Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག   བཞུགས་སྒར་གྱི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ།  བོད་ཀྱི་དྭངས་ཞབས་དམག་མི་ཟུར་བ། ཚེ་རིང་ཡེ་ཤེས་ལགས་དང་ཁོང་གི་གྲོགས་པོ་འཆི་མེད་རྟ་མགྲིན་ལགས་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེགས་རྟགས་མཐོ་ཤོས། Bharat Ratna  ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་ལས་འགུལ་དབུ་འཛུགས་གནང་སོང་།ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ་ཞབས་Subhash Nehria མཆོག་གི་གཙོས་བཞུགས་སྒར་ཁུལ་གྱི་གཞུང་འབྲེིལ་མིན་པའི་ཚོགས་པ་ཁག་ལྔའི་སྐུ་ཚབས་རྣམས་དང་། འབྲེལ་ཡོད་ཀྱི་ཐུགས་སྣང་ཅན་གྱི་བོདམི་ཁག་ཅིག་དབུ་བཞུགས་ཀྱི་ཐོག་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཀྱི་ཞུ་སྐུལ་སྐོར་སྐྱོད་ཀྱི་ལས་གཞི་དེ་དབུ་འཛུགས་གནང་སོང་།སྐབས་དེར་ལས་འགུལ་བ་ཚེ་རིང་ཡེ་ཤེས་ལགས་ཀྱིས་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་འདི་ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་གཏན་འབེབས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཁོ་ན་མིན་པར་བོད་མི་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་འདིར་ཆ་ཤས་ཤིག་ལེན་དགོས་རྒྱུ་གལ་ཆེན་པོ་ཡིན་པར་དགོངས་ནས་ཁོང་དང་ཁོང་གི་ལས་རོགས་གཉིས་ཀྱིས། རྒྱ་གར་རྒྱལ་ཡོངས་ཀྱི་ཤར་ལྷོ་ནུབ་བྱང་གང་སར་བཞུགས་པའི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་རེ་རེར་ཆེད་བཅར་གྱིས་རྒྱ་གར་གཞུང་གིས་མགོན་པོ་༸གང་ཉིད་ཀྱིས་འཚེ་མེད་ཞི་བའི་ལྟ་སྤྱོད་ཀྱི་ཐོག་འཛམ་གླིང་གི་ཞི་བདེ་སྐྲུན་རྒྱུར་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་དང་། དེ་བཞིན་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཕྱིར་ཏུ་སྐུ་ལས་བླ་ལྷག་བསྐྱོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ངོས་འཛིན་གྱིས་རྒྱ་གར་གྱི་ཆེས་མཐོ་བའི་སྤྱི་དམངས་གཟེགས་རྟགས་ Bharat Ratna  ཞེས་པ་དེ་༸གོང་ས་མཆོག་ལ་འབུལ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་དབུ་འཛུགས་གནང་སྐོར་གསུངས་སོང་།ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ་ཞབས་Subhash Nehria མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཆེས་མཚན་སྙན་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས། རྒྱ་གར་གྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་ཐུབ་ཚེ། རྒྱ་གར་གྱི་མཚན་སྙན་ཡང་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པ་མ་ཟད། རྒྱ་ནག་ལའང་ཕྱོགས་གཞན་ཞིག་ནས་ཁ་སྐྱེངས་དགོས་པའི་བརྡ་ལན་ཞིག་ཆགས་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས་རྒྱ་གར་མང་ཚོགས་ཀྱིས་ཁོང་གཉིས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞིར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།ཁོང་གཉིས་ཀྱིས་ཚོད་དཔག་བྱས་པ་ལྟར་ན།...

བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིག་གནང་པ།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་དབུ་འཛུགས་གནང་པའི་བོད་དོན་ཆེད་སྦག་སྦག་སྐོར་སྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་དེ་རིང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་དང་སྦྲགས་ལས་འགུལ་རེ་ཞིག་མཇུག་སྒྲིལ་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༡༢ ཉིན་སྔ་དྲོ་ཚོུད་ ༡༡།༠༠ ཙམ་ལ་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་མེག་ལོཊ་གྷནྗ་རུ་འབྱོར་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུས་པའི་རྒྱུན་ལས་འཐུས་མི་ཁག་ཅིག་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་མང་ཚོགས་བཅས་ནས་ལས་འགུལ་བ་རྣམས་ལ་དགའ་བསུའི་མཇལ་དར་དང་བཅས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་སོང་། དེའི་རྗིས་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་དཔའ་བོའི་རྡོ་རིང་མདུན་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞན་ཡང་ས་གནས་མང་ཚོགས་བཅས་ལྷན་འཛོམས་ཐོག་ལས་འགུལ་མཇུག་སྒྲིལ་གྱི་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་ད་རེས་ཀྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་པའི་ལས་འགུལ་བ་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེས་ཞུའི་འཚམས་འདྲི་གནང་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་དབུ་མའི་ལམ་གྱི་སྲིད་ཐོག་ཤར་བསྐྱོད་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་ཀྱི་དབར་འགྲེལ་མོལ་ཐེངས་དགུ་ལྷག་བྱུང་ཡོད་པ་དེས་དབུ་མའི་ལམ་གྱི་ཐོག་མདུན་བསྐྱོད་ཐུབ་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། ད་དུང་ཚོགས་གཙོ་མཆོག་གིས་ད་རེས་ཀྱི་ལས་འགུལ་དེའི་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་ཐུབ་པ་ཙམ་མ་ཟད། རྒྱ་ནག་གཞུང་ལའང་བོད་མི་རྣམས་སེམས་ཤུགས་མ་ཆག་པར་མུ་མཐུད་བོད་ཀྱི་རྩ་དོན་མཇུག་སྐྱོང་གནང་བཞིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད་ཅེས་གསུངས་སོང་། ལྷག་དོན་ཁོང་གིས་ད་ལྟའི་གནས་སྐབས་འདིར་བོད་མི་རྣམས་གཅིག་སྒྲིག་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་། སྐད་ཡིག་ཡུལ་གོམས་གཤིས་ལུགས་དང་བཅས་པ་རྒྱུན་འཛིན་གནང་ཐོག་བོད་ཀྱི་ཆབ་སྲིད་གནད་དོན་དེ་ཚད་མཐོར་སླེབས་ཐབས་སུ་འབད་བརྩོན་གནང་གལ་ཡིན་པ་དང་། ཁྱད་པར་དུ་བོད་མིའི་ཁྲོད་ནས་རང་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་གང་ཞིག་སྤེལ་རུང་དེར་མང་ཚོགས་ནས་མཉམ་ཞུགས་གནང་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། གཞི་རྩའི་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ནི་ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷཱི་མཆོག་གི་འཁྲུངས་སྐར་དང་བསྟུན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་རྒྱ་གར་གྱི་མངའ་སྡེ་ Karnataka...

བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་བྷན་དྷ་རར་འབྱོར་བ།

  དེ་རིང་ཟླ་ ༡༠ ཚེས་ ༦ ཉིན་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་རྣམས་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིགས་སུ་འབྱོར་ཡོད་པ་དང་སྐབས་དེར་ས་གནས་ཀྱི་མང་ཚོགས་ཚོས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག་པ་དང་། དེ་མཚུངས་ཁ་སང་ཚེས་ ༥ ཉིན་ལས་འགུལ་གྱི་ལས་ཉིན་བཞི་པ་ཨན་དྷ་ར་པར་དེཤ་ནང་འབྱོར་སྐབས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་ཅིག་དང་རྒྱ་གར་གྱི་ས་གནས་མང་ཚོགས་རྣམས་ལ་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་པ་མ་ཟད། རྒྱ་གར་སློབ་ཕྲུག་ཚོགས་པ་དང་མང་ཚོགས་ནས་ཀྱང་ལས་འགུལ་དེར་ཐུགས་སྣང་གནང་མཁན་མི་དམན་པ་ཞིག་བྱུང་འདུག  བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་བ་རྣམས་བྷན་དྷ་ར་ནང་སྐོར་བསྐྱོད་གནང་གྲུབ་རྗེས་ཁང་ཚེས་ ༧ ཉིན་ནཱག་པུར་ནང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་ཟུང་སྦྲེལ་གྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འཆར་འདུག གཞི་རྩའི་ད་ལན་གྱི་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཟླ་འདིའི་ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷཱི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལ་བར་གནང་རྒྱུ་ཡིན་པ་རེད།      

བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ།

ཁ་སང་ཟླ་ ༡༠ ཚེས་ ༢ ཉིན་ཏེ་རྒྱ་གར་གྱི་མེས་པོ་དམ་པ་གྷཱྃ་དྷཱི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལ་བར་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་ཁ་སང་སྔ་དྲོ་ཚོུད་ ༩།༠༠ སྟེང་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་དང་དགོན་སྡེ་ཁག་གི་སྐུ་ཚབ། ལས་འགུལ་བ་རྣམ་པ། དེ་བཞིན་མང་ཚོགས་བཅས་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་འདུ་འཛོམས་ཀྱིས་དཀར་ཕྱོགས་སྐྱོང་བའི་བོད་ཀྱི་ལྷ་སྲུང་རྣམས་ལ་བསང་གསོལ་འཕྲིན་སྐུལ་ཟབ་རྒྱས་དང་བཅས་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རབས་དང་གལ་གནད་སྐོར་ངོ་སྤྲོད་གནང་པ་དང་འབྲེལ། དབུ་མའི་ལམ་ནི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཐབས་ལམ་བཟང་ཤོས་ཤིག་ཡིན་སྐོར་༸གོང་ས་མཆོག་ནས་སྔ་ཕྱི་བར་གསུམ་དུ་སྩལ་བའི་བཀའ་སློབ་ལུང་འདྲེན་གྱིས་ཐེངས་འདིའི་ལས་འགུལ་དེར་གྲུབ་འབྲས་སོན་མིན་ཇི་ལྟར་ཡང་ལས་འགུལ་བ་ཚོས་མཐུན་ལམ་དམ་ཟབ་ཐོག་ལས་འགུལ་མཇུག་སྐྱོང་ཡག་པོ་གནང་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་ཐེངས་འདིའི་ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་བོད་དོན་དྲིལ་བསྒྲགས་དང་། ད་ལྟ་འཕྲད་བཞིན་པའི་བོད་ཀྱི་ཛ་དྲག་གནས་སྟངས་སེལ་ཐབས། བོད་རྒྱ་ཞི་མོལ་ཡོང་ཐབས་བཅས་ཀྱི་ཆེད་དུ་སྦག་སྦག་སྐོར་བསྐྱོད་གནང་པ་ཞིག་ཡིན་འདུག  དེ་བཞིན་ལས་འགུལ་དེའི་ཁྲོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་གྱི་སྲིད་བློན་མཆོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཡང་གོང་གསལ་གྱི་དོན་གནད་འཁོད་པའི་ཡིག་ཆ་དབུལ་འཆར་ཡོད་པ་རེད་འདུག རྩ་བའི་ལས་འགུལ་དེའི་ནང་གསར་འགོད་འབྲེལ་མཐུད་པ་དང་སྨན་ཞབས་པ་གཅིག་ལྕོགས་གཅིག རྒྱུན་ལས་རྩི་པ་གཅིག་དང་སྦག་སྦག་བཞི། སྣུམ་འཁོར་གཅིག མི་གྲངས་དགུ་བཅས་ཡོད་པ་རེད་འདུག

Latest news

- Advertisement -spot_img