྲེལ་བཟང་སྤྱོད་ཐོག་ལ་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཞིག་ཡིན་པའི་ལམ་སྟོན་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱིའི་དངོས་པོ་ཡར་རྒྱས་གཙོ་བོར་དམིགས་པའི་ཤེས་ཡོན་གྱི་ལམ་ལུགས་ཁྲོད་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དེ་དག་ཀྱང་འཕྲལ་སེལ་གྱི་བདེ་བ་ཁོ་ནའི་ཐོག་སྤྱོད་པ་མ་ཟད། ལྷག་པར་དུ་ང་དང་ཁོ་ཞེས་སྤྱི་ཚོགས་ཁྲོད་དབྱེ་འབྱེད་ཀྱི་རྣམ་པ་ཆེ་རུ་གཏོང་བཞིན་ཡོད་སྟབས། ང་ཚོས་ཤེས་ཡོན་སློབ་གསོ་ཁྲོད་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་སྐོར་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་འདུག གཞན་ཡང་དེ་རིང་ཉིན་གཉིས་པའི་ཐོག་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས་གཙུག་ལག་སློབ་གཉེར་ཁང་དེས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་དང་འབྲེལ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་ཞེས་པའི་བསླབ་གཞི་གཏན་འབེབས་གནང་ཟིན་སྐོར་ངོ་སྤྲོད་གནང་སོང་བ་མ་ཟད། མ་ཧཱ་རཤ་ཊཱ་མངའ་སྡེ་ནང་ཡོད་པའི་ Mahatma Gandhi Antarrashtriya དབུས་གཙུག་ལག་སློབ་གཉེར་ཁང་དང་། ཨོ་ཌི་ཤ་མངའ་སྡེ་ནང་ཡོད་པའི་ Sambalpur གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ཉེ་བའི་རིགས་བདག་སྐུ་ཞབས་ Girishwar Mishra ལགས་དང་སྐུ་ཞབས་...

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཀྱི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ ཐོག་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠་༣༠ ཙམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ Uttar Pradesh ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ དབུ་འཛུགས་གནང་ཡོད་པ་རེད། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་དུས་རབས་ནང་ལ་དམག་འཁྲུག་མང་དག་ཞིག་བྱུང་རྗེས་འགྲོ་བ་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྡན་པ་ཞིག་བཟོ་ཐུབ་མེད་སྟབས། དེང་སང་གོ་ལ་གཅིག་འགྱུར་གྱི་རྣམ་པ་དེ་འདྲ་ཞིག་གི་ཁྲོད་ང་ཚོས་མུ་མཐུད་ནས་ང་དང་ཁོ། ང་ཚོའི་ཆོས་དང་ཁོ་ཚོའི་ཆོས་ཞེས་སོགས་རིམ་པ་གཉིས་པའི་དབྱེ་བ་ཁོ་ནའི་ཐོག་འཐབ་རྩོད་གནང་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་ཐབས་མེད་ཅེས་བཀའ་ནན་སྩལ་བ་དང་སྦྲགས། ང་ཚོའི་ངོས་ནས་རྣམ་ཀུན་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་ཐོག་ཕྱག་ལས་གནང་ན་གོ་ལ་ཧྲིལ་པོའི་ངལ་བ་མཐའ་དག་རིམ་བཞིན་ཉུང་དུ་འགྲོ་ངེས་ཡིན་པར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་རྙོག་དེ་དག་གི་འབྱུང་ཁུངས་གཙོ་བོ་ཁག་ནི་རང་གཅེས་འཛིན་དང་ང་རྒྱལ། ཁོང་ཁྲོ་སོགས་ཆགས་ཀྱི་ཡོད་སྟབས། དཀའ་རྙོག་གི་གཞི་རྩ་དེ་དག་དོར་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བྱམས་སྙིང་རྗེ་དང་། འགྲོ་བ་མིའི་རིང་ཐང་སྐོར་སློབ་ཁྲིད་གནང་གལ་ཡིན་པ་མ་ཟད། ལྷག་པར་དུ་དཔལ་ནཱ་ལེནྡཱའི་རིག་གནས་དེ་དག་ནང་འགྲོ་བ་མིའི་རིན་ཐང་དང་སེམས་ཁམས་ཀྱི་བྱེད་ལས་སོགས་གཏིང་ཟབ་གསུངས་ཡོད། དེས་ན་རིག་གནས་དེ་དག་བདག་གཅེས་དང་བསྐྱར་གསོ་གནང་རྒྱུའི་འགན་དེ་རྒྱ་གར་ལའང་གཅིག་མཚུངས་ཡོད་པ་བཀའ་སྩལ་ཡོད། དེ་བཞིན་དེ་སྔ་རྒྱལ་སྤྱིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོའི་ལྷན་འཛོམས་ཤིག་གི་ཐོག་འཛམ་བུ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུར་དགོངས་འཆར་གནང་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག ང་ཚོས་ད་ལྟ་ནས་གོ་ལའི་ཐོག་གོ་མཚོན་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཁ་ཡོད་ལག་ཡོག་ཐོག་གནང་དགོས་པ་མ་གཏོགས་དེ་མོན་གྲོས་ཆོད་བཞག་པ་དང་གླེང་སློང་གནང་བ་ཙམ་གྱིས་ཕན་ཐོགས་མེད་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག གཞི་རྩའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་དེ་རིང་ནས་གནངས་ཉིན་བར་ཉིན་གྲངས་ ༣...

