Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཙན་བྱོལ་བོད་མི་རྣམས་ནས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་གཞི་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ལས་འགུལ་སྤེལ་བ།

བོད་གསེར་རྟ་བླ་རུང་ཆོས་སྒར་ལ་བཏང་འཛིན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག

རྒྱ་ནག་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད་དང་སློབ་ཞུགས་སོགས་ཀྱི་ལས་དོན་ཡོངས་ལ་བཏང་འཛིན་ཆེད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བྱས་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་ཟླ་ ༡ ཚེས་ ༢༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་ལྟ་ཞིབ་ཚོགས་པར་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་རིམ་ཡོངས་མཇུག་སྒྲིལ་རྗེས། མ་འོངས་པར་དགོན་པའི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད། སློབ་ཞུགས། དེ་བཞིན་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བཅས་ཀྱི་ལས་དོན་ཡོངས་རྫོགས་ཐོག་ལ་བཏང་འཛིན་བྱ་སླད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་བཞག་བྱས་ཡོད་པ་བཀོད་འདུག སྔ་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གཞུང་གིས་བླ་རུང་སྒར་དང་འབྲེལ་བའི་ཡིག་ཆ་འདོན་སྤེལ་བྱས་ཡོད་པ་ལྟར་བླ་རུང་སྒར་དེ་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་ཞེས་དུམ་བུ་གཉིས་སུ་དབྱེ་རྒྱུ་དང། དུམ་བུ་གཉིས་པོའི་འཛིན་སྐྱོང་ཙམ་མ་ཟད། ཚོགས་སྡེ་ཆེ་ཆུང་ཡོངས་རྫོགས་ནང་དུ་ཚོགས་མི་བརྒྱ་ཆ་ ༥༠ དམར་ཤོག་ཚོགས་པའི་ལས་བྱེད་བཞག་རྒྱུ། ལྷག་ཏུ་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པོའི་ནང་དུ་ལས་བྱེད་པ་ ༩༧...

རྒྱ་གཞུང་གིས་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུམ་བུ་གཉིས་སུ་ཕྱེ་ནས་འགན་འཛིན་དམར་ཤོག་ལས་བྱེད་བསྐོ་གཞག་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག

