Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་མཇུག་སྒྲིལ།

མགོན་པོ་དོན་གྲུབ་ལགས་སླར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན།

ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ Imperial Heights གསོལ་མགྲོན་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༨ པའི་རྒྱུན་ལས་གསར་འདེམས་དང་དམ་འབུལ་སོགས་ཀྱི་ལས་རིམ་ཁག་མཇུག་སྒྲིལ་གྱིས་མགོན་པོ་དོན་གྲུབ་ལགས་སླར་སྐབས་ ༡༨ པའི་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན་བྱུང་འདུགགསར་འགོད་པས་དེ་རིང་བསྐྱར་དུ་འོས་འདེམས་བྱུང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཐེངས་འདིའི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱྭའི་གནད་དོན་འབྲེལ་ནས་༸རྒྱལ་བའི་བཀའ་སྲུང་ཅི་སྒྲུབ་རྒྱུ་དང་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མངོན་གསལ་གནང་སྟེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གཅིག་གཏན་འབེབས་བྱུང་ཡོད་པ་གསུངས་སོང་།མགོན་པོ་དོན་གྲུབ་ལགས་གཙོས་དེ་སྔ་སྐབས་ ༡༧ པའི་རྒྱུན་ལས་ ༤ སྐབས་ ༡༨...

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འཆར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སླར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གཏན་ཁེལ་ཡོད་པ་དང་སྔ་ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཅིག་བརྒྱུད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་སྦག་སྦག་ལྔ་བཅུ་ལྷག་ཡོད་པའི་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། ད་རེས་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེང་ལོར་གྲོང་ཁྱེར་ནས་རྒྱལ་ས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གཞུང་ལ་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་མགྲོན་བདག་བྱ་རྒྱུའི་འོས་བབ་མེད་པའི་གནད་དོན་དེ་ས་གནས་ཀྱི་ཡུལ་མི་དང་སྒོས་རྒྱལ་སྤྱིའི་ནང་བདེན་པ་ར་འཕྲོད་ཐུབ་ཐབས་སླད་དུ་ཡིན་པར་གསུངས་སོང་། ཚེ་རིང་ཆོས་འཕེལ་ལགས་ཀྱིས་ད་དུང་ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྦེང་ལོར་གྲོང་ཁྱེར་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་བཅས་ཀྱི་མངའ་སྡེ་ཁག་ ༨ ཙམ་གྱི་ནང་སྐོར་སྐྱོད་གནང་རྒྱུ་མ་ཟད་དུས་ཡུན་ཟླ་བ་གཅིག་གི་རིང་སྐོར་སྐྱོད་གནང་རིང་ལ་མངའ་སྡེ་སོ་སོའི་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་ས་གནས་ཀྱི་ཡུལ་མི་ཚོར་བོད་དོན་ངོ་སྤྲོད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་ཞུ་ཐབས་བཅས་ལ་ཆེད་དམིགས་གནང་བ་ཡིན་སྐོར་གསུངས་ཡོད། ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་དབུ་འཛུགས་གནང་རྒྱུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེང་ལོར་གྲོང་ཁྱེར་ནས་སྦག་སྦག་ ༡༠ ནས་ ༡༥ བར་གྱིས་ཟླ་བ་གཅིག་ཙམ་གྱི་རིང་ས་ཐག་ཀི་ལོ་མི་ཀྲར་ ༣༠༠༠ ལྷག་ཙམ་ལ་སྐོར་སྐྱོད་གནང་སྟེ་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་མཇུག་སྒྲིལ་གནང་འཆར་ཡོད་པ་དང་། ལས་འགུལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁོ་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ནང་ས་གནས་ཀྱི་ཡན་ལག་ཁག་ ༤༠ ཙམ་ཆེད་འཛུགས་དང་ཚོགས་མིར་མི་གྲངས་...

