Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་བཅིངས་གྲོལ་དམག་མིས་མཚན་དམག་སྦྱོང་བརྡར།

འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་གནས་སྟངས་ཞི་འཇམ་ལྟ་བུ་ཡོད་ཀྱང་སང་ཉིན་གང་ཆགས་མིན་ཚོད་དཔག་དཀའ་བ་རེད།

རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ Manoj Pande ལགས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ད་ལྟའི་གནས་སྟངས་ཞི་འཇམ་ལྟ་བུ་ཡོད་ཀྱང་སང་ཉིན་གང་ཆགས་མིན་ཚོད་དཔག་དཀའ་བ་ཡིན་སྟབས་རྒྱ་གར་གྱི་ངོས་ནས་དམག་དཔུང་གཙོས་འཛུགས་སྐྲུན་རྒྱ་སྐྱེད་དང་གོ་མཚོན་གསར་ཉོ་སོགས་ཕྱོགས་ཡོངས་ནས་གྲ་སྒྲིག་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་གསུངས་འདུག ཁ་སང་ཕྱི་ཚེས་ ༡༢ སྟེ་རྒྱ་གར་གྱི་དམག་དཔུང་ཉིན་མོ་སླེབས་པར་ཉིན་གྲངས་གསུམ་སྔོན་ལ་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ Manoj Pande ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་སྟོང་ཕྲག་མང་པོའི་དབར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་གདོང་ཐུག་རིམ་པར་བྱུང་ཡོད་པ་དང་། ད་ལྟའི་ཆར་འཕགས་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནས་སྟངས་ལྷིང་འཇགས་ལྟ་བུ་ཡོད་ཀྱང་སང་ཉིན་གནད་དོན་ཅི་ཞིག་ཆགས་མིན་ནི་ཆེས་ཚོད་དཔག་དཀའ་བའི་གནད་དོན་ཞིག་ཡིན་པ་དེ་ལྟར་ནའང་། ཕྱོགས་གཉིས་དབར་ཞི་འགྲིག་ཡོང་སླད་དམག་དཔོན་དང་སྐུ་ཚབ་མི་སྣའི་བར་གྲོས་མོལ་གནང་བཞིན་ཡོད་ཅེས་གསུངས་ཡོད། རྒྱ་གར་གྱིས་དམག་དོན་དང་འབྲེལ་བའི་ཚད་མཐོ་བའི་གྲ་སྒྲིག་གནང་རྒྱུ་དང་ཉེ་ཆར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་གི་དམག་དཔུང་མང་དུ་གཏོང་བཞིན་ཡོད་ཀྱང་རྒྱ་གར་གྱི་ངོས་ནས་དེར་རྟོག་ཞིབ་གནང་སྟེ་དམག་དཔུང་གི་གྲངས་ཚད་ཀྱང་འདང་ངེས་ཡོད་པ་དང་། མེ་སྐྱོགས་དང་གོ་མཚོན། དམག་དཔུང་འོར་འདྲེན་བྱ་སླད་འདས་པའི་ལོ་ལྔའི་ནང་རྒྱ་གར་ BRO འམ་རྒྱ་ལམ་འཛུགས་སྐྲུན་གནང་མཁན་གྱི་སྤྱེ་ལེ་ ༡༢༠༠ ཙམ་གྱི་རྒྱ་ལམ་དང་ཟམ་ཆེན་གསར་རྒྱག་གནང་ཡོད་པ་མ་ཚད་པར་ཞིག་བཟོ་གནང་ཡོད་པ་དང་། ལྷག་པར་དུ་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་དུ་དབྱར་དགུན་གཉིས་སུ་འགྲུལ་བཞུད་གནང་རྒྱུ་ཡོད་པའི་གནས་སྟངས་ཤིག་བསྐྲུན་ཐབས་སུ་ Zojila དང་ Z-Morh ཕུག་ལམ་འདི་ལོའི་ལོ་མཇུག་བར་གསར་རྒྱག་ཐུབ་པ་གནང་རྒྱུ་དང་། ཨ་རུ་ནཱ་ཅལ་ཁུལ་གྱི་...

