Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བསོད་ནམས་གླིང་མང་ཚོགས་ལ་ཆོས་ཤེས་པ་ཡིན་ན་དད་པ་བརྟན་དུ་འགྲོ་ཡི་ཡོད་པ་ལམ་སྟོན་གནང་པ།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པར་བོད་དོན་སྙན་སེང་།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་ནས་བྱང་ཨ་མི་རི་ཀའི་ས་གནས་ཁག་གཅིག་ཏུ་ཆོས་འབྲེལ་དང་བཀའ་དབང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་། ཚོགས་སྐྱིད་ཁག་གི་སློབ་ཕྲུག་དང་མང་ཚོགས་རྣམས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་ཡོད་པ་ལྟར་ཟླ་ ༨ ཚེས་ ༢༣ ཉིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་དང་ཐུག་འཕྲད་ཀྱིས་བོད་དོན་སྙན་གསེང་ཞུས་འདུག རིན་པོ་ཆེ་མཆོག་གིས་སྐུ་ཞབས་ Thames Noax ལགས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་ནས་ཆོས་ལ་དད་པ་མེད་མཁན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་བླ་སྤྲུལ་ཡང་སྲིད་ཀྱི་ངོས་འཛིན་གནང་སྲོལ་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་ནི་གཞི་རྩ་མེད་པ་ཞིག་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་རེར་དོ་དམ་ཚོགས་ཆུང་ཞེས་ཆེད་འཛུགས་ཀྱིས་དགོན་པའི་ཉིན་རེའི་གནང་སྒོ་ཁག་ལ་དམ་དྲག་དང་བཏང་འཛིན་སོགས་བྱེད་བཞིན་ཡོད་སྟབས་དགོན་ཁག་གི་ཉིན་རེའི་གནང་སྒོ་ཁག་ལ་ཧ་ཅང་གི་སུན་གཙིར་ཆགས་ཡོད་པ་སོགས་གསལ་བཤད་གནང་འདུག རིན་པོ་ཆེ་མཆོག་གིས་ད་དུང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་གུད་དུ་འགྲོ་བཞིན་པའི་ཆེས་ཛ་དྲག་གི་དངོས་ཡོད་གནས་སྟངས་ཡང་སྙན་གསེང་ཞུས་ཡོད་པ་རེད། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་མ་ཟད། ཉེ་ཆར་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་འདུའི་སྐབས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་ Sam Brownback ལགས་ཀྱིས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ།...

གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བསོད་ནམས་གླིང་མང་ཚོགས་ལ་ཆོས་ཤེས་པ་ཡིན་ན་དད་པ་བརྟན་དུ་འགྲོ་ཡི་ཡོད་པ་ལམ་སྟོན་གནང་པ།

