Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་དོན་གོམ་བགྲོད།

ཁེལ་ལི་ཕོ་ནི་ཡར་བོད་མི་གཉིས་ཀྱིས་བོད་དོན་གོམ་བགྲོད་དབུ་འཛུགས། 

ཨ་རིའི་ California ནང་དུ་བཅའ་བཞུགས་བོད་མི་བསྟན་འཛིན་རང་སྒྲོལ་ལགས་དང་བསྟན་འཛིན་ཐོགས་མེད་ལགས་རྣམ་གཉིས་ཀྱིས་ཁ་སང་ཚེས་ ༡༢ ཉིན་དབུ་འཛུགས་ཀྱིས་ཁེལ་ཕོ་ནི་ཡ་ཁུལ་གྱི་ Richmond གྲོང་ཁྱེར་ནས་མངའ་སྡེའི་རྒྱལ་ས་ Sacremento ནང་དུ་རྟེན་གཞི་བྱས་པའི་མངའ་སྡེའི་གྲོས་ཚོགས་བར་དུ་དགོས་འདུན་ཚན་བཞི་དང་འབྲེལ་ནས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག རླུང་འཕྲིན་ཁང་གིས་བོད་དོན་གོམ་བགྲོད་པ་གཉིས་ནས་གོམ་བགྲོད་ཀྱི་ཉི་མ་དང་པོ་དེ་འཇུག་སྒྲིལ་གནང་བ་དང་བསྟུན་བསྟན་འཛིན་རང་སྒྲོལ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཁོང་རྣམ་པ་གཉིས་ནས་རང་ཉིད་བཙན་བྱོལ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་མི་རེ་ངོ་རེར་དམིགས་བསལ་གྱི་འགན་རེ་ཡོད་པ་དང་། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཚོགས་སྒེར་ཁག་ཅིག་གིས་བོད་དོན་ཆེད་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་པ་ལྟར་ད་ལན་ཨ་རི་ནང་དུ་གང་ཐུབ་ཅི་ཐུབ་ཞུ་རྒྱུའི་བསམ་བློ་ཡོད་པ་ལྟར་འབད་བརྩོན་ཞུས་ཏེ་ལས་འགུལ་འདི་སྤེལ་བ་ཡིན་ཞེས་གསུངས་སོང་།དེ་བཞིན་ཚེས་ ༡༢ ཉིན་གྱི་སྔ་དྲོར་ལས་འགུལ་དབུ་འཛུགས་གནང་སྐབས་སུ་ས་གནས་བོད་མི་ཙམ་མ་ཟད་རིཅ་མོནྡྲ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་ El Cerrito གྲོང་ཁྱེར་སྤྱི་ཁྱབ་པ། དེ་བཞིན་རིཅ་མོནྡྲ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི། མངའ་སྡེ་དང་ས་གནས་གྲོས་ཚོགས་འཐུས་མི་དང་སྐུ་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་ནས་རྒྱབ་སྐྱོར་ཚུལ་དུ་ཆེད་ཕེབས་གནང་ཡོད་པ་རེད། ཁོང་གཉིས་ནས་སྤྱི་ལེ་ ༡༦༠ ཙམ་གྱི་གོམ་བགྲོད་དེ་འཇུག་སྒྲིལ་སྐབས་ Sacremento ནང་དུ་ California མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་གནང་གཏན་ཁེལ་ཡོད་པ་དང་། གོ་སྐབས་དེ་དང་བསྟུན་མངའ་སྡེའི་གྲོས་ཚོགས་གོང་འོག་གི་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་གནང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པར་གསུངས་སོང་། རྩ་བའི་སྔ་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམ་ ༡༩...

༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་སངས་རྒྱས་སྐྱབས་ལགས་ཀྱི་གོམ་བགྲོད་མཇུག་སྒྲིལ།

བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོར་ཁེ་ན་ཌ་ཊོ་རོན་ཊོར་འབྱོར་ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུགཁེ་ན་ཌའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་ཕན་ཚུན་གྲོས་བསྡུར་དང་ཡིད་ཆེས་ཀྱི་ལམ་ནས་བསྐྱར་གསོ་བྱ་རྒྱུ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་བཀྲོལ་དགོས་པ། རྒྱ་ནག་ཏུ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་འཚོགས་རྒྱུར་མཚམས་འཇོག་གནང་དགོས་པ། དེ་བཞིན་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་ཡམས་ལ་འགན་ལེན་དང་རྒྱལ་སྤྱིས་ཐེར་འདོན་གནང་དགོས་བཅས་དགོས་འདུན་དོན་ཚན་ལྔའི་སྒོ་ནས་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༢ ནས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་ཊོ་རོན་ཊོ་ནས་དབུ་འཛུགས་ཀྱིས་ཁ་སང་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་རྒྱལ་ས་ཨོ་ཊ་ཝ་ནས་ཚུར་ཊོ་རོན་ཊོར་ཕེབས་འབྱོར་དང་བསྟུན་ས་གནས་སུ་གནས་བཞུགས་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ཉིན་གྲངས་ཉེར་བཞིའི་རིང་གོམ་བགྲོད་གནང་བའི་ལས་འགུལ་དེ་མཇུག་སྒྲིལ་གནང་འདུགསྤྱིར་སངས་རྒྱས་སྐྱབས་ལགས་ནས་ད་ལན་ཙམ་མིན་པར་དེ་སྔར་ཁོང་གིས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་ལྷག་པར་དུ་ད་ལན་ཊོ་རོན་ཊོ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ནས་ནས་ཨོ་ཊ་ཝ་བར་དང་ཨོ་ཊ་ཝའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་གནང་བ། དེ་བཞིན་ཨོ་ཊ་ཝ་ནས་ཕྱིར་ཊོ་རོན་ཊོ་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་ངོས་བར་བཅས་རྒྱང་ཐག་ཁྱོན་སྤྱི་ལེ་ ༩༠༠ ལྷག་ གི་གོམ་བགྲོད་གནང་ཡོད་པ་རེད།གོམ་བགྲོད་ཁྲོད་སྐབས་རེར་ཆར་ཤུགས་ཆེས་ཆེར་རྒྱབ་ཡོད་ཀྱང་ཁོང་ནས་གནམ་གཤིས་ཚ་གྲང་སོགས་ལ་ལྟོས་མེད་ཡིད་མ་ཞུམ་པར་དཔུང་པའི་ཐོག་ཏུ་བོད་དང་ཁེ་ན་ཊའི་རྒྱལ་དར་བསྣམས་ཏེ་མུ་མཐུད་གོམ་བགྲོད་གནང་བ་སྤྱི་ཚོགས་དྲ་ལམ་ཐོག་ཏུ་མཇལ་རྒྱུ་ཡོད། ཁོང་གིས་གོམ་བགྲོད་ཁྲོད་ཁེ་ན་ཌ་གྲོས་ཚོགས་འཐུས་མི་ Neil Ellis ལགས་དང་ Belleville གྲོང་སྡེའི་སྤྱི་ཁྱབ་མཆོག་དང་མཇལ་འཕྲད་བྱུང་བ་དང་བོད་དོན་ལ་རྒྱབ་སྐྱོར་ཀྱི་རྣམ་འགྱུར་བསྟན་འདུག་པ་མ་ཟད་སླད་མར་དེ་འབྲེལ་གོམ་བགྲོས་སྤེལ་སྐབས་ངེས་པར་དུ་འབྲེལ་བ་གནང་རོགས་ཞེས་གསུངས་སྐོར་གསུངས་སོང་།གཞི་རྩའི་སངས་རྒྱས་སྐྱབས་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རེས་གཟའ་ལྷག་པ་ནམ་ཡིན་ལ་ཁེ་ན་ཌར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱི་ལས་ཁུངས་མདུན་དུ་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། ཁོང་གིས་སླད་མར་ཁེ་ན་ཌ་རྒྱལ་ས་ཨོ་ཊ་ཝ་བར་དང་ཁེ་ན་ཌ་ནས་ཨ་རིར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་སོགས་ཡོད་པ་རེད་འདུག

