Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ནང་སྲིད་བཀའ་བློན་མཆོག་གིས་བཀའ་བློན་ནས་དགོངས་པ་ཞུ་ཡ་བསམ་བློ་མེད་ཅེས་གསུངས་སོང་།

ནང་སྲིད་བཀའ་བློན་མཆོག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་འདུག

 བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་དུ་རྟེན་གཞི་བྱས་པའི་མེའོ་དང་ཀྲུ་ཀྲིང་། ཏི་ཛུ་དང་བསྟན་འཛིན་སྒང་བཅས་སུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་བཞིན་པའི་ཁྲོད་ཁ་ཉིན་ཚེས་ ༡༩ ཉིན་བཀའ་བློན་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་ཞུས་འདུག་པ་དང་། ལྷག་པར་དུ་སྐབས་དེར་བཀའ་བློན་མཆོག་གིས་དོན་ཚན་ ༡༣ ཅན་གྱི་ས་གནས་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་སླད་མངའ་སྡེའི་གཞུང་ནས་མཐུན་འགྱུར་གནང་སྐྱོང་ཡོང་བའི་ཞུ་ཡིག་ཅིག་ཕུལ་བ་དང་སྦྲགས། ཕྱི་ལོ་ ༢༠༡༤ བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཞེས་པ་རྒྱ་གར་གཞུང་གིས་གཏན་འབེབས་གནང་ཟིན་པའི་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་གང་མགྱོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག ལྷན་རྒྱས་མཇལ་འཕྲད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ནས་སྲིད་བྱུས་དེ་གང་མགྱོགས་གཏན་འབེབས་དང་ལག་བསྟར་བྱེད་པ་གནང་ནས་དཀའ་ངལ་སེལ་རྒྱུའི་ཞལ་བཞེས་གནང་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བཀའ་བརྒྱུད་ཆོས་འཕེལ་ལགས་དང་། ཏི་ཛུ་དར་རྒྱས་གླིང་གི་གཞི་འགོ་གཡང་སྒྲུབ་ལགས། ཏི་ཛུ་དར་རྒྱས་གླིང་གི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད་འདུག

ནང་སྲིད་བཀའ་བློན་མཆོག་གིས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་པ།

  ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་ Mehbooba Mufti མཆོག་དང།  སྤྱི་ཁྱབ་བློན་ཆེན་གཞོན་པ་ Nirmal Kumar Singh མཆོག དེ་བཞིན་མངའ་སྡེའི་མཉམ་འབྲེལ་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག་བཅས་དང་མཇལ་འཕྲད་ཞུས་ནས་ས་གནས་བོད་མིའི་བདེ་དོན་སྐོར་ལ་སྙན་གསན་ཞུས་འདུག མཇལ་འཕྲད་དེའི་སྐབས་ནང་སྲིད་བཀའ་བློན་མཆོག་དང་ལྷན་རྒྱས་སུ་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས། ནང་སྲིད་དྲུང་ལས་དངོས་གྲུབ་འོད་ཟེར་ལགས་བཅས་བཅར་འདུག དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ནས་གསུངས་པར། ཐེངས་འདིའི་མཇལ་འཕྲད་དེ་ནི་ཚེས་ ༢༧ དང་༢༨ སོ་སོར་བྱུང་ཡོད་པ་དང། དེ་ཡང་རྐང། མངའ་སྡེ་དེ་གའི་ནང་དུ་གནས་སྡོད་བོད་མི་རྣམས་ལ་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་པའིབཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་མགྱོགས་མྱུར་ལག་བསྟར་གནང་ཐབས་དང། ལ་དྭགས་ལྷོ་བྱང་གཉིས་ཀྱི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་སྐྱོང་ཡོང་བ་ཞུ་ཆེད་དུ་ཕེབས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་ནས་རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་པའི་བཙན་བྱོལ་མོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་མགྱོགས་མྱུར་ཕྱག་བསྟར་ཡོང་ཆེད་གཞན་ཡང་ལྡི་ལི་དང་སྦེལ་ལོར། སྒང་ཏོག་དང་ཨ་རུ་ན་ཅཱལ་སོགས་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ཅིག་ཏུ་ཆེད་ཕེབས་ཀྱི་སྤྱི་ཁྱབ་བློན་ཆེན་གཙོས་པའི་འབྲེལ་ཡོད་བློན་ཆེན་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།    

