Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མི་ ༡༥༠ ལྷག་རུ་ཁག་བགོས་འགྲེམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གནང་པ།

བོད་མི་ ༡༥༠ ལྷག་རུ་ཁག་བགོས་འགྲེམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གནང་པ།

འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཚོས་ལས་འགུལ་གྱི་རྣམ་པ་འདྲ་མིན་བརྒྱུད་དེ་རིང་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༧ སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲོག་འོག་བོད་མི་ ༡༥༠ ལྷག་རུ་ཁག་བགོས་འགྲེམས་ཀྱིས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གི་ལས་འགུལ་སྤེལ་གནང་འདུག ད་ལན་གྱི་བོད་མི་དེ་དག་གིས་ལས་འགུལ་སྤེལ་བའི་དགོས་དམིགས་གཙོ་བོ་ནི། གཞིས་བཞུགས་བོད་མི་ཚོར་རང་དབང་སྤྲོད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་རྐྱེན་པས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནད་དོན་ཐད་རྒྱ་གཞུང་དང་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་བོད་མི་ལས་འགུལ་བ་ཚོས་རུ་ཁག་ལ་ཆ་བགོས་ཀྱིས་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྒོལ་མཆོང་གནང་ཡོད་པ་རེད། རུ་ཁག་དང་པོའི་ནང་བོད་མི་ ༤༠ ཡོད་པ་དེ་དག་གིས་རྒྱ་གར་ས་གནས་སྐོར་སྲུང་བ་མི་གྲངས་ ༢༠༠ ལྷག་འགྲེམས་འཇོག་བྱེད་མིན་ལ་མ་ལྟོས་པར་སྐར་མ་ ༡༠ ལྷག་རིང་ངོ་རྒོལ་སྐད་འབོད་གནང་པ་དང། ཁོང་རྣམ་པ་ཡོངས་རྫོགས་སྐོར་སྲུང་བས་འཛིན་བཟུང་བྱེད་བཞིན་པའི་སྐབས་དེར་རྒྱལ་སྤྱིའི་གསར་འགོད་པ་དང་རྒྱ་གར་གི་གསར་འགོད་པ། དེ་བཞིན་བོད་པའི་གསར་འགོད་པ་བཅས་འདུ་འཛོམས་བྱུང་བར་ལས་འགུལ་དེའི་དགོས་དམིགས་གང་ཡིན་སོགས་ངོ་སྤྲོད་ཞུས་ཐུབ་པ་བྱུང་ཡོད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ལས་འགུལ་གོ་སྒྲིག་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསུངས་དོན། དབུས་བོད་ཀྱི་ གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཁ ག་ཏུ་དེ་མཚུངས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ལས་འགུལ་འདིའི་འབོད་སྒྲ་གཙོ་བོ་ནི་བོད་རང་བཙན་གཙང་མ་ཡིན། ༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པ། རྒྱ་མི་བོད་ནས་ཕྱིར་འཐོན་དགོས་པ་བཅས་ཡིན་པ་འགྲེལ་བརྗོད་གནང་སོང།  ...

Latest news

- Advertisement -spot_img