༸གོང་ས་མཆོག་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་ཇཱ་མུ་ཀཤྨིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱང་རྒྱུ་རེད་འདུག དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གི་ཐོག་གནས་ཚུན་ཐོན་གསལ་ལྟར་ན། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༧ བར་དུ་བསླབ་པ་མཐར་སོན་པའི་རྩེ་ཕུད་ཀྱི་སློབ་མ་དང་། འབུམ་རམས་པའི་སློབ་མ། རིག་པའི་ཆུ་གཏེར་གྱི་སློབ་མ་བཅས་ལ་གསེར་གྱི་གཟེངས་རྟགས་དང་ཕྱག་འཁྱེར་བཀའ་དྲིན་བསྩལ་རྒྱུ་ཡིན་པ་མ་ཟད། སྐབས་དེའི་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ Jitendra Singh མཆོག་ཀྱང་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་གི་འདུག རྩ་བའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཐེངས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་གསེར་གྱི་གཟེངས་རྟགས་བཞེས་མཁན་སློབ་མ་ ༤༣ དང། འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་སློབ་མ་ ༡༤  རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་བཞེས་མཁན་སློབ་མ་ ༢༠ བཅས་ལ་གཟེངས་རྟགས་དང་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་ཡིན་པ་དང་། བསླབ་པ་མཐར་སོན་གྱི་སློབ་མ་ཁྱོན་ ༩༠༠ ལྷག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། མཛད་འཆར་ལྟར་ན།...

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཉེ་བའི་རིགས་བདག་གི་ཚོགས་ཆེན་ཐོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ།

རྒྱ་གར་ Uttar Pradesh མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་འོག་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་རྒྱ་གར་རྒྱལ་ཡོངས་ནང་གི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་ཚོགས་གཏན་འཁེལ་ཡོད་པ་ལྟར། དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱང་གནང་གི་འདུག དེ་རིང་རྒྱ་གར་གྱི་ Times of India བརྒྱུད་ལམ་ནས་དེ་དོན་གནས་ཚུལ་སྤེལ་བར་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ AIU འམ་རྒྱ་གར་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་དྲུང་ཆེ་སློབ་དཔོན་ Furqan Qamar ལགས་ཀྱིས་མཐོ་སློབ་དང་གཙུག་ལག་སློབ་ཁང་སོ་སོའི་ཉེ་བའི་རིགས་བདག་དང་དབུ་འཛིན་རྣམས་ལ་འཕྲིན་ཡིག་ཞིག་ཕུལ་བའི་ནང་༸གོང་ས་མཆོག་ནས་ཚོགས་ཆེན་དབུ་འབྱེད་མཛད་རྒྱུ་ཡིན་པ་གསུངས་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་ནས་དེང་གི་ཤེས་ཡོན་ལམ་ལུགས་ཁྲོད་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་བྱའི་སྐོར་ལ་གོ་བསྡུར་གླེང་མོལ་ཡོང་རྒྱུ་སྐོར་གསུངས་འདུག

Latest news

- Advertisement -spot_img