བོད་དོན་གོམ་བགྲོད་པ་རྣམ་གཉིས་རྒྱལ་ས་སྒང་ཏོག་ཏུ་འབྱོར་འདུག

རྒྱ་གར་འབྲས་ལྗོངས་མངའ་སྡེའི་འཕགས་བོད་ས་ཚམས་རྣ་ཐོས་ལ་བར་དུ་བོད་དོན་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་དེ་རིང་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཐོག་ཏུ་འབྱོར་འདུགབོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ། དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་དབར་རྒྱ་དཀར་ནག་གཉིས་ཀྱི་རྙོག་འཛིང་གི་རྐྱེན་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མེད་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་དོན་ལྟར་ད་ཆ་ཟླ་བ་གསུམ་ཙམ་སོང་བའི་མཚམས་སུ་ཁོང་དང་ཁོང་གི་ཕྱག་རོགས་གཅིག་བཅས་རྣམ་པ་གཉིས་དེ་རིང་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་བདེ་འབྱོར་བྱུང་ཡོད་པ་རེད།བསྟན་འཛིན་དོན་གྲུབ་ལགས་དང་རྒྱ་གར་གྱི་གྲོང་ཁྱེར་ཅན་རྡི་གྷར་ནས་ཁོང་དང་ལྷན་དུ་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཉེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སི་ལི་གོ་རིའི་གྲོང་ཁྱེར་དུ་འབྱོར་བ་དང་བསྟུན་ཁུལ་དེར་ཁོང་གི་ལས་འགུལ་ཁྲོད་ཀྱི་དགོས་འདུན་དོན་ཚན་གསུམ་པོའི་ཐོག་གསར་འགོད་ལྷན་ཚོགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་ཁུལ་དེ་ནས་ཕེབས་ཐོན་གནང་སྐབས་ནུབ་བྷེང་གྷལ་དང་འབྲས་ལྗོང་ཁུལ་གྱི་ཀ་རྡོར་སྒང་གསུམ་གྱི་ས་གནས་བོད་མི་དང་གཞོན་ནུ་དང་བེུད་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༣༤ ཙམ་གྱིས་བོད་དོན་གོམ་བགྲོད་དེར་མཉམ་ཞུགས་ཀྱིས་ཁ་སང་ཟླ་ ༢ ཚེས་ ༡ ཉིན་འབྲས་ལྗོངས་མངའ་སྡེའི་ས་མཚམས་སུ་འབྱོར་བ་དང་དེ་རིང་མངའ་སྡེ་དེའི་རྒྱལ་ས་སྒང་ཏོག་ཏུ་འབྱོར་ཡོད་པ་རེད། འབྲས་ལྗོངས་ནང་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་དང་མཐུན་འགྱུར་གནང་མཁན་ སྒང་ཏོག་ས་གནས་གཞོན་ནུའི་དྲུང་ཆེ་བསྟན་འཛིན་ཚེ་འཕེལ་ལགས་ཀྱིས་གསུངས་པར་འབྲས་ལྗོང་མངའ་སྡེ་གཞུང་གིས་ད་བར་གོམ་བགྲོད་པ་རྣམས་ལ་རྣ་ཐོས་ལའི་མཚམས་སུ་རང་དབང་ཐོག་ཕེབས་རྒྱུར་ཆོག་མཆན་གནང་མེད་པ་ལྟར་ཁོང་རྣམས་ཀྱིས་ས་མཚམས་ས་ཁུལ་ཉེ་འགྲམ་ Third Mile CheckPost...