ཉེ་ལམ་རྒྱ་གཞུང་གིས་སྔར་ཡོད་བོད་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་གནང་ཕྱོགས་ལ་སྔར་མེད་བསྒྱུར་བཅོས་ཀྱིས་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རུང་ཆོས་སྒར་གཉིས་པོ་དགོན་པ་ལོགས་སུ་དབྱེ་རྒྱུ་དང་། དོ་ལམ་གྱི་ལས་ཁུངས་ལོགས་སུ་བཟོ་སྟེ་འགན་འཛིན་དམར་ཤོག་ཚོགས་པའི་ལས་བྱེད་བསྐོ་གཞག་བྱ་རྒྱུ་གཙོས་ཕྱོགས་ཡོངས་ནས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་གཏན་འབེབས་བྱས་འདུག གླིང་དང་དགོན་པ་གཉིས་ཀྱི་དོ་དམ་ལས་ཁུངས་ཀྱི་འགན་འཛིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོགས་མི་དྲུག་བསྐོ་གཞག་བྱ་གཏན་འཁེལ་ཡོད་པ་དེ་ལྟར་ཡང་། ཟླ་བ་འདིའི་ཚེས་ ༢༠ ཉིན་དཀར་མཛེས་ཁུལ་གྱིི་དམར་ཤོག་ཚོགས་པའི་ལས་བྱེད་གོ་སྒྲིག་ཚན་པའི་མིང་ཐོག་ནས་འགོ་ཁྲིད་ལས་བྱེད་དེ་དག་གི་མིང་ཕྱིར་བསྒྲགས་བྱས་འདུག  དེའང་ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཚོགས་མིའི་ཨུ་ཡོན། དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བཅས་ཀྱི་འགན་ཁུར་མུས་ཡིན་པ་བོད་མི་བཀྲ་སྦེ་ཟེར་བ་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་དང་སློབ་གླིང་གི་འགན་འཛིན་ལ་བསྐོ་གཞག་བྱ་རྒྱུ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་ད་ལྟ་སེར་རྟ་རྫོང་དམར་ཤོག་ཚོགས་པའི་འགོ་ཁྲིད་བོད་མི་བསོད་ནམས་ཆོས་འཕེལ་ཟེར་བ་ཞིག་བླ་རུང་སྒར་དོ་དམ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཀྱི་འགོ་ཁྲིད་དང་ཤེས་ཡོན་འགན་འཛིན་དུ་བསྐོ་གཞག་བྱ་རྒྱུ། དཀར་མཛེས་བོད་རིིགས་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་དང་མི་རིགས་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་འགན་འཛིན་དོན་གྲུབ་བཀྲིས་ཟེར་བ་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པ་དང་སློབ་གླིང་གི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་བཀྲིས་ཚེ་རིང་དང་བསོད་ནམས་དབྱངས་འཛོམས་ཟེར་བ་གཉིས་སེར་རྟ་བླ་རུང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ། དེ་མིན་ལོ་ཁང་ཕིང་ཟེར་བའི་བོད་མི་ཞིག་སེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དམར་ཤོག་ཚོགས་པའི་འགན་འཛིན་དང་སློབ་གླིང་གི་འགན་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སྤེལ་ཡོད་པ་རེད། གནས་ཚུལ་སྤེལ་རྗེས་ས་གནས་བོད་མི་དང་ལྷག་དོན་དགོན་པའི་དགེ་འདུན་པ་ཚོའི་ངོས་ནས་མ་འོངས་པར་དགོན་པའི་དབང་ཆ་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཏུ་ཤོར་རྒྱུ་དང་གྲྭ་བཙུན་དང་དགོན་པར་རང་དབང་གང་ཡང་མེད་པ་ཆགས་ངེས་ཡིན་པའི་བློ་འཚབ་བྱེད་བཞིན་ཡོད་པ་རེད་འདུག ད་དུང་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེའི་ནང་སློབ་གླིང་དང་དགོན་པ་གཉིས་ལོགས་སུ་དབྱེ་དགོས་དོན་ནི་དགོན་པ་དང་གྲྭ་བཙུན་གྱི་ཁེ་ཕན་ལ་དམིགས་ནས་ལག་བསྟར་བྱས་པ་ཡིན་ཚུལ་འཁོད་འདུག  དེ་བཞིན་ནང་བསྟན་སློབ་གྲིང་དུ་ལས་བྱེད་དང་གྲྭ་སློབ་ཁྱོན་ ༡༥༠༠ ལས་བརྒལ་མི་ཆོག་པ་དང་བླ་རུང་དགོན་པའི་ལས་བྱེད་དང་གྲྭ་བཙུན་བསྡོམས་མི་གྲངས་ ༣༥༠༠ ལས་བརྒལ་མི་ཆོག་པ་མ་ཟད། སོ་སོར་མིང་ཐོ་འགོད་པ་དང་ལག་འཁྱེར་བཟོ་རྗེས་རང་ཉིད་ཀྱི་མིང་དང་ལག་འཁྱེར་དཔང་ཡིག་གཅིག་གྱུར་དགོས་པ་སོགས་བཟོ་ནས་ཁྲིམས་ལྟར་ཚད་ལྡན་དང་རྒྱུན་གཏན་ཅན་གྱི་དོ་དམ་བྱས་ཏེ་ཕྱི་ནས་ཡོང་མཁན་མི་སྣ་སྔོན་འགོག་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་གསེར་རྟ་ཁུལ་དུ་རྟེན་གཞི་བྱས་པའི་འཛམ་གླིང་ནང་གི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་གྲས་ཡིན་ཀྱང་། གསེར་རྟ་བླ་རུང་སྒར་དུ་སྔ་ལོའི་ཟླ་ ༧ ཚེས་ ༢༠ ནས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་སྤེལ་བའི་ཁྲོད། ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་པའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་གཙོས་པའི་ད་བར་བཙུན་མ་གསུམ་ནས་རྒྱ་གཞུང་གིས་དགོན་པ་གཏོར་བཤིག་གི་ལས་དོན་སྤེལ་བར་མ་བཟོད་ནས་མི་འདོད་པའི་རྣམ་པ་བསྟན་ཐབས་སུ་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད།...