ནང་སྲིད་བཀའ་བློན་མཆོག་གིས་བཀའ་བློན་ནས་དགོངས་པ་ཞུ་ཡ་བསམ་བློ་མེད་ཅེས་གསུངས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད། ད་ཡོད་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་འདིའི་དུས་ཡུན་ཁྲིམས་སྒྲིག་ལྟར་མ་རྫོགས་ཀྱི་བར་དུ་བཀའ་བློན་གྱི་འགན་ཁུར་ཆ་ཚང་ལྷག་བསམ་རྣམ་དག་ཞུ་རྒྱུ་ཡིན་ཞེས་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས། ནང་སྲིད་བཀའ་བློན་མཆོག་ལ་ད་རེས་གནད་དོན་དེའི་ཐད་ལ་བཅར་འདྲི་ཁག་ཅིག་ཞུས་པའི་སྐབས་སུ། ཁོང་གིས་ད་རེས་གསལ་བསྒྲགས་དེ་ལྟ་བུ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཉེ་ལམ་ཕྱི་དྲིལ་བཀའ་བློན་མཆོག་ལས་གནས་ནས་གློ་བུར་དུ་རྩ་དགོངས་ཞུས་པའི་གནས་ཚུལ་ལས་འཕྲོས་ཏེ། སྤྱི་ཚོགས་ནང་ད་ལྟའི་བཀའ་བློན་རིམ་པ་བཞིན་རྩ་དགོངས་ཞུ་མཁན་ཡིན་ལུགས་དང་། དེའི་ནང་ནས་དང་པོ་ནང་སྲིད་བཀའ་བློན་དགོངས་པ་ཞུ་རྒྱུ་ཡིན་ལུགས་ཀྱི་ཁུངས་མེད་འཆལ་གཏམ་ཞིག་གང་གསར་སྤེལ་བཞིན་པར་གསལ་བཤད་དུ་སྤེལ་བ་ཡིན་ཅེས་གསུངས་པ་མ་ཟད། གསར་འགོད་གསལ་བསྒྲགས་ནང་ད་དུངའང། ཁོང་ནས་ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་གྱི་འོས་ཁོངས་སུ་མིང་འདོན་གནང་བ་ལྟར་གྲོས་ཚོགས་སུ་སྤྱི་མོས་བྱུང་སྟེ་ལོ་བཞི་ལྷག་རིང་ནང་སྲིད་བཀའ་བློན་གྱི་ལས་གནས་ཐོག་སྤྱི་པར་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་སོ་སོའི་མི་ཚེའི་ལོ་རྒྱུས་ནང་གི་གཟི་བརྗིད་དང་རིན་ཐང་ཆེ་ཤོས་ཀྱི་ལེ་ཚན་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་འདུག དེ་བཞིན་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་བཀའ་ཤག་འདིའི་དུས་ཡུན་ཁྲིམས་སྒྲིག་ལྟར་མ་རྫོགས་བར་དུ་བཀའ་བློན་འགན་ཁུར་ཆ་ཚང་ལྷག་བསམ་རྣམ་དག་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ནའང། འདི་གའི་འཕྲོད་དོན་གྱི་དྲོ་བ་ཞིག་ལ་བཀའ་ལན་གནང་དོན་ལ། ཁོང་ནས་སྐབས་རྗེས་མའི་བཀའ་བློན་གནང་རྒྱུ་མིན་པ་གསལ་པོ་བཟོས་གནང་སོང་། གཞི་རྩའི་ཉེ་ཆར་ཕྱི་ཟླ་གཉིས་པའི་ཚེས་༢༨ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བློ་ཕམ་གྱི་སྒོ་ནས་ཁོང་རང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་ཡིན་ཅེས་དང་། དེ་བཞིན་ཐག་གཅོད་དེ་སྒེར་དོན་ལས་སྤྱི་དོན་གཙོ་བ་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ལ་ཡུན་རིང་ནས་བསམ་ཞིབ་གཏིང་ཟབ་གནང་ནས་ད་ལན་དངོས་སུ་དགོངས་ཞུ་གནང་པ་ཡིན་ཞེས་གསུངས་ཡོད་པ་རེད། ཉིན་དེ་ག་རང་གི་ཕྱི་དྲོ་གནད་དོན་དེའི་ཐོག་སྲིད་སྐྱོང་མཆོག་དབུ་བཞུགས་ཀྱིས་བཀའ་ཤག་ལྷན་ཚོགས་གནང་བའི་རྗེས་སུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས། ཕྱི་དྲིལ་བཀའ་བློན་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་། ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་མི་ཐུབ་པས་དེ་ལྟར་ཐུབ་པའི་ཆེད་དུ་ཡིན་སྐོར་གསུངས་ཡོད་པ་རེད།

Latest news

- Advertisement -spot_img