Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གེཔ་ཚོང་ལས་ཁང་གིས་རྒྱ་ནག་ལ་དགོངས་སེལ་ཞུས་པ།

གེཔ་ཚོང་ལས་ཁང་གིས་རྒྱ་ནག་ལ་དགོངས་སེལ་ཞུས་པ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་global times དང་ Hindustan Times Business insider བཅས་ཀྱིས་གནས་ཚུལ་སྤེལ་བར་ཨ་རིར་རྟེན་གཞི་བྱས་པའི་ Gap ཚོང་ལས་ཁང་ནས་ཉེ་ལམ་ཚོང་འགྲེམས་བྱ་རྒྱུའི་སྟོད་ཐུང་ཞིག་གི་ཐོག་བོད་དང་ཐེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་ཁྲའི་པར་རིས་བཀོད་པར་རྒྱ་ནག་མི་མང་གིས་སྐྱོན་བརྗོད་བྱས་པ་ལྟར་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག ཨ་རིའི་གེཔ་ཚོང་ལས་ཁང་གིས་བོད་ལྷོ་ཕྱོགས་སུ་ཡོད་པའི་ས་ཁུལ་དང་། ཐེ་ཝན།  ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་བཅས་མེད་པའི་རྒྱ་ནག་གི་ས་ཁྲའི་པར་རིས་ཡོད་པའི་སྟོད་ཐུང་ཞིག་ཚོང་འགྲེམས་བྱས་པའི་གནས་ཚུལ་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་གནས་ Weibo ཐོག་ཁྱབ་སྤེལ་ཆེན་པོ་བྱུང་བར་བརྟེན། དྲྭ་གནས་བཀོལ་སྤྱོད་བྱེད་མཁན་རྒྱ་རིགས་མང་དག་ཞིག་ནས་ངོ་རྒོལ་དང་འབྲེལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་མ་བྱེད་པར་སྐྱོན་བརྗོད་དང་། ཚོང་ལས་ཁང་དེ་ཉིད་ཀྱིས་ནོར་འཁྲུལ་བཟོས་པར་འགྲིག་ཐབས་ཀྱི་གྲོས་མོལ་བྱ་རྒྱུ་མེད་པ་མ་ཟད། རྒྱ་ནག་ནང་ཚོང་ལས་ཁང་དེའི་ཚོང་ཟོག་རྣམས་འཕྲལ་མར་བཀག་སྡོམ་བྱ་དགོས་པ་དང་། ལྷག་དོན་རྒྱ་ནག་རང་ནས་ཚོང་ལས་ཁང་དེ་ཕྱིར་ཕུད་བྱ་དགོས་པ་སོགས་ཀྱི་སྐྱོན་བརྗོད་མང་དག་བྱས་འདུག ཁ་སང་རེས་གཟའ་ཟླ་བའི་ཉིན་ Gap ཚོང་ལས་ཁང་ནས་...

Latest news

- Advertisement -spot_img