Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བསྟན་འཛིན་བདེ་ལེགས་རིན་པོ་དམ་པའི་གནད་དོན་ཐད་དྲང་བདེན་གྱི་ཐག་གཅོད་ཡོང་བར་རྒྱབ་སྐྱོར་དགོས་པའི་སྐུལ་མ།

བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཕུལ་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན་མོ་དེ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གྲོངས་པའི་ཉིན་མོ་ཡིན་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུ་དོན་ལྟར་ཁུལ་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་སྐུ་འདས་གྲོངས་སུ་གྱུར་ནས་ལོ་གཉིས་འཁོར་བའི་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། ད་ལྟ་རྒྱ་གཞུང་གིས་ཆེས་དམ་དྲག་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཕུལ་འདུག གཞི་རྩའི་ཁ་སང་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་དྲན་གྱི་ལས་རིམ་ཐོག་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་དང་ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ནས་ཕྱི་ལོ་ ༢༠༠༢ ལོར་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་འཛིན་བཟུང་བྱས་པའི་གནས་སྟངས་དང་། དེ་རྗེས་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ངོ་ ༡༣ རིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་མཐར་བཙོན་ཁང་ནང་སྐུ་གྲོངས་པའི་གནས་ཚུལ་རྣམས་གསལ་བཤད་གནང་པ་དང་འབྲེལ།...

བསྟན་འཛིན་བདེ་ལེགས་རིན་པོ་དམ་པའི་གནད་དོན་ཐད་དྲང་བདེན་གྱི་ཐག་གཅོད་ཡོང་བར་རྒྱབ་སྐྱོར་དགོས་པའི་སྐུལ་མ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་དྲུང་ནང་བོད་དོན་ཞུ་གཏུག་གནང་བཞིན་པའི་ཁྲོད། ཁ་ཉིན་ཚེས་ ༡༤ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གཙོས་ལས་བྱེད་ཁག་ཅིག་དང་མཇལ་མོལ་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་གནད་དོན་ཐད་དྲང་བདེན་གྱི་ཐག་གཅོད་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཉི་མ་ལྷ་མོ་ལགས་དང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ཟླ་ ༢ ཚེས་ ༥ ཉིན་དབུ་འཛུགས་ཀྱིས་ Sweden དང་ Denmark དེ་རྗེས་ Spain དང་ Germany བཅས་ཀྱི་ནང་ལ་ཆེད་བསྐྱོད་ཀྱིས་ས་གནས་སོ་སོའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གི་སྐུ་ཚབ་དང་མང་ཚོགས་བཅས་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་སྒོས་ཁོང་གི་ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་སྐུ་དཀྲོངས་པའི་གནས་ཚུལ་རྣམས་གསལ་བཏོན་གནང་སྟེ་རྒྱལ་སྤྱིའི་གཞུང་མང་གི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུས་པ་དང་སྦྲགས། བོད་དོན་ཞུ་གཏུག་གི་ལས་འགུལ་གནང་མུས་ཡིན་པ་རེད། ཁ་ཉི་ཚེས་ ༡༤ ཉིན་ཉི་མ་ལྷ་མོ་ལགས་ Czech སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་འབྱོར་གྱིས་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་དང་ལས་བྱེད་རྣམས་དང་ལྷན་མཇལ་ཞུས་ཡོད་པ་མ་ཟད། ཅེཀ་བརྙན་འཕྲིན་ལས་ཁང་དང་ཅེཀ་ཉིན་རེའི་གསར་ཤོག་གྲགས་ཅན་གྱི་འདྲི་དང་ལེན་ཡང་གནང་འདུག རྩ་བའི་ཉི་མ་ལྷ་མོ་ལགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་མ་ཕེབས་གོང་ཇར་མ་ནི་རྒྱལ་ས་ Berlin...

Latest news

- Advertisement -spot_img