སྲིད་སྐྱོང་སུ་ཕེབས་ཀྱང་གཞིས་བཞུགས་བོད་མིའི་ཆེད་དུ་སྐུ་ལས་སྐྱོན་པའི་རེ་བ་ཡོད།

ཁ་ཉིན་ཕྱི་ཟླ་ ༡ ཚེས་ ༣ ཉིན་བྱེས་འཁོད་བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་གནང་ཡོད་ཀྱང་། བོད་མི་གཉིས་ཀྱིས་བོད་དོན་སླད་ཞི་བའི་གོམ་བགྲོད་གནང་བཞིན་པར་བརྟེན་ཁོང་རྣམ་པ་གཉིས་ལ་འོས་འཕང་རྒྱུའི་གོ་སྐབས་བྱུང་མེད་པ་རེད།ཁོང་རྣམ་གཉིས་ཀྱིས་མ་འོངས་པར་སྲིད་སྐྱོང་སུ་ཕེབས་ཀྱང་གཞིས་བཞུགས་བོད་མིའི་སླད་དུ་སྐུ་ལས་སྐྱོན་རྒྱུ་སྤྱི་དང་སྒོས་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་བར་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་རྒྱུ་དེ་མ་འོངས་པའི་ཕྱག་ལས་ཁྲོད་ཨང་དང་པོར་ངོས་འཛིན་གནང་དགོས་པའི་རེ་སྐུ་ཞུས་སོང་།སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱ་གར་འབྲས་ལྗོངས་སུ་ཆགས་པའི་རྣ་ཐོས་ལའི་ས་མཚམས་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་དོན་བཞིན་སང་ཉིན་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་རྒྱ་གར་བི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་གྱི་ཡོད་པ་རེད།ཁ་སང་བསྟན་འཛིན་གྲུབ་ལགས་དང་ཉི་མ་ལགས་རྣམ་གཉིས་ཀྱིས་ March for Freedom from Dharamshala to Nathula ཞེས་པའི་ངོ་དེབ་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དུ་སུ་ཞིག་ཕེབས་ཀྱི་ཡོད་ཀྱང་གཞིས་བཞུགས་བོད་མིའི་སླད་དུ་སྐུ་ལས་སྐྱོན་རྒྱུ་སྤྱི་དང་ལྷག་པར་དུ་ཉེ་བའི་ལོ་རབས་བཅུའི་ནང་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་མེད་པ་དེ་ལྟར་ཡང་། སླད་མར་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་དགོས་གལ་ཡིན་པར་མ་ཟད་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་གང་ཟག་དེས་མ་འོངས་པའི་ཕྱག་ལས་ཁྲོད་ཨང་དང་པོར་ངོས་འཛིན་གནང་དགོས་པའི་རེ་སྐུ་གནང་གི་འདུགདེ་བཞིན་གསར་འགོད་པས་ད་བར་ཟླ་བ་གཉིས་ལྷག་གི་གོམ་བགྲོད་ཁྲོད་རྒྱ་གར་བས་བོད་དོན་ཐད་ལ་གཟིགས་ཚུལ་དང་དོ་སྣང་གནང་ཕྱོགས་གང་འདྲ་ཡོད་མེད་ཐོག་བཅར་འདྲི་ཞུས་སྐབས་དོན་གྲུབ་ལགས་ཀྱིས་ད་བར་གོམ་བགྲོད་གནང་བའི་རིང་ལ་བོད་དོན་ཐད་ལ་གོ་རྟོགས་མེད་པའི་མི་སྣ་དང་ཐུག་འཕྲད་བྱུང་སྐབས་བོད་དོན་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རོགས་རམ་ཤུགས་ཆེར་གནང་བ་དེས་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་སྐོར་གསུངས་སོང་།

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ Aligarh ནས་མུ་མཐུད་གོམ་བགྲོད་གནང་བཞིན་པ།

ཁ་སང་དགོང་མོར་རྒྱ་གར་ཨུཏྟར་མངའ་ཁོངས་རྒྱལ་ས་ལྡི་ལི་ནས་སྤྱི་ལེ་ ༡༦༠ ལྷག་གི་སར་ཆགས་པའི་ Aligarh ལ་འབྱོར་འདུག དེ་རིང་མུ་མཐུད་ Aligarh ནས་lucknow གྱི་གཞུང་ལམ་བརྒྱུད་གོམ་བགྲོད་གནང་བཞིན་པ་རེད།

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ལྡི་ལིར་འབྱོར་འདུག

ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སྟེ་ད་ཆ་བདུན་ཕྲག་གསུམ་ཙམ་ཕྱིན་ཡོད་པ་ལྟར་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་གཉིས་དེ་རིང་དགོང་དྲོ་ཙམ་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འབྱོར་གྱི་འདུག དེ་བཞིན་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་དྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གི་འོག་འཕགས་བོད་ས་མཚམས་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་བ་ལྔ་བཅུ་ལྷག་གི་ལས་འགུལ་ཞིག་དབུ་འཛུགས་གནང་དོན་བཞིན་དེ་རིང་དགོང་དྲོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་གྱི་ཁུ་ནུ་ས་ཁུལ་གྱི་འཕགས་བོད་ས་མཚམས་སུ་འབྱོར་གྱི་འདུགགསར་འགོད་པས་བསྟན་དོན་འགྲུབ་དང་བསྟན་འཛིན་ཉི་མ་གཉིས་ལ་གོམ་བགྲོད་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གཉིས་ཀྱིས་བོད་དོན་ལ་སེམས་ཤུགས་ཡོད་ན་ལས་འགུལ་དབུ་འཛུགས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ལས་འགུལ་ཞིག་དབུ་འཛུགས་ཞུས་པ་ཡིན་ན་བོད་མི་སྤྱི་དང་ས་གནས་ཁག་གི་རྒྱ་གར་ཡུལ་མི་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གང་ལེགས་གནང་གི་ཡོད་པར་འགྲེལ་བརྗོད་ཀྱིས་ཐེངས་འདིའི་གོམ་བགྲོད་བརྒྱུད་རྒྱ་གར་གྱི་ཡུལ་མི་རྣམས་དང་གསར་འགོད་པ་རྣམས་ལ་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ད་ཆ་རྒྱ་ནག་གི་དབང་སྒྱུར་གྱི་སྲིད་བྱུས་འོག་ཏུ་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པ་དྲིལ་བསྒྲགས་གང་ལེགས་གནང་ཐུབ་ཡོད་སྐོར་གསུངས་ཡོད།  གཞན་ཡང་དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་ཐེངས་འདིའི་འཕགས་བོད་ས་མཚམས་བར་གྱི་སྦག་སྦག་སྐོར་སྐྱོད་ཀྱི་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་བཞུགས་སྒར་ནས་ཁུ་ནུ་བར་གྱི་གྲོང་ཁྱེར་ཆེ་ཁག་ནས་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ལ་དཀའ་ངལ་འཕྲད་བཞིན་པ་དང་དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་གདོང་ལེན་གནང་ཕྱོགས་གཙོས་པའི་རྒྱ་ནག་གིས་བོད་ཁུལ་དུ་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པ་བཅས་ཀྱི་གནད་དོན་དྲིལ་བསྒྲགས་གནང་ཐུབ་སོང་ཞེས་གསུངས་སོང་།