རྒྱ་ནག་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ས་འོག་གི་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་བ།

རྒྱ་དཀར་ནག་གཉིས་ཀྱི་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་དུ་རྒྱ་ནག་གིས་ས་མཚམས་སུ་ས་འོག་གི་ཁང་པ་འཛུགས་སྐྲུན་སོགས་ཀྱི་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་བ་དང་སྦྲགས།  རྒྱ་ནག་གཞུང་གིས་གཉེར་བའི་གསར་ཁང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ལྟ་རྟོག་ཀྱི་འགན་ཡོད་པའི་ Western Theatre Command ཞེས་རྒྱ་ནག་བཅིངས་གྲོལ་དམག་གི་ནུབ་རྒྱུད་ཤོག་ཁག་ཟེར་བས་འོག་གི་དམག་དོན་ལས་གཞི་རྣམས་དམག་འགུལ་འཐབ་བྱུས་དང་།  དམག་དཔུང་དེ་བཞིན་གོ་མཚོན་སོགས་སྲུང་སྐྱོབ་སླད་རྒྱ་བསྐྱེད་བྱེད་མུས་ཡིན་པ་བཤད་འདུག དེ་ཡང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ས་འོག་དམག་དོན་གྱི་ལས་གཞིའི་པར་རིས་ཐོན་པ་དང་རྒྱ་ནག་གི་ཆེད་ལས་པས་ལས་གཞི་དེ་ཆེད་མངགས་གནམ་གྲུ་དང་མེ་ཤུགས་འཕུར་མདའ་འཇོག་ས་སོགས་ཀྱི་མཚོན་པའི་དམག་འགུལ་འཐབ་བྱུས་ཀྱི་ལྟེ་གནས་དང་དམག་དོན་དང་འབྲེལ་གོ་མཚོན་རིགས་འཇོག་སའི་ཆེད་བཟོས་པ་ཞིག་ཡིན་པར་བརྗོད་པ་མངོན་གསལ་བྱུང་འདུག  ཉམས་ཞིབ་པ་ Zhou Chenming ཟེར་བ་ཞིག་གིས་འཕགས་བོད་མཐའ་མཚམས་ཀྱི་མཐར་ས་འོག་དམག་དོན་གྱི་ལས་གཞི་སྤེལ་བ་དེ་ལུང་ཁུག་ཏུ་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་མི་ཚོར་སྲུང་སྐྱོབ་དང་ལས་ཀ་བྱེད་བདེ་བའི་ཁོར་ཡུག་ཞིག་སྐྲུན་ཐབས་ཆེད་ཡིན་པ་དང་།  ལྷག་པར་རྒྱ་གར་གྱི་ཕྱོགས་ནས་རྒོལ་རྡུང་མི་ཡོང་བའི་ཆེད་དུ་ས་འོག་གི་དམག་མིའི་སྡོད་ཁང་རྣམས་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་ ༡༦༠༠༠ ཙམ་ལ་གསར་རྒྱག་བྱེད་བཞིན་ཡོད་སྐོར་བཤད་པ་མ་ཟད།  ཁོས་རྒྱ་ནག་བཅིངས་གྲོལ་དམག་མིའི་དམག་དཔུང་གི་བདེ་འཇགས་ཆེད་ས་འོག་གི་དམག་མིའི་སྡོད་ཁང་སོགས་རྒྱག་རྒྱུ་ནི་དེ་སྔ་རྒྱ་ནག་ནས་ཀོ་རི་ཡའི་དམག་སྐབས་ནས་བཟུང་བརྒྱབ་ཡོད་པར་བཤད་འདུག གཞི་རྩའི་ས་འོག་གི་དམག་དོན་དང་འབྲེལ་བའི་འཛུགས་སྐྲུན་རྣམས་ཕྱི་ཕྱོགས་ནས་བཟོ་དབྱིབས་བཅད་གཏུབ་བྱས་པ་ལྟ་བུར་མངོན་པ་དང་ལྷག་པར་རྒྱལ་སྒོ་ཁག་ཅིག་གི་མདོག་དེ་བཞིན་གཞན་ལ་གཡོ་བྱུས་སླད་ཚོན་བཏང་བའི་ཐོག་བཟོས་ཡོད་པ་རེད་འདུག    ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གཉེར་བའི CCTV གསར་ཁང་ནས་འདོན་སྤེལ་བྱས་པའི་བརྙན་ནང་ཤིན་ཅང་ནང་དམག་གི་སྦྱོང་བརྡར་བྱས་པའི་སྐབས་དམག་མི་རྣམས་ས་འོག་ནས་ཐོན་པ་དང་དེ་བཞིན་རྒྱལ་སྒོ་ཐོན་ས་དེའང་གཡོ་བྱུས་ཀྱིས་ཚོན་བཏང་ཡོད་པའང་མཐོང་རྒྱུ་འདུག ཕྱོགས་མཚུངས་ཟླ་བ་དང་པོའི་ནང་ CCTV ལས་རིམ་ནང་འདོན་སྤེལ་བྱས་པའི་བརྙན་གཞན་ཞིག་གི་ནང་འབྲོག་ལམ་ཁུལ་དུ་དམག་མི་མང་དག་ཅིག་གི་སྡོད་ཁང་སོགས་ལ་ས་འོག་གི་མཐུན་རྐྱེན་སྦྱར་ཡོད་པའང་མཐོང་རྒྱུ་ཡོད་པ་དང་།   དེ་དོན་CCTV ཡིས་ཕྱི་ལོ་ ༢༠༡༧...

འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་བཅིངས་གྲོལ་དམག་མིས་མཚན་དམག་སྦྱོང་བརྡར།

འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་ས་ཆའི་བདག་དབང་གི་གནད་དོན་སོགས་དང་འབྲེལ་ཏེ་གདུང་ཐུག་གི་རྣམ་པ་མི་ཉུང་བ་ཞིག་འཕྲད་བཞིན་པའི་ཁྲོད་འདིར་རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་དང་ས་ཐག་ཉེ་བའི་ས་མཚམས་ཁུལ་དུ་མཚན་དམག་སྦྱོང་བརྡར་བྱས་འདུགཁ་སང་རྒྱ་གར་གྱི་ Common News གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་རྒྱ་ནག་བཅིངས་གྲོལ་དམག་མིའི་ཁོངས་སུ་ཡོད་པ་ Western Theatre Command ཞེས་པའི་རྒྱ་ནག་གི་ནུབ་ཕྱོགས་དམག་སྡེའི་དམག་མི་རྣམས་ཀྱིས་རྒྱ་གར་དང་ས་མཚམས་ཀྱི་འབྲེལ་བ་ཡོད་ས་ཤིན་ཅང་དང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་གཉིས་ཀྱི་ཁོངས་སུ་གཏོགས་པའི་ས་གནས་མཐོ་ཚད་ལ་ཕི་ཊི་ ༡༦༠༠༠ ལྷག་ཡོད་སར་དམག་དོན་གྲ་སྒྲིག་དང་འབྲེལ་མཚན་དམག་སྦྱོང་བརྡར་བྱས་ཡོད་པ་བཀོད་འདུག Western Theatre Command ཞེས་པའི་རྒྱ་ནག་གི་ནུབ་ཕྱོགས་དམག་སྡེ་ནི་འཕགས་བོད་མཐའ་མཚམས་ས་ཁུལ་ཁག་གཙོས་ཤིན་ཅང་དང་བོད་རང་སྐྱོང་ལྗོངས་ཟེར་བར་ལྟ་རྟོག་བྱ་རྒྱུའི་དམིགས་བསལ་གྱི་འགན་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་མིའི་སྡེ་ཁག་ཞིག་ཡིན་པ་དང་། དམག་སྡེའི་ལྟ་རྟོག་བཀོད་ཁྱབ་འོག་ད་ཆ་འཕགས་བོད་ས་མཚམས་དང་ཤིན་ཅང་གི་ས་ཁུལ་དུ་གནམ་ཐང་སུམ་ཅུ་ལྷག་གསར་རྒྱག་བྱེད་བཞིན་ཡོད་པ་མ་ཟད། དམག་སྡེའི་དཔོན་རིགས་ཤིག་གིས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་མཐའ་མཚམས་ཁག་ཏུ་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་འཕེལ་རྒྱས་གཏོང་བཞིན་པ་དེས་མ་འོངས་པར་དམག་མི་རྣམས་འགྲུལ་སྐྱོད་སྟབས་བདེ་ཆགས་ངེས་ཡིན་པ་དང་གནམ་ཐང་སུམ་ཅུ་དེ་དག་ཁྲོད་ནས་གསུམ་འཕགས་བོད་མཐའ་མཚམས་སུ་ཆགས་པའི་བོད་དབུས་ཁུལ་གྱི་ལྷུན་རྩེ་རྫོང