Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་མིའི་ཁྲོད་གཉན་རིམས་ཕོག་མཁན་བརྒྱ་ཆ་དགུ་བཅུ་ཙམ་དྲག་སྐྱེད།

བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་མདུན་ཐོན་པར་སྔོན་ཁབ་བརྒྱབ་རྒྱུ་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དུ་དངོས་སུ་བོད་མིས་གཙོས་པའི་རྒྱ་གར་གྱི་འཕྲོད་བསྟེན་ཆེད་ལས་པ་དང་མདུན་ཐོན་ཞབས་ཞུ་བ་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ Covishield བརྒྱབ་རྒྱུ་དབུ་འཛུགས་གནང་སོང་། བདེ་ལེགས་སྨན་ཁང་དུ་ཏོག་དབྱིབས་སྔོན་ཁབ་ Covishield ཐོག་མར་བརྒྱབ་པའི་ཁོངས་སུ་དབུས་སྣེ་ལེན་ཁང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་ཕྱག་ལས་གནང་མཁན་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་གི་འབྲེལ་ཡོད་ལས་བྱེད། མེག་གྷན་ཁུལ་གྱི་རྒྱ་གར་གཞུང་གི་འཕྲོད་བསྟེན་ཆེད་ལས་པས་གཙོས་པའི་མདུན་ཐོན་ཞབས་ཞུ་བ་ཁག་ཅིག་ལ་སྔོན་ཁབ་བརྒྱབས་སོང་། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྔོན་ཁབ་བརྒྱབ་རྒྱུའི་ཁོངས་གཞུང་གི་ཐོ་གཞུང་ནང་དུ་ཁྱོན་མི་གྲངས་ ༡༠༨ དང་ ༡༠༩ ཙམ་ཞིག་ཡོད་ཀྱང་ད་ལྟའི་ཆར་ཉིན་གཅིག་ལ་སྔོན་ཁབ་བརྒྱ་ཙམ་ལས་བརྒྱབ་ཐུབ་ཀྱི་མེད་པར་གསུངས་ཡོད། རྒྱ་གར་ནང་དུ་ཏོག་དབྱིབས་སྔོན་ཁབ་བརྒྱབ་པའི་རྗེས་ད་བར་མི་ ༡༣ ཙམ་ཞིག་འདས་གྲོངས་སུ་སོང་བའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པར་བརྟེན་སྨན་པ་བརྩོན་འགྲུས་ལགས་ཀྱིས་ཏོག་དབྱིབས་སྔོན་ཁབ་ཀྱི་རྐྱེན་པས་གྲོངས་ཡིན་པ་ཁ་གསལ་གང་ཡང་མེད་པ་དང་། ད་ལྟའི་ཆར་སྔོན་ཁབ་ཀྱི་མཐུན་རྐྱེན་རྣམས་རྒྱ་གར་གཞུང་གིས་གནང་གི་ཡོད་སྟབས་འཕྲོད་བསྟེན་ཁྱབ་ཁོངས་འོག་གི་སྨན་ཁང་རྣམས་ས་གནས་ཀྱི་རྒྱ་གར་གཞུང་གི་སྨན་ཁང་དང་འབྲེལ་བ་གནང་སྟེ་བོད་མི་ཚང་མར་རག་ཐབས་ལ་འབད་བཞིན་ཡོད་སྐོར་གསུངས་ཡོད། གཞི་རྩའི་ད་ཆ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མང་དག་ཅིག་བྱུང་ཡོད་ཀྱང་། ནད་གཞི་དེ་ལས་དྲག་སྐྱེད་བྱུང་བའི་བརྒྱ་ཆ་ནི་ཧ་ཅང་གི་ཚད་མཐོ་པོ་ཆགས་ཡོད་པ་རེད། སྒོས་སུ་བོད་མའི་གནས་སྡོད་ཀྱི་གནས་སྟངས་ལ་གཞིགས་ཚེ་ཁ་སང་དང་ཁ་ཉིན་དྷརྨ་ས་ལའི་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་ ༡༢ ལ་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་པར་བརྟེན་ད་ལྟའི་ཆར་རྫོང་དཔོན་ལས་ཁུངས་ཀྱིས་བྱམས་པ་གླིང་རྒས་གསོ་ཁང་གི་ཉེ་འཁོར་ས་ཚིགས་ཁག་ containment zone ཞེས་བཀག་སྐྱིལ་ས་ཁུལ་ལ་ངོས་འཛིན་གྱིས་དམ་དྲག་གནང་བཞིན་ཡོད་པ་ཡོད་པ་རེད།

