Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

འཆི་བའི་འོད་ཟེར་ལ་ཁ་གཏད་པའི་མེ་ལྕེ་འགྲེམས་སྟོན་དབུ་འབྱེད་གནང་པ།

འཆི་བའི་འོད་ཟེར་ལ་ཁ་གཏད་པའི་མེ་ལྕེ་འགྲེམས་སྟོན་དབུ་འབྱེད་གནང་པ།

  ཁ་སང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་གར་གི་རྒྱལ་ས་ལྡི་ལི་ Khoj སྒྱུ་རྩལ་ཁང་དུ་འཆི་བའི་མེ་ལྕེ་འོད་ཟེར་ལ་ཁ་གཏད་པ་ཞེས་པའི་བོད་མི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་ཡོད་དེང་དུས་ཀྱི་འཕྲུལ་ཆས་ Multi Media སྤྱོད་ནས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད། དེ་ཡང་གློག་བརྙན་བྱུས་འགོད་པ་རི་ཏུ་སཱརཱན་དང་བསྟན་འཛིན་བསོད་ནམས་ལགས་བཟའ་མི་གཉིས་ཀྱིས་གོ་སྒྲིག་འོག་དེང་དུས་ཀྱི་འཕྲུལ་ཆས་ Multi Media སྤྱོད་ནས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་དང་བོད་ནང་གི་བོད་མིའི་དཀའ་ངལ། སྐུ་པར། བརྙན་འཕྲིན་དང་ཞལ་ཆེམས་སོགས་འགྲེམས་སྟོན་གནང་ཡོད་པ་རེད།   འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གོ་སྒྲིག་གནང་མཁན་བསྟན་འཛིན་བསོད་ནམས་ལགས་སུ་འགྲེམས་སྟོན་དང་འབྲེལ་བའི་བཅར་འདྲི་ཞུས་པར། ཁོང་གིས་གསུངས་དོན་ལ། ཁོང་དང་ཁོང་གོ་བཟའ་ཟླ་རི་ཏུ་གཉིས་ཀྱིས་དེ་སྔོན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྒྱུ་རྩལ་གྱི་གློག་བརྙན་གསར་སྐྲུན་ཞུས་པ་ཐེངས་འགའ་གཟིགས་འབུལ་ཞུས་མྱོང་ཡོད་ཀྱང།     ད་ལན་རྒྱ་གར་གྱི་ Khoj སྒྱུ་རྩལ་ཁང་དུ་སྒྱུ་རྩལ་གྱི་གློག་བརྙན་གང་ཞིག་དེང་དུས་ཀྱི་འཕྲུལ་ཆས་སྤྱོད་ནས་བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་འགྲེམས་སྟོན་གཟིགས་འབུལ་ཞུས་པ་དེ་ཆེས་ཐོག་མ་ཡིན་སྐོར་གསུངས་སོང།...

Latest news

- Advertisement -spot_img