Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་དུས་སྟོན་ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་རྒྱུ།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པར་བོད་དོན་སྙན་སེང་།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་ནས་བྱང་ཨ་མི་རི་ཀའི་ས་གནས་ཁག་གཅིག་ཏུ་ཆོས་འབྲེལ་དང་བཀའ་དབང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་། ཚོགས་སྐྱིད་ཁག་གི་སློབ་ཕྲུག་དང་མང་ཚོགས་རྣམས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་ཡོད་པ་ལྟར་ཟླ་ ༨ ཚེས་ ༢༣ ཉིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་དང་ཐུག་འཕྲད་ཀྱིས་བོད་དོན་སྙན་གསེང་ཞུས་འདུག རིན་པོ་ཆེ་མཆོག་གིས་སྐུ་ཞབས་ Thames Noax ལགས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་ནས་ཆོས་ལ་དད་པ་མེད་མཁན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་བླ་སྤྲུལ་ཡང་སྲིད་ཀྱི་ངོས་འཛིན་གནང་སྲོལ་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་ནི་གཞི་རྩ་མེད་པ་ཞིག་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་རེར་དོ་དམ་ཚོགས་ཆུང་ཞེས་ཆེད་འཛུགས་ཀྱིས་དགོན་པའི་ཉིན་རེའི་གནང་སྒོ་ཁག་ལ་དམ་དྲག་དང་བཏང་འཛིན་སོགས་བྱེད་བཞིན་ཡོད་སྟབས་དགོན་ཁག་གི་ཉིན་རེའི་གནང་སྒོ་ཁག་ལ་ཧ་ཅང་གི་སུན་གཙིར་ཆགས་ཡོད་པ་སོགས་གསལ་བཤད་གནང་འདུག རིན་པོ་ཆེ་མཆོག་གིས་ད་དུང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་གུད་དུ་འགྲོ་བཞིན་པའི་ཆེས་ཛ་དྲག་གི་དངོས་ཡོད་གནས་སྟངས་ཡང་སྙན་གསེང་ཞུས་ཡོད་པ་རེད། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་མ་ཟད། ཉེ་ཆར་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་འདུའི་སྐབས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་ Sam Brownback ལགས་ཀྱིས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ།...

བོད་ཀྱི་དུས་སྟོན་ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་རྒྱུ།

འདི་ལོའི་ Brisbane གྲོང་ཁྱེར་དུ་བོད་ཀྱི་དུས་སྟོན་ཐེངས་བརྒྱད་པའི་ཐོག་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ Brisbane ནང་དུ་ལོ་ལྟར་ཆད་མེད་ཚོགས་བཞིན་པའི་ Brisbane བོད་ཀྱི་དུས་སྟོན་ཞེས་པ་དེ་ཡང་གཙོ་བོ་ཡུལ་དེའི་ནང་གནས་བཞུགས་བོད་པའི་གཞས་པ་དང་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་འགན་རྐང་ཆེ་བཞེས་ཐོག་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་པེ་ཅིང་ Olympic རྩེད་འགྲན་གྱི་དུས་ཚིགས་ནས་དབུ་བཙུགས་གནང་པའི་བོད་ཀྱི་དུས་སྟོན་ཞིག་ཡིན་པ་རེད། དུས་སྟོན་དེའི་དགོས་དམིགས་གཙོ་བོ་ནི། ཨོ་སོ་ཊོ་ལི་ཡའི་ཁུལ་གྱི་མང་ཚོགས་ཁྲོད་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐུན་མིན་གྱི་གླུ་གཞས་དང་གློག་བརྙན་གཟིགས་འབུལ། དེ་བཞིན་བོད་དོན་སྐོར་བགྲོ་གླེང་དང་བོད་དོན་དྲིལ་བསྒྲགས་སོགས་གནང་ཕྱིར་དམིགས་པ་ཞིག་ཆགས་ཀྱི་ཡོད་པ་རེད། འདི་ལོའི་བོད་ཀྱི་དུས་སྟོན་ཐེངས་བརྒྱད་པ་དེ་ཟླ་འདིའི་ཕྱི་ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ ༢༤ བར་ཚོགས་གནང་གི་ཡོད་པ་རེད།      ཐེངས་འདིའི་བོད་ཀྱི་དུས་སྟོན་ཐོག་མགྲོན་གཙོར་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་རྒྱུ་དང། རྒྱ་གར་ནང་གི་སྙན་གྲགས་ཆེ་བའི་ཁོར་ཡུག་ལས་འགུལ་བ་དང་རྩོམ་པ་པོ་སྐུ་ཞབས་ Dr. Vandana Shiva...

Latest news

- Advertisement -spot_img