དབྱིན་ཡུལ་ནང་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས།

ཉེ་བའི་ཆར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་ཁྲོད་འདིར་དབྱིན་ཡུལ་གྱི་ནང་གནས་སྡོད་བསྟན་འཛིན་བཟང་མོ་ལགས་དང་ཁོང་གི་སྐུ་ཟླ་བཀྲིས་དོན་གྲུབ་ལགས། དེ་བཞིན་བསོད་ནམས་ཚེ་རིང་ལགས། བསྟན་འཛིན་ཕུན་ཚོགས་ལགས་བཅས་བོད་མི་བཞིས་དང་བླངས་ཀྱིས་ཁ་སང་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱལ་སྤྱི་དང་དབྱིན་ཡུལ་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱིར་དབྱིན་ཡུལ་གྱི་གྲོང་ཁྱེར་ Bristol ནས་རྒྱལ་ས་ London བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད།སྐབས་དེར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་བ་རྣམས་ནས་ཐེངས་འདིའི་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་དེ་ཉེ་ཆར་མང་ཚོགས་ཀྱིས་གཏོར་བརླག་བཏང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དབྱིན་ཡུལ་གྱི་དྲན་གཡོག་ཚོང་པ་ཆེན་པོ་ Edward Colston ཡི་འདྲ་སྐུ་ཡོད་པའི་ས་ཚིགས་ནས་དབུ་འཛུགས་གནང་འདུག་ཅིང། སྐབས་དེར་ས་གནས་སུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་ཅིག་ལྷན་འཛོམས་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ལྕམ་ kerry MaCarthy ལགས་ནས་གསུང་བཤད་གནང་བ་དང་བོད་མི་ཚོས་བོད་དོན་གོམ་བགྲོད་བ་རྣམས་ལ་མཇལ་དར་སྒྲོན་ནས་ཕེབས་སྐྱེལ་ཞུས་འདུགལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ནས་བོད་རྒྱ་ཞི་མོལ་སླར་གསོ་བྱེད་དགོས་པ་དང་རྒྱལ་སྤྱིའི་གཞུང་མང་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད་འཛམ་གླིང་ཡོངས་ལ་ཏོག་དབྱིབ་གཉན་རིམས་ཁྱབ་བརྡལ་བཏང་བའི་འགན་འཁྱེར་འཇུག་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བཀྲིས་དབང་ཕྱུག་ལགས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་སོགས་རྒྱལ་སྤྱིའི་གཞུང་དང་དབྱིན་ཡུལ་གཞུང་མང་གཉིས་ལ་ཁྱོན་དགོས་འདུན་དོན་ཚན་བཅུ་ཅན་ཞིག་ཆེད་འདོན་གནང་སྟེ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག་པ་མ་ཟད། ད་ལན་གྱི་ལས་འགུལ་བ་རྣམས་དབྱིན་ཡུལ་གྱི་ Bristol གྲོང་ཁྱེར་ནས་རྒྱལ་ས་...

Latest news

- Advertisement -spot_img