ལ་དྭགས་ལྷོ་བྱང་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཉིན་ཤས་གོང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ལ་དམིགས་བརྩེ་མ་དང་བཛྲ་གུ་རུ། དེ་བཞིན་སྒྲོལ་མའི་ཟུང་སྔགས་ཀྱི་ལྗགས་ལུང་བཀྲིན་བསྩལ་བ་དང་ཆབས་ཅིག མང་ཚོགས་རྣམས་ལ་ཆོས་ལ་སློབ་སྦྱོང་བྱེད་ནས་ཤེས་པ་ཡིན་ན་དེས་དད་པ་བརྟན་དུ་འགྲོ་རྒྱུའི་ཁྱད་པར་ཡོད་པ་ལམ་སྟོན་གནང་སོང་། རྩ་བའི་ད་རེས་རིན་པོ་ཆེ་མཆོག་ལ་དམིགས་བརྩེ་མ་སོགས་ཟུང་སྔགས་དེ་དག་གི་ལྗགས་ལུང་དང་ལམ་སྟོན་བཀའ་སློབ་ཞུ་དོན་ནི་འདི་ལོ་གཞིས་ཆགས་ནང་བོད་མི་རྒན་གཞོན་འཆི་རྐྱེན་གྱི་གནས་ཚུལ་མང་དག་ཞིག་བྱུང་བཞིན་པ་དང་འབྲེལ། ༸གོང་ས་མཆོག་ད་ལྟ་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་བསྟུན། ཐུགས་ཐག་གསོལ་འདེབས་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་ནས་ཟུང་སྔགས་དེ་དག་གསོག་སྒྲུབ་གནང་གལ་ཡིན་པའི་ལམ་སྟོན་མཛད་པ་ཞིག་ཡིན་པ་རེད། གླིང་མཆོག་སྤྲུལ་རིན་པོ་མཆོག་གིས་ཟུང་སྔགས་དེ་དག་གི་ལྗགས་ལུང་བཀྲིན་བསྩལ་བ་དང་སྦྲགས། ཐོག་མར་འདིར་འདུས་པའི་མང་ཚོགས་ལྔ་བརྒྱ་ཙམ་ཞིག་ལ་སྤྱིར་སྐྱེས་པའི་མཐའ་མ་འཆི་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་ཡིན་པས་དེ་ལ་ང་ཚོས་ག་དུས་ཡིན་ཡང་རྣམ་རྟོག་བྱེད་ན་དོན་མེད་ཡིན་པ་རེད། འོན་ཀྱང་ད་ལྟ་དཀའ་ངལ་འཕྲད་བཞིན་པ་དེ་ནི་གཞོན་ནུ་དར་མ་དང་རྒན་པའི་ཁྲོད་ནད་ན་ཚ་གང་ཡང་མེད་པར་ཕ་རོལ་མི་དང་མི་མ་ཡིན་སོགས་ནས་ཚེ་ལ་གནོན་པ་བྱས་པར་བརྟེན་དུས་མིན་གློ་བུར་དུ་འཆི་བའི་གནས་ཚུལ་ཡིན་སྟབས། དེ་ལ་སྤྱིར་ཟུང་སྔགས་དང་རིམ་གྲོ་གསོག་སྒྲུབ་གནང་ཚེ། དེར་ཕན་པའི་དགེ་མཚན་ཆེན་པོ་ཡོད་པ་མ་ཟད་ཁྱད་པར་དུ་ཐེངས་འདིའི་ཟུང་སྔགས་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་མཛད་པ་ཞིག་ཆགས་ཡོད་སྟབས། ལས་སྐལ་ཡོད་པའི་བླ་མའི་བཀའ་བཞིན་བསྒྲུབ་ཐུབ་ན་འཕྲིན་ལས་དང་བྱིན་རླབས་འཇུག་སླ་བ་ཆགས་ཀྱི་ཡོད་པ་གསུངས་སོང་། ད་དུང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རིམ་གྲོ་སྒྲུབ་སྟངས་སྐོར་བཀའ་གནང་པ་དང་སྦྲགས་ད་རེས་རང་ལ་དཀའ་ངལ་འཕྲད་པའི་དུས་ཚོད་འདི་ཙམ་མ་ཡིན་པར་དུས་རྒྱུན་དུ་ནས་བླ་མར་ཡིད་གཉིས་ཐེ་ཚོམ་མེད་པའི་ཐོག་ནས་ལམ་སྟོན་བཀའ་སློབ་གང་གནང་པར་ཤར་བསྐྱོད་གནང་གལ་ཆེ་བས་དེ་ལྟར་གནང་ཐུབ་ན་དེས་རང་ཉིན་དཀའ་ངལ་ནང་མི་ཚུད་པའི་ཚིག་ཐག་ཆོད་པོས་གསུངས་ཐུབ་ཅེས་བཀའ་གནང་ཡོད་པ་རེད། དེ་བཞིན་རིན་པོ་མཆོག་གིས་སྤྱིར་ཟུང་སྔགས་དང་རིམ་གྲོ་གེག་དང་གནོད་པ་ཞི་བར་བྱེད་ཀྱི་ཡོད་ནའང་། གཙོ་བོ་༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་བསྩལ་གསལ་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྟབས། ཆོས་ཤེས་ན་དད་པ་བརྟན་དུ་འགྲོ་བའི་ཁྱད་པར་ཡོད་པ་ལམ་སྟོན་གནང་པ་མ་ཟད། ད་དུང་རིན་པོ་མཆོག་གིས་གཞིས་ཆགས་ཀྱི་མང་ཚོགས་ལ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་གཞི་རྩར་གྱུར་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་དེ་རྒྱུན་འཛིན་གནང་ཏེ་མི་བཟང་པོ་ཞིག་དང་བོད་མི་ཡག་པོ་ཞིག་བྱེད་ཐུབ་པ་གནང་གལ་ཡིན་པའི་བཀའ་སློབ་ཡང་བསྩལ་གནང་སོང་། གཞི་རྩའི་གླིང་མཆོག་སྤྲུལ་རིན་པོ་མཆོག་ཟླ་བ་འདིའི་ཚེས་ ༧ ནས་ ༡༥ བར་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཏེ་༸གོང་ས་མཆོག་ཚོགས་དགོན་དུ་དབུ་བཞུགས་མཛད་པའི་ཁྲིག་དགོན་དབྱར་ཆོས་ཆེན་མོར་ཆེད་ཕེབས་དང་། དེ་བཞིན་མགོན་པོ་མཆོག་གིས་ཆོས་འབྲེལ་དང་མཛད་འཆར་ཁག་ཅིག་ཐོག་ཕེབས་ཡོད་པ་རེད། ཁ་སང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་ནས་ཨ་རིར་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

Latest news

- Advertisement -spot_img