Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

པདྨ་ཚེ་བརྟན་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་གསུངས་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པར་གསེར་གྱི་གཟེངས་རྟགས་ཐོབ་པ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་ཕ་རན་སིར་བསྡུས་བའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་ཐེངས་ ༢༥ ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་ལག་དམར་ཞེས་པའི་གློག་བརྙན་དེར་གསེར་གྱི་གཟེངས་རྟགས་གསུམ་ཐོབ་འདུག ལག་དམར་ཞེས་པའི་གློག་བརྙན་དེ་ནི་ཁོང་གི་འཁྲབ་གཞུང་། ལུག་གཅིག་ལྔ་ལམ་དུ་བརྫངས་པ་ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ་ལག་དམར་ཞེས་པ་གཉིས་མཉམ་བསྲེས་གནང་ནས་གྲུབ་པ་ཞིག་ཡིན་པ་དང་། འཁྲབ་གཞུང་གི་ནང་དོན་དངོས་ནི་ཁམས་ཁུལ་དུ་དགྲ་ཤ་ལེན་པའི་ལུགས་སྲོལ་ལ་གཞི་བྱས་ཏེ་དགེ་འདུན་ཕུན་ཚོགས་དང་བསོད་ནམས་དབང་མོ་སོགས་ཀྱིས་འཁྲབ་སྟོན་གནང་བ་ཞིག་ཡིན་པ་རེད།པདྨ་ཚེ་བརྟན་ནི་བོད་ཁུལ་དུ་ཆེས་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མ་དེ་ཡིན་ཞིང་། ཁོང་གིས་ཕབ་སྐྲུན་ཞུས་ཟིན་པའི་མིང་གྲགས་ཅན་གྱི་གློག་བརྙན་བརྩམས་ཆོས་ནི། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན། ཐར་ལོ་སོགས་ཡིན་པ་དང་། ཁོང་གི་གློག་བརྙན་བརྩམས་ཆོས་དག་ལ་འཛམ་གླིང་གི་གློག་བརྙན་དུས་སྟོན་མང་པོའི་ཐོག་བྱ་དགའ་ཐོབ་མྱོང་ཡོད་པ་རེད། རྩ་བའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནི་མཚོ་སྔོན་དུ་སྐྱེས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་ཕྱིན་རྗེས་བོད་ཁུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཕྱིས་སུ་སླར་ཡང་རྒྱ་ནག་པེ་ཅིན་དུ་གློག་བརྙན་ཕབ་སྐྲུན་གྱི་ཐད་སློབ་སྦྱོང་གནང་ནས་སློབ་མཐར་སོན་རྗེས་རིམ་བཞིན་བོད་ཀྱི་རིག་གཞུང་དང་ཡུལ་ལུང་སོགས་མཚོན་པའི་གློག་བརྙན་ཆེད་བཟོའི་ཐོག་ཞུགས་ཏེ་ད་ཆ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མ་དེ་ཆགས་ཡོད་པ་རེད།

Latest news

- Advertisement -spot_img