 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་ལོ་ང་གཅིག་གི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོར། བཞུག་སྒར་ཁུལ་གྱི་ཨེམ་ཕཱི་རིལ་གསོལ་མགྲོན་ཁང་དུ།  བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་བཙུགས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་སོང་། དེ་རིང་གི་དུས་དྲན་མཛད་སྒོའི་ཐོག  སྐུ་མགྲོན་གྱི་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་མཁན་གྱི་ཁོངས་སུ་ཡོད་པའི་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་བ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་ལགས་ཀྱི་གཙོ་བྱས་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས Kishan Kapoor ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Ajit Nehria ལགས། དེ་བཞིན་དབུས་རྒྱུན་ཟུར་བ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་སོགས་ཀྱི་མཚོན་པའི་འགན་འཛིན་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་སུམ་བཅུ་སོ་གྲངས་ཀྱི་ཚོགས་མི་དགུ་བཅུ་ལྷག་གིས་ཚོགས་ཞུགས་གནང་འདུག མཛད་སྒོའི་ཐོག  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་ནི་མི་ལོ་ལྔ་བཅུའི་གོང་ལ་བོད་ཀྱི་གཞོན་ནུ་རྣམས་ཀྱིས་བོད་མིའི་རྩ་དོན་གྱི་ཆེད་དུ་ཞབས་འདེགས་གང་ལེགས་ཞུ་ཐབས་སུ་བཙུགས་པའི་འཐབ་རྩོད་ཀྱི་ཚོགས་པ་ཞིག་ཡིན་པ་དང་འབྲེལ་ནས། རྒྱ་ནག་གི་མིག་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཚེར་མ་ལྟ་བུ་ཞིག་ཏུ་མཐོང་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས། ལྷན་ཚོགས་འདི་ནི་དགྲ་ལ་འཕྱར་ཡ་དང་གཉེན་ལ་ངོམ་ཡ་ཡོད་པའི་བོད་དོན་འཐབ་རྩོད་ཀྱི་གཙོ་བྱས་པའི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ཐད་ནས་ཞབས་འདེགས་རྒྱ་ཆེར་ཞུས་ཡོད་པའི་ཚོགས་པ་ཞིག་ཡིན་པར་གསུངས་སོང་བ་དང་འབྲེལ། འདི་ལོར་བོད་མིའི་སྒྲིག་འཛུགས་ལ་འཕྲད་པའི་དཀའ་ངལ་དེ་གཞི་རྩར་བཟུང་བའི་ཐོག་ནས་སླད་ཕྱིན་མང་གཙོའི་ལྗིད་སྙོམ་སྟངས་འཛིན་ལ་དོ་ཕོག་མི་ཡོང་བར་གཞུང་སྒེར་ཚང་མས་འགན་ཁུར་དང་བཅས། བོད་མིའི་འཐབ་རྩོད་གོང་མཐོར་བཏང་ནས་བོད་མི་ཡོངས་ཀྱིས་རྒྱ་ནག་གི་བྱས་ཉེས་དག་ཐེར་འདོན་གྱིས་ངོ་རྒོལ་སྐྱོན་བརྗོད་བྱེད་རྒྱུའི་རེ་སྐུལ་ཞུས་སོང་།དེ་རིང་གི་སྐུ་མགྲོན་གཙོ་བོ་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་ལགས་ཀྱིས་གསུངས་བཤད་གནང་བའི་ནང་དུ། ད་བར་དུ་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ཀྱི་འོག་ནས་བོད་མི་རྣམས་སྐྱབས་བཅོལ་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཆགས་ཏེ་འཐབ་རྩོད་རྒྱུན་སྐྱོང་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡོང་ཡོད་ནའང་། ད་ལོར་བཙན་བྱོལ་ནང་དུ་ཞབས་འདྲེན་ཆེན་པོ་ཞུས་ཡོད་པར་ལུང་འདྲེན་གྱིས། གནད་དོན་དེ་ནི་ངོ་གནོང་ཞིང་ཡིད་མུག་པ། ཧ་ཅང་གི་ཐབས་རྡུགས་པའི་བྱེད་བབ་ཅིག་ཏུ་གྱུར་ཡོད་པར་གསུངས་སྟེ།...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པའི་ཐོག  འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་བོད་དོན་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་པ་ལྟར།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཏུ་རྒོལ་མཆོང་གི་ལས་འགུལཞིག་སྤེལ་འདུགདེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་གི་སྣེ་ཁྲིད་གནང་སྟེ་བེུད་གྲངས་བཞི་དང་། སྐྱེས་པ་མི་གྲངས་ ༤༦ བཅས་ཁྱོན་ལས་འགུལ་བ་མི་གྲངས་ ༥༠ ཐམ་པས་རྒྱལ་ས་ལྡིའི་རྒྱ་མིའི་གཞུང་ཚབ་མདུན་དུ་།   བོད་ཀྱི་རྒྱལ་དར་དང་།   འབོད་ཚིག་སྣ་ཚོགས་འཁོད་པའི་སྦྱར་ཡིག་མཉམ་ཁྱེར་དང་འབྲེལ་སོ་སོའི་ངོ་གདོང་ལ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་བཅས་བྲིས་ཏེ།   བོད་ལ་རང་བཙན་དགོས་པ་དང་།    རྒྱ་མི་བོད་ནས་ཕྱིར་སྐྲོལ་བྱེད་དགོས་པ་སོགས་ཀྱི་སྐད་འབོད་དང་སྦྲགས།   གཞུང་ཚབ་ཕྱོགས་སུ་རྒོལ་མཆོང་བྱས་འདུག  སྡེ་ཚན་གཉིས་བྱས་ཏེ་རྒྱ་མིའི་གཞུང་ཚབ་ཏུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་ངོ་རྒོལ་སྐད་འབོད་དང་།  རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་དཀའ་སྡུག་སྐོར་ཞུ་འབོད་སོགས་བྱས་པའི་རྗེས། ས་གནས་སུ་སྔ་ས་ནས་སྐོར་སྲུང་བ་ཕོན་ཆེན་ཞིག་འགྲེམས་འཇོག་གནང་འདུག་པས།    ལས་འགུལ་བ་རྣམས་Mandir Marg ས་གནས་སྐོར་སྲུང་ལས་ཁུངས་ནང་བཀག་སྐྱིལ་བྱས་ཡོད་པ་རེད་།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱི་གསུངས་དོན་བྱས་ན། ...

