Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་གྱིས་དུས་དབང་བསྩལ་རྒྱུར་ངོས་ལེན་ནམ་ཡང་མེད་པའི་ངོ་རྒོལ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་མིས་ཁས་ལེན་གནང་མི་སྲིད་ཅེས་གསུངས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་མཆོག་ནས་རྒྱ་གཞུང་གིས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ལ་མ་བརྟེན་པར་མུ་མཐུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་དབང་གིས་སྐད་ཆ་བཤད་པ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས། མ་འོངས་པར་རྒྱ་གཞུང་གིས་འདེམས་སྒྲུག་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་གྱུར་ནང་པ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་ལེན་དང་དད་མོས་གནང་གི་མ་རེད་ཅེས་མངོན་གསལ་གནང་སོང་། ཉེ་སྔོན་༸གོང་ས་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གསར་ལམ་ཁག་གཅིག་ལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང་མགོན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་ལན་བསྩལ་རྗེས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་པེ་ཅིང་དུ་རྟེན་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo གཉིས་ནས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་སྐྱོད་ལ་ཕེབས་པའི་རྒྱ་གར་གྱི་གསར་འགོད་སྡེ་ཁག་ཞིག་གི་དྲི་བར་ལན་འདེབས་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་ངོས་འཛིན་མེད་པར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་གཅིག་བཙན་བྱོལ་དང་ཡང་ན་རྒྱལ་ཁབ་གང་དུའང་༸སྐུ་འཁྲུངས་རུང་དེར་ངོས་ལེན་རྩ་བ་ནས་མེད་སྐོར་ནན་བརྗོད་བྱས་པ་མ་ཟད། གནད་དོན་དེའི་ཐད་རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་དང་གལ་ཏེ་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་དེས་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཁ་སང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་དེ་འབྲེལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་དེ་སྔ་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཁ་གསལ་བཀའ་གནང་ཟིན་ཡོད་པ་དང་ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་ ༡༡ ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྩལ་ཡོད་པ་