བཙན་བྱོལ་བོད་མི་རྣམས་ནས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་གཞི་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ལས་འགུལ་སྤེལ་བ།

རྒྱ་གཞུང་གིས་ཟླ་བ་གོང་མའི་ཚེས་ ༢༠ ཉིན་མགོ་བཙུགས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་མང་དག་ཞིག་གཏོར་བཤིག་གཏོང་བཞིན་པའི་ངལ་བ་བཟོད་གླགས་མེད་པའི་གནས་སྟངས་དབང་གིས་དགོན་པ་དེར་སློབ་གཉེར་གནང་བཞིན་པའི་བཙུན་མ་རིག་འཛིན་སྒྲོལ་མ་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་སྟབས། བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་ཁྲིམས་འགལ་གི་ཐོག་ནས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་ལས་གཞིར་སྐྱོན་བརྗོད་དང་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག དེ་ཡང་ཁ་སང་ཟླ་ ༨ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ སྟེང་བཞུགས་སྒར་མེག་གྷན་གྱི་རླང་འཁོར་བབ་ཚུགས་སུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཐུན་མོང་གིས་གོ་སྒྲིག་འོག ས་གནས་བོད་མི་རྣམས་ཀྱིས་མར་མེ་ཁྲོམ་སྐོར་གནང་ཡོད་པ་དང་། སྐབས་དེར་རྡ་ས་ས་གནས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཉེ་ཆར་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་དང་འབྲེལ་ནས་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་པར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གིས་བྱ་སྤྱོད་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་བ་ཞིག་རེད་ཅེས་གསུངས་ཏེ་བོད་མིའི་འཐབ་རྩོད་དེ་མུ་མཐུད་རྒྱུན་སྐྱོང་བྱ་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་རེད། རྒྱ་གར་བོད་རང་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་ཁོ་མོ་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གིས་བོད་ནང་དྲང་བདེན་མེད་པའི་བྱ་སྤྱོད་སྤེལ་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་གསུངས་པ་མ་ཟད། དེ་བཞིན་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་ལས་སྐྱོབ་པར་རྒྱལ་སྤྱིའི་དབུ་ཁྲིད་ཚང་མས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་གནང་སོང་། དེ་དང་ཕྱོགས་མཚུངས་ཡང་ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་ནང་དུ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་དུ་ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་ངོ་སྐད་འབོད་ཀྱིས་ལས་འགུལ་སྤེལ་འདུག བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་ཤིག་ད་ཆ་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་གཏོར་བཤིག་གཏོང་བཞིན་པར་སེམས་འཚབ་ཆེན་པོ་ཡོད་སྐོར་དང་འབྲེལ། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཐད་ཤིན་ཏུ་ནས་གལ་འགངས་ཆེ་བ་ཡིན་པ་གསུངས་ཡོད། དེ་བཞིན་དུ་ཨ་རི་ནིའུ་ཡོག་ནང་དུའང་ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་ལས་ཁུངས་ཀྱི་མདུན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བཏོང་རྒྱུ་མཚམས་འཇོག་དགོས་པའི་འཕྲད་དར་ཁག་ཅིག་བསྣམས་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག གཞི་རྩའི་བླ་རུང་ཆོས་སྒར་དུ་རྒྱ་གཞུང་གིས་ཟླ་བ་གོང་མའི་ཚེས་ ༢༠ ནས་གཏོར་བཤིག་བཏང་མགོ་བཙུགས་ནས་ད་བར་ཁྱོན་གྲྭ་ཤག་བརྒྱ་ཕྲག་ལྷག་གཏོར་བཤིག་བཏང་ཟིན་ཡོད་སྟབས། བཙན་བྱོལ་ནང་གི་བོད་མི་ཚོས་གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནའ་བོའི་ཤུལ་རྫས་སྲུང་སྐྱོབ་ལས་དོན་ཚོགས་ཆུང་དང་། གཞུང་འབྲེལ་མ་ཡིན་པའི་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུགས་བྱས་པ་མ་ཟད། ལྷག་པར་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚན་པ་ལྕམ་ Elizabeth...

Latest news

- Advertisement -spot_img