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ ཉིན་མོ་འདི་ནི་བཙན་བྱོལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་སྟབས་བཞུགས་སྒར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་རབས་ནང་འཐབ་རྩོད་ཁྲོད་ལས་འགུལ་སྤེལ་ཕྱོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་དག་ཅིག་གནང་ཁག་དྲན་གསོ་དང་འབྲེལ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་ཚོགས་པའི་ཚོགས་གཙོ་ཐོག་མར་ཡིན་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་དང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུས་པའི་ད་ལྟའི་ལས་ཐོག་དབུས་རྒྱུན་དང་ས་གནས་རྒྱུན་ལས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་སོགས་ནས་མཉམ་ཞུགས་གནང་སོང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་གིས་རྒྱ་གཞུང་གིས་བོད་ནང་གི་བོད་མིར་དྲག་གནོན་དང་དམ་དྲག་གི་སྲིད་བྱུས་ལག་བསྟར་གྱིས་ད་བར་བོད་མི་ ༡༥༠ ལྷག་ནས་སྐུ་ལུས་ཞུགས་འབུལ་གནང་ཟིན་པ་དང་སྒོས་ད་ཆ་བོད་ནང་རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ལ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་བཀག་སྐྱིལ་བྱེད་བཞིན་པ་ལྟར་བོད་མི་ཞིང་འབྲོག་འབུམ་ལྔ་ལྷག་ཙམ་ལ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་སོགས་ཞིབ་རྒྱས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་པ་དང་རྒྱ་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བོད་མི་ཆིག་སྒྲིལ་རྩ་གཏོར་གཏོང་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་བྱ་སྤྱོད་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་ཡོད། ལྷག་དོན་བྱེས་བཞུགས་བོད་མི་ཉུང་ཤས་ཡོད་པ་ཚོས་ངེས་པར་དུ་མཐུན་སྒྲིལ་མ་གནང་ཚེ་དེ་ནི་ཞབས་འདྲེན་ཡིན་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་བརྟན་བཞུགས་དངོས་ནི་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ཁག་ལག་བསྟར་ཞུ་རྒྱུ་དེ་ཡིན་སྐོར་གསུངས་སོང་།ཆེས་མཐོའི་ཁྲིསམ་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་དེ་སྔ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུ་གཙོས་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་སྤེལ་བ་དག་དྲན་གསོ་དང་སྦྲགས། ད་ཆ་དུས་ཀྱི་འགྱུར་ལྡོག་དབང་གིས་མཐུན་རྐྱེན་ཡོད་པ་དག་ལོངས་སུ་སྤྱོད་པའི་སྒོ་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་རང་རེའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཐད་ལས་འགུལ་སྤེལ་རྒྱུ་དེ་ཏོག་ཙམ་ཉུང་དུ་ཕྱིན་ཡོད་པར་གཟིགས་སྐོར་གསུངས་པ་དང་འབྲེལ་ཏེ་སླད་མར་གཞོན་སྐྱེས་ཚོར་ངེས་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་རྩ་ཆེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག...

གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ།

ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ས་མཚམས། ཚོང་འབྲེལ་སོགས་ཀྱི་གནད་དོན་དུ་མའི་ཐད་ནས་རྒྱ་ནག་གཞུང་ལ་ཕྱིའི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་དུས་སྐབས་འདིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཡན་ལག་ལས་ཁུངས་ཁག་དང་། ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལས་ཁུངས་སོ་སོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་མེག་ལོཊ་ཁྲོམ་གཞུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་དབུས་རྒྱུན་ལས་བྱེད་རྣམ་པ་ལྷན་ཞུགས་ཐོག་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བླངས་པ་དང་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་སྐུ་སྲོག་བློས་བཏང་གནང་མཁན་དང་། ད་ལྟ་རྒྱ་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་ངག་བཅད་གནང་ཐོག་ཞུ་གཏུག་ལས་འགུལ་དབུ་འཛུགས་དང་འབྲེལ་བའི་བསྒྲགས་གཏམ་སྙན་སྒྲོན་ཞུས་སོང་།   བསྒྲགས་གཏམ་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་འོག་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་བཏང་བ་དང་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟེ་གནས་ཁག་གཏོར་བཤིག་བཏང་བ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ད་བར་གར་སོང་ཆ་མེད་དུ་ཕྱིན་པ་དང་། ད་ལྟ་མུ་མཐུད་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༥ ཙམ་གྱིས་བོད་དོན་སླད་རང་ལུས་མེར་བསྲེགས་བཏང་བ། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་བསྙད་དེ་བོད་མིའི་ཆོས་ཕྱོགས་ཀྱི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་ཤོག་གྲངས་ ༢༠ ཅན་གྱི་སྙན་ཐོ་ཞིག་རྒྱལ་སྤྱིའི་གཞུང་ཚབ་ཁག་ལ་འབུལ་རྒྱུ་གཙོས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་རེད་འདུགཐེངས་འདིའི་ཞུ་གཏུག་ལས་འགུལ་འདི་རྐང་སྦྲག་ཐོག་དང་མྱུར་འཕྲིན་བརྒྱུད་སྤེལ་གནང་རྒྱུ་ཡིན་པ་དང་། གལ་ཏེ་ད་ལྟའི་གནས་སྟངས་ལ་གུ་ཡངས་ཏོག་ཙམ་ཕྱིན་ཚེ་ཚོགས་པ་ལྔའི་སྐུ་ཚབ་རྣམ་པ་ས་གནས་ས་ཐོག་ཏུ་ཆེད་བཅར་གྱིས་ཞུ་གཏུག་གནང་འཆར་འདུགརྒྱ་ནག་གཞུང་གིས་ཐོག་མ་ཉིད་ནས་ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་ཐད་སྦས་གསང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཀག་འགོག་བྱས་པའི་དབང་གིས་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་པའི་ནག་ཉེས་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་དང་།...

རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁག་ཅིག་སྤེལ་འདུག

ད་ལྟའི་ཆར་ས་མཚམས་དང་ཚོང་འབྲེལ། དེ་བཞིན་ཏོག་དབྱིབས་རིམ་ནད། འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་དུ་མ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་དང་བསྟུན་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་བོད་རང་བཙན་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་གྱི་རྒྱལ་དར་མེར་བསྲེགས་བཏང་བ་སོགས་ཀྱི་ལས་འགུལ་སྤེལ་འདུགརྒྱལ་ས་ལྡི་ལིར་གནས་བཞུགས་བོད་རང་བཙན་ལས་འགུལ་བ་རྡོ་རྗེ་བཀྲིས་ལགས་དང་མིག་དམར་ཚེ་རིང་ལགས། ལེགས་ལྡན་ལགས་བཅས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཞིན་བོད་རང་བཙན་གཙང་མ་ཡིན། བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་རེད། རྒྱ་ནག་གི་ཅ་དངོས་བེད་སྤྱོད་གནང་རྒྱུ་མེད། བོད་མི་རྣམས་རྒྱ་གར་གྱི་དམག་མི་དང་མི་མང་ཚོ་དང་མཉམ་དུ་ཡོད་ཅེས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག སྐབས་དེའི་ལས་འགུལ་ཁྲོད་ཁོང་རྣམ་པ་ས་གནས་རྒྱ་གར་ཉེ་རྟོག་པས་འཛིན་བཟུང་གིས་ Chanakyapuri ཉེན་རྟོག་ལས་ཁུངས་སུ་བཙོན་འཇུག་རྗེས་གློད་བཀྲོལ་བཏང་འདུག བོད་རང་བཙན་ལས་འགུལ་བ་རྡོ་རྗེ་བཀྲིས་ལགས་ཀྱིས་ད་ལྟའི་ཆར་ཏོག་དབྱིབས་རིམ་ནད་དང་ས་མཚམས་གནད་དོན། དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་དང་འབྲེལ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གཟིགས་སྟངས་ཡག་པོ་མེད་པ་མ་ཟད། ཆབ་སྲིད་ཀྱི་འཁོར་ཡུག་འཁྲུག་པོ་ཞིག་ཆགས་ཡོད་པར་བརྟེན་བོད་མིའི་ངོས་ནས་ནང་ཁུལ་གྱི་ལྟ་སྤྱོད་སོགས་ལ་དབུ་མ་འཁོར་བར་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་གསུངས་སོང་།  དེ་བཞིན་ཁ་ཉིན་ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་ Paris ནང་དུ་ནེ་ཇོང་ཀོང་གི་སློབ་ཕྲུག་དང་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་སོགས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་རང་སྐྱོང་གི་གནས་བབས་ལ་ཐེ་བྱུས་དང་། ལྷག་པར་དུ་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གཏན་འབེབས་བྱས་པར་ངོ་རྒོལ་དང་སྦྲགས། གོམ་བགྲོད་གནང་སྟེ་ཞི་རྒོལ་སྐད་འབོད་གནང་འདུག་པ་དང་། དེའི་ནང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་མཉམ་ཞུགས་གནང་འདུགཁ་སང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་ཡུ་གུར་ཚོགས་པ་དང་ཉི་ཧོང་ཧོང་ཀོང་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིགས་ཐོག་ཉི་ཧོང་གི་རྒྱལ་ས་ Tokyo ནང་དུ་ཧོང་ཀོང་བསྐྱར་གསོ་བྱེད་དགོས། ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུའི་བསམ་བློ་དོར་དགོས། མནར་གཅོད་དང་བཙན་གནོན་རིགས་མཚམས་འཇོག་དགོས་པ་སོགས་ཀྱི་ཕྲེད་དར་དང་འབོད་ཚིག་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་དྲག་པོ་གནང་འདུག སྐབས་དེའི་ལས་འགུལ་ནང་ས་གནས་མི་མང་དང་བོད་མི།...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས།  རྡ་སའི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ཉིན་བརྒྱ་དུས་གཅིག་གི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཏེ། བོད་ཧིན་དབྱིན་གསུམ་གྱི་ཐོག་ནས་མི་མང་གིས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་གི་ཅ་དོངས་ཉོ་ཚོང་མཚམས་འཇོག་དགོས་བའི་གཏམ་བཤད་གནང་སོང་།དེ་རིང་གི་ལས་འགུལ་དེའི་ཐོག  ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དང་། རྒྱ་གར་གྱི་ཚོང་པ་ཚོགས་པའི་སྐུ་ཚབ། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ཚོགས་མི་དང་ཧིན་བོད་གཉིས་ཀྱི་གསར་འགོད་པ་རྣམས་དང་མི་མང་སོགས་འདུ་འཛོམས་ཀྱིས།   