Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བཞུགས་སྒར་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང།

ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་བཅུ་པ་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་གནང་ཐོག་རྒས་པའི་སེམས་ཁམས་གསོ་སྐྱོང་བརྗོད་གཞིའི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་བཅུ་པ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༨ ཉིན་རྒྱབ་ཚོུད་ ༡ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཀྱི་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་གོ་སྒྲིག་འོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པའི་བརྗོད་གཞི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོད་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་ཕྱོགས་མཐའ་ཁག་ནས་ཆེད་བཅར་ཞུས་པའི་ཚོགས་བཅར་བ་རྣམ་པ། སྨན་རྩིས་ཁང་གི་དབུ་འཛིན་དབུས་པའི་མཐོ་སློབ་ཀྱི་དགེ་ལས་སློབ་མ་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ལུས་སེམས་སྲོག་གི་སྡེ་ཚན་ཕྱི་ལོ་ ༢༠༡༣ ནང་གསར་འཛུགས་གནང་བ་དང་བསྟུན་ལོ་ ༦ ནང་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་བཅུ་གོ་སྒྲིག་གནང་བ་ཆགས་ཡོད་སྟབས། ལས་གཞི་གང་འདྲ་ཞིག་ཡིན་ཡང་དབུ་འཛུགས་གནང་རྒྱུ་ཁག་པོ་ཞིག་ཡིན་པ་དང་སྒོས་རྒྱུན་གནས་གནང་རྒྱུ་དེ་ལས་ཁག་བ་ཞིག་ཡིན་སྟབས་ལུས་སེམས་སྲོག་གི་སྡེ་ཚན་ནས་རྒྱུན་གནས་ཐུབ་པར་བསྔགས་བརྗོད་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་སྔ་ལོར་ཕྱི་ལོ་ ༡༩༦༠ ནང་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེ་དུས་སྨན་པ་དང་སྐར་རྩིས་པ་རེ་ཟུང་ཡོད་པ་ཚོར་ཧུར་ཐག་གནང་དགོས་པ་དང་། དེ་ལྟར་གནང་ཚེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་དར་སྤེལ་འགྲོ་ངེས་ཡིན་པར་ལམ་སྟོན་བཀའ་བསྩལ་བ་ལུང་འདྲེན་གྱིས་ད་ལྟའི་ཆར་སྨན་རྩིས་ཁང་དེ་གསོ་བ་རིག་པའི་ལྟེ་གནས་ཆེ་ཤོས་དང་རྙིང་ཤོས།  དེ་བཞིན་སྙན་གྲགས་ཆེ་ཤོས་ཆགས་ཡོད་པ་ནི་༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་བསྒྲུབས་ཡོད་པ་རེད་ཅེས་གསུངས་སོང་། དེ་བཞིན་ལོ་ན་བགྲེས་པ་མང་དག་ཅིག་གཅིག་པུར་ལུས་པ་དང་། སེམས་ངལ་སོགས་ཀྱི་དཀའ་ངལ་འཕྲད་པ་བཞིན།  དེང་རབས་ལོ་ན་གཞོན་པ་ཕལ་མོ་ཆེ་ལག་ཐོགས་ཁ་པར་ཐོག་དུས་ཚོད་མང་པོ་ཞིག་བཏང་ནས་གྲོགས་ཕན་ཚུན་དབར་ཐུག་འཕྲད་སོགས་ཀྱི་དུས་ཚོད་མ་བཏང་བ་དང་ཕ་མ་ལས་ལྷག་པ་ཁ་པར་ལ་དགའ་ཞེན་བྱེད་ཀྱི་ཡོད་སྟབས་ང་ཚོའི་གཞོན་སྐྱེས་ཚོར་བློ་འཚབ་གནང་དགོས་པ་དང་། སེམས་ཁམས་འཕྲོད་བསྟེན་དཀའ་ངལ་དེ་རྒན་གཞོན་དར་གསུམ་ཀུན་ལ་འཕྲད་པའི་དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད། གཞི་རྩའི་བརྗོད་གཞི་གཙོ་བོ་མི་རབས་རྒན་པ་རྣམས་ལ་ཆེ་མཐོང་དང་གུས་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་རྒན་རབས་པ་མང་པོ་ཞིག་ལ་ལོ་ནའི་བབ་ཀྱི་ཆ་ནས་འཕྲོད་བསྟེན་ཐད་དཀའ་ངལ་དང་།...

བཞུགས་སྒར་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་སོང།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་ཟླ་ ༡༠ ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བོད་ཀྱི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་དབུ་འབྱེད་མཛད་སྒོར་མགྲོན་གཙོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང། དྷ་སའི་དགངོན་སྡེ་ཁག་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཀྱི་འཐུས་མི། བགྲོ་གླེང་གི་གསུང་པ་རྣམས་གཙོས། སྨན་རྩིས་ཁང་དབུ་འཛིན་དང་དགེ་ལས་སློབ་གཉེར་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་འདུག སྐུ་མགྲོན་གཙོ་བོ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འདས་པའི་མི་ཚེ་དངོས་ཀྱི་མྱོང་བའི་ཁྲོད་ལས་གནས་འདྲ་མིན་ཐོག་ཁོང་གིས་ཐུགས་འགན་བཞེས་རིང་ལ་ལུས་སེམས་གཉིས་ཀར་མཛད་དཀའ་མི་ཉུང་བ་འཕྲད་པ་དེ་དག་ལ་གདོང་ལེན་གནང་ཕྱོགས་དང་དེ་ལྟར་གནང་པའི་དགེ་མཚན་ཇི་བྱུང་སོགས་གསུངས་པ་མ་ཟད། ལྷག་དོན་ཁོང་གིས་འདས་པའི་ཚོགས་ཆེན་ཐེངས་གཉིས་ནང་ལས་དོན་ཁག་གི་ཐོག་ལ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་གནང་འདུག ལྷན་ཅིག་ནང་པ་སངས་རྒྱས་པའི་ཆོས་ལུགས་ནས་གསུང་པའི་སེམས་ཁམས་རིག་པའི་གཞུང་ལུགས་གཏིང་ཟབ་པོ་ཡོད་པ་དེ་གཞི་རྩར་བཟུང་ནས་ཕྱི་ལུགས་པའི་སེམས་ཁམས་རིག་པའི་ཐོག་ཕན་ཚུན་དབར་མྱོང་བ་སྤེལ་རེས་དང་སྦྱང་བཤད་སོགས་གནང་ཚེ། འགྲོ་བ་མིའི་སེམས་ཁམས་ལ་བདེ་སྐྱིད་ཞིག་སྐྲུན་ཐུབ་རྒྱུར་དགེ་མཚན་ཆེན་པོ་ཡོད་སྐོར་སོགས་གསུངས་གནང་འདུག ཐེངས་འདིའི་ཚོགས་ཆེན་ནང་གཙོ་བོ། སེམས་འཁྲུགས་པའི་རྐྱེན་དང་དེ་བཅོས་ཐབས་གཉིས་ཀྱི་ཐོག་ལ་དེང་གི་སེམས་ཁམས་ཚན་རིག་པ་དང། བོད་བརྒྱུད་ནང་བསྟན། བོད་ཀྱི་གསོ་བ་རིག་པ། དེ་བཞིན་བོད་ཀྱི་སྐར་རྩིས་རིག་པ་བཅས་ཀྱི་ཐོག་ནས་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་རེད་འདུག

Latest news

- Advertisement -spot_img