Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ཐབས་བྱུས་གྲོས་མོལ་གྱི་སྟ་གོན་སྐབས་བོད་དོན་གླེང་སློང་གནང་བ།

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ཆེས་མཐོའི་ལྷན་ཚོགས་ཐོག་བོད་དོན་གླེང་དགོས།

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་བོད་མིའི་རང་ཐག་རང་གཅོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཉིས་བགྲོ་གླེང་གི་གྲོས་གཞིའི་ཁོངས་སུ་བཅུག་དགོས་པའི་འབོད་སྐུལ་ཞུས་འདུགརིང་མིན་ཟླ་བ་རྗེས་མའི་ཚེས་ ༡ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་དྲ་བརྙན་བརྒྱུད་ཆེས་མཐོའི་ལྷན་ཚོགས་ཚོགས་ཀྱི་ཡོད་པ་དང་དེའི་ཐོག་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Charles Michel ལགས་དང་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ལྕམ་ Ursula von der Leyen ལགས། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས Josep Borrell ལགས་བཅས་རྣམ་པ་གསུམ་དབུ་བཞུགས་ཐོག་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ Li Keqiang མཉམ་དུ་བགྲོ་གླེང་གནང་གི་ཡོད་པ་ལྟར། ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཐེངས་འདིའི་ལྷན་ཚོགས་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ནས་རྒྱ་གཞུང་གིས་བོད་གཙོས་རྒྱ་ནག་དང་ཤིན་ཅང་། ནང་སོག ཧོང་ཀོང་སོགས་ཀྱི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པར་ངོ་རྒོལ་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་རྒྱ་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་ལག་བསྟར་བརྒྱུད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་གཙོས་གྲོས་ཚོགས་འཐུས་མི་དང་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣ། དེ་བཞིན་གསར་འགོད་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་གང་མང་བོད་གཙོས་རྒྱ་ནག་རྒྱལ་ནང་དུ་རང་དབང་ངང་ཕེབས་ཆོག་པའི་འགན་ལེན་གནང་དགོས་པའི་ཞུ་སྐུལ་གནང་འདུག ལྷག་དོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩིེ་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་མ་ཟད་བོད་མིའི་ངོ་བོ་དང་འབྲེལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུའི་ལས་གཞི་མང་དག་ཅིག་སྤེལ་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ཀྱིས་དེ་སྔ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་བསྐོ་གཞག་བྱས་པ་ Wang Junzheng...

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ཐབས་བྱུས་གྲོས་མོལ་གྱི་སྟ་གོན་སྐབས་བོད་དོན་གླེང་སློང་གནང་བ།  

ཁ་ཉིན་ཡོ་རོབ་གྲོང་ཁྱེར་སྦར་སིལ་ནང་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ཐབས་བྱུས་གྲོས་མོལ་ཐེངས་ ༡༠ སྟ་གོན་གྱི་གྲོས་སྡུར་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ཀྱི་གཙོ་འཛིན་གྱིས་རྒྱ་ནག་ནང་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཏེ་བོད་ཀྱི་གནད་དོན་གླེང་སློང་གནང་འདུགད་ཆ་རྒྱལ་སྤྱིའི་ཁྱོན་དུ་ Covid19 འམ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་མུས་རྐྱེན་པས་ཛ་དྲག་གི་གནས་སྟངས་ཁྲོད་ཁ་ཉིན་ཕྱི་ཚེས་ ༩ ཉིན་ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་གྱི་རྒྱལ་ས་དང་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦར་སིལ་ནང་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་ཀྱི་ཚོགས་གཙོ་སྐུ་ཞབས་ Josep Borrell ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དབར་དྲྭ་ལམ་བརྒྱུད་རྒྱལ་ཁབ་གཉིས་དབར་ཐབས་བྱུས་གྲོས་མོལ་ཐེངས་བཅུ་པའི་གྲ་སྒྲིག་དང་འབྲེལ་གྲོས་བསྡུར་གནང་སྟེ་ཕྱོགས་གཉིས་དབར་གྱི་གནད་དོན་འདྲ་མིན་ཐོག་འབྲེལ་ལམ་ཇེ་བཟང་དུ་གཏང་རྒྱུའི་ཐབས་ཤེས་བྱ་རྒྱུར་ཞལ་བཞེས་གནང་ཡོད་པ་རེད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་གྲུབ་རྗེས་སྐུ་ཞབས་ Josep Borell ལགས་ཀྱིས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་སྟེ་སྔ་ལོ་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལོ་འཁོར་ལྷན་ཚོགས་ཐོག་ཁས་ལེན་ཞུས་ཁག་ལག་བསྟར་དོན་འཁྱོལ་གནང་ནས་ཕྱོགས་གཉིས་དབར་དབྱེ་འབྱེད་མེད་པར་དྲང་བདེན་དང་ཕྱི་གསལ་ནང་གསལ། དེ་བཞིན་ཞལ་གསང་ཐུགས་དྲང་གི་འབྲེལ་ལམ་གནང་དགོས་པའི་གཞེན་བསྐུལ་གནང་ཡོད་སྐོར་གསུངས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་སྐུ་ཞབས་ཁོང་གིས་ཡོ་རོབ་མཐུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གཞུང་ལ་གྲངས་ཉུང་མི་རིགས་ཁག ལྷག་དོན་བོད་དང་ཡུ་ཡུར་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཐུགས་ཚབས་ཆེན་པོ་གནང་བཞིན་ཡོད་པ་དང་ཆབས་ཅིག དེ་འབྲེལ་དམིགས་བསལ་གྱི་གནད་དོན་ཁག་ཅིག་ཐེར་འདོན་གྱིས་གླེང་ཡོད་པ་གསུངས་འདུགདེ་བཞིན་ཁོང་གིས་གྲོས་མོལ་དེའི་ཐོག་ཧོང་ཀོང་ནང་གི་ཆེས་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་སྟེ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་ཁས་ལེན་ཞུས་ཁག་དང་ལྷག་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལ་བརྩི་བཀུར་ཞུ་ཐོག་ཧོང་ཀོང་ནང་གི་ད་ལྟའི་ཆེས་ཛ་དྲག་གནས་སྟངས་དེ་ཞི་འཇམ་བརྟན་ལྷིང་ཡོང་བའི་ཐབས་ཤེས་གང་ཐུབ་གནང་དགོས་པའི་རེ་སྐུལ་གནང་བ་མ་ཟད། ཏོག་དབྱིབས་གཉེན་རིམས་ཁྱབ་གདལ་རྐྱེན་པས་འགྲུལ་བཞུད་སོགས་བཀག་སྡོམ་བྱས་དང་བྱེད་མུས་ཀྱི་ལས་དོན་ཁག་ལྷོད་ཡངས་རྗེས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་དེ་རྒྱུན་ལྡན་བཞིན་འཚོགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

Latest news

- Advertisement -spot_img