རྒྱ་ནག་གི་ཇ་དེམ་དང་རྩིས་འཁོར་སོགས་ཀྱི་མཚོན་པའི་ཅ་དངོས་མང་པོ་དང་ལྷན་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་གཟུགས་དང་དང་རྒྱ་ནག་གི་རྒྱལ་དར་བཅས་མེར་བསྲེགས་བཏང་བའི་ཐོག   བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན།  ཏོག་དབྱིབས་ནད་དུག་ནི་རྒྱ་ནད་རེད། དེ་བཞིན་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་སོགས་ཀྱི་སྐད་འབོད་འདྲ་མིན་གྱི་ཁྲོད་མེག་གྷན་ཁྲོམ་གཞུང་དུ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་བོད་སྐད་ཐོག་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་དོན་ཚན་གསུམ་གྱི་ཐོག་ནས་མི་མང་ལ་གཏམ་བཤད་གནང་སྟེ། འདི་ལོ་རྒྱ་ནག་གིས་འཛམ་གླིང་གང་སར་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱིས་རྒྱལ་སྤྱི་མང་ཚོགས་ཁྲི་སྟོང་མང་པོའི་ཚེ་སྲོག་འཕྲོག་བཞིན་པའི་དུས་སྐབས་འདིར།  རྒྱལ་སྤྱིའི་མི་མང་གིས་ཕྱོགས་གང་ས་ནས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་། གཞི་རྩའི་དེ་རིང་གི་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ལས་འགུལ་འདི་ནི། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ།   རྒྱལ་སྤྱིའི་ཁྲོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཚོགས་པ་ཁག་ཐུན་མོང་གིས་ཉིན་བརྒྱ་དུས་གཅིག་གི་ལས་གཅིག་ལས་འགུལ་ཞིག་ཆགས་ཀྱི་ཡོད་སྟབས།  རྒྱ་གར་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་དུས་གཅིག་ལ་ལས་འགུལ་འདི་སྤེལ་བཞིན་པ་ཞིག་རེད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་སྐམ་ཟས་བགོ་འགྲེམས་གནང་བ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་༸རྒྱལ་བའི་༸སྐུའི་བླ་གཟའ་ལྷག་དཀར་དང་གནམ་གང་བཅས་དགེ་བའི་ཕུན་ཚོགས་དུས་ཚིགས་དང་བསྟུན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཉིན་བརྒྱ་དུས་གཅིག་ལ་སྐམ་ཟས་བགོ་འགྲེམས་གནང་བཞིན་པ་ཡོད་པ་ལྟར། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོག་ཀྱིས་དྷརྨ་སཱ་ལཱ་ཀོ་ཊ་ཝ་ལིའི་ཁུལ་གྱི་རྒྱ་གར་དབུལ་པོ་དང་བཞུགས་སྒར་ཁུལ་དུ་གནས་སྡོད་བྱེད་མཁན་བོད་རིགས་ཉམ་ཐག་རྣམས་ལ་སྐམ་ཟས་སོགས་བགོ་འགྲེམས་གནང་སོང་།རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་པས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཉམ་ཐག་དང་། ལྷག་པར་དུ་ཉིན་གླར་བརྟེན་མཁན་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཡོད་པ་མ་ཟད་རྒྱ་གར་ལྟ་བུར་མཚོན་ན་ཐེམ་སྦང་གི་དུས་ཚིགས་འདིར་དབུལ་པོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། དུས་ཚིགས་འདི་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་ཚོགས་སྐྱིད་ཁག་ནས་རོགས་སྐྱོར་གང་ཐུབ་གནང་དང་གནང་མུས་ཁྲོད་དེ་རིང་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྷརྨ་སཱ་ལཱ་ཀོ་ཊ་ཝ་ལིའི་ཁུལ་གྱི་རྒྱ་གར་དབུལ་པོ་ཉིན་གླར་བརྟེན་མཁན་ཁྱིམ་ཚང་ ༡༥༠ དང་བཞུགས་སྒར་ཁུལ་དུ་གནས་སྡོད་བྱེད་མཁན་བོད་རིགས་ཉམ་ཐག་ ༥༠ ཡོད་པ་རྣམས་ལ་སྐམ་ཟས་སོགས་བགོ་འགྲེམས་གནང་སོང་།དེ་བཞིན་དེ་རིང་གི་དགེ་བའི་ཉིན་འདིར་བཞུགས་སྒར་གངས་སྐྱིད་ཁུལ་དུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གིས་ཀྱང་དྷརྨ་སཱ་ལཱ་གྷམ་རུའི་ཁུལ་གྱི་རྒྱ་གར་དབུལ་པོ་དང་ལྷག་པར་ངལ་རྩོལ་གྱི་ལས་ཀ་བྱེད་མཁན་ཕྱི་ནས་ཕེབས་པའི་རྒྱ་གར་དབུལ་པོ་ ༥༠༠ ཙམ་ལ་སྐམ་ཟས་བགོ་འགྲེམས་གནང་ཡོད་པ་རེད།རྩ་བའི་ཐེམ་སྦང་གི་དུས་ཚིགས་འདིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཙམ་མིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་རྒྱ་གར་གྱི་ས་གནས་གང་སར་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་དང་བོད་མིའི་ཚོགས་སྒེར་ཁག་གིས་མང་ཚོགས་དབུལ་པོ་རྣམས་ལ་རོགས་སྐྱོར་མུ་མཐུད་གནང་དང་གནང་མུས་ཡིན་པ་རེད།

Latest news

- Advertisement -spot_img