་དང་དིང་རི། སྤུ་ཧྲེང་རྫོང་བཅས་སུ་ཁེལ་གྱི་ཡོད་པར་བརྗོད་ཡོད།གཞི་རྩའི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདུང་ཐུག་ཀྱི་རྣམ་པ་འདྲ་མིན་འབྱུང་བཞིན་ཡོད་པ་དང་། ལྷག་དོན་ས་མཚམས་ཀྱི་བདག་དབང་དང་འབྲེལ་ཏེ་རྩོད་རྙོག་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། སྔར་ལོའི་ཕྱི་ཟླ་ ༥ ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་མགོན་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདུང་ཐུག་བྱུང་རྗེས་ཕྱོགས་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་གྲོས་མོལ་ཐེངས་བཅུ་གཉིས་ལྷག་བྱས་མཐར་གནད་དོན་དེ་ཞི་སྒྲིག་བྱུང་ཡོད་ཀྱང་། ལ་དྭགས་བདེ་བཟང་ས་གནས་གཙོས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངལ་ཁུལ་དང་འབྲས་ལྗོངས་བཅས་སུ་ཡོད་པའི་ས་མཚམས་ཀྱི་དོན་རྐྱེན་ཐོག་དུས་ད་ལྟའང་ཕྱོགས་གཉིས་དབར་ཞི་སྒྲིག་ཚད་ལྡན་ཞིག་བྱུང་ཐུབ་མེད།ས་མཚམས་ཀྱི་གནད་དོན་དེ་དག་དང་འབྲེལ་ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་བོད་ཀྱི་ས་གནས་ཁག་ཏུ་དམག་སྦྱོང་གི་ལས་གཞི་དང་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད། དེ་བཞིན་བོད་མི་གཞོན་སྐྱེས་རྣམས་རྒྱ་ནག་བཅིངས་གྲོལ་དམག་མིའི་ཁོངས་སུ་བསྡུ་སྐོང་སོགས་བྱེད་བཞིན་ཡོད་པ་མ་ཟད་རྒྱ་གར་ཕྱོགས་ནས་ཀྱང་ཉེ་བའི་དུས་སུ་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་ཏེ་མཐའ་མཚམས་ཁག་ཏུ་དམག་མི་ ༥༠༠༠༠ ལྷག་འཕར་སྣོན་གནང་བའི་གནས་སྟངས་བྱུང་ཡོད་པ་རེད། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་སྲུང་གནས་བབ་ཐོག་གསུང་བཤད་གནང་སྐབས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དབར་མཐུན་གནད་ཁག་ཅིག་ཡོད་ཀྱང་ས་མཚམས་ཀྱི་གནད་དོན་ཐོག་འཕྲད་བཞིན་པའི་དཀའ་རྙོག་དེ་ནི་དངོས་འབྲེལ་ཞིག་ཡིན་པ་དང་།...

Latest news

- Advertisement -spot_img