Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་གནང་པ།

བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་པ།

བོད་ཁྱིམ་སློབ་གྲྭའི་སློབ་མ་ཉམས་ཐག་རྣམས་ལ་རོགས་རམ་གནང་རྒྱུར་དམིགས་ཏེ་ཐེ་ཝན་གྱི་པར་ལེན་པ་ཁག་ཅིག་གིས་མཁོ་བསྒྲུབ་གནང་པའི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་ཡོད་པ་རེད། དེ་རིང་ཟླ་ ༤ ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སྒྲོལ་དཀར་བྱམས་བརྩེ་ཚོགས་པའི་སྦྱིན་བདག་དང་འགན་འཛིན་གཅིག་ལྕོགས་གནང་མཁན་སྨན་པ་ལའེ་ཨུད་ཚའེ་ལགས་ཀྱིས་རྐང་འགན་བཞེས་ཏེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་སོང་། དེ་ཡང་ཁོང་དང་ཁོང་གི་གྲོགས་པོ་ཐེ་ཝན་པར་ལེན་པ་ཁག་ཅིག་གིས་ལོ་ངོ་གསུམ་ལྷག་གི་རིང་ལ་ངལ་བ་ཁྱད་བསད་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་གཙོས་པའི་བོད་ཁྱིམ་སློབ་གྲྭའི་གནས་སྟངས་སྤྱི་དང་སློབ་ཕྲུག་གི་འཚོ་གནས་སོགས་འབྲེལ་བའི་པར་རིས་ཁག་ཅིག་འདུག སྐབས་དེར་སྒྲོལ་དཀར་བྱམས་བརྩེ་ཚོགས་པའི་ཚོགས་མི་དང་ཐེངས་འདིའི་འགྲེམས་སྟོན་ཐོག་སྐད་སྒྱུར་བ་མཁན་ལྷ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ལས་གཞི་དེ་ཐོག་མར་སྤྱི་ལོ་ ༢༠༠༩ ལོར་དབུ་བཙུགས་གནང་འདུག་པ་དང་ཐོག་མའི་འཆར་ལ་རོལ་དབྱངས་འདུ་འཛོམས་སོགས་ཀྱི་བརྒྱུད་ལས་གཞི་བརྩམས་འདུག དེ་རྗེས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་ཆད་མེད་གཅིག་རྗེས་གཉིས་མཐུད་བྱུང་བ་དེ་དག་གི་པར་རིས་ཁོ་ན་ཆེད་སྒྲུབ་ཞུས་པ་གཙོས་ད་བར་ལོ་ངོ་གསུམ་ལྷག་གི་རིང་ལ་ངལ་བ་ཁྱད་བསད་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་རྣམས་བོད་མིའི་གཞིས་ཁག་ལ་དྭགས་དང་སྦིར། དེ་བཞིན་དྷ་ས་ཁུལ་བཅས་སུ་འགྲེམས་སྟོན་གནང་ཡོད་པ་གསུངས་སོང་། འགྲེམས་སྟོན་དེར་མི་དམངས་ནས་ཞལ་འདེབས་ཇི་བྱུང་རྣམས་བོད་ཁྱིམ་སློབ་གྲྭའི་ཉམས་ཐག་སློབ་མ་ཁག་དབྱར་དགུན་གཉིས་ཀྱི་གུང་སེང་འཁྲིད་རྒྱུ་གཙོས་པའི་པར་ལེན་གྱི་ཟུར་འཁྲིད་སྒྱུ་རྩལ་གོང་མཐོར་གཏང་ཐབས་ལ་ཆེད་དམིགས་གནང་པ་ཞིག་ཡིན་འདུག གཞི་རྩའི་ད་རེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་དེ་རིང་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཙམ་འགྲེམས་སྟོན་གནང་གི་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༢༥ ནས་གངས་སྐྱིད་དཔེ་མཛོད་ཁང་དུ་ཉིན་གྲངས་བཅུའི་རིང་འགྲེམས་སྟོན་གནང་རྒྱུ་ཡིན་པ་མ་ཟད། རིམ་པས་ཐེ་ཝན་གཙོས་པའི་རྒྱལ་ཁབ་གཞན་ཁག་ཏུ་དེ་ལྟར་གནང་འཆར་འདུག

Latest news

- Advertisement -spot_img