བོད་མིའི་ཁྲོད་གཉན་རིམས་ཕོག་མཁན་བརྒྱ་ཆ་དགུ་བཅུ་ཙམ་དྲག་སྐྱེད།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༨ སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ནས་ ༡༢ བར་ཁྱོན་ཟླ་བཅུ་ལྷག་གི་རིང་སྤྱི་སྒེར་གཉིས་ནས་དམ་དོན་ཤུགས་ཆེར་གནང་བར་བརྟེན་སྤྱི་ཚོགས་ནང་ཁྱབ་བརྡལ་ཆེས་ཆེར་སོང་མེད་པ་དང་། ཉེ་དུས་ནང་དྷ་རམ་ས་ལ་གཙོས་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཁག་ཅིག་ལ་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་ཀྱང་དེ་སྔ་ཛ་དྲག་བྱུང་སའི་ས་གནས་ཁག་ཅིག་ལ་ད་ཆ་ནད་པ་གཅིག་ཀྱང་མེད་པའི་གནས་སྟངས་བཟང་པོ་ཆགས་ཡོད་སྐོར་གསུངས་ཡོད།དེ་བཞིན་བཙན་བྱོན་བོད་མིའི་སྤྱི་ཚོགས་ཁྲོད་ཁྱོན་བོད་མི་ ༡༤༠༠ ལྷག་ལ་གཉེན་རིམས་ཕོག་ཡོད་ཀྱང་དྲག་སྐྱེད་བྱུང་བའི་བརྒྱ་ཆ་ ༩༠ ཙམ་ཆགས་ཀྱི་ཡོད་པར་ངོ་སྤྲོད་གནང་བ་དང་འབྲེལ། བོད་མི་རྒན་གཞོན་བར་གསུམ་དང་ལྷག་པར་དུ་གཞོན་སྐྱེས་ཚོས་གཉན་རིམས་དེ་ཕོག་ཀྱང་རྗེས་སུ་དྲག་སྐྱེད་བྱུང་རྒྱུ་ཡོད་པར་མ་དགོངས་པར་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་དགོས་པའི་གཞེན་སྐུལ་གནང་སོང་།རྩ་བའི་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༤༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ལོ་ན་རྒན་ཤོས་དེ་  ༩༧ དང་ལོ་ན་ཆུང་ཤོས་དེ་ ༡༢ བཅས་ཆགས་ཀྱི་འདུགཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་བར་འཛམ་གླིང་སྤྱིའི་ཁྲོད་མི་གྲངས་ས་ཡ་ ༧༢ ལྷག་ལ་གཉན་རིམས་ཕོག་པའི་གནས་སྟངས་སྤྱི་དང་སྒོས་རྒྱ་གར་ཁུལ་དུ་ད་བར་མི་གྲངས་ས་ཡ་ ༩ ལྷག་ལ་གཉན་རིམས་དེ་ཕོག་ཡོད་པར་མ་ཟད། ད་ལྟའི་ཆར་རྒྱ་གར་ནང་ནད་ཀྱིས་མནར་བཞིན་པའི་གྲངས་ཚད་དེ་འབུམ་གསུམ་ལྷག་ཆགས་ཡོད་པར་ངོ་སྤྲོདགནང་བ་དང་འབྲེལ།...

Latest news

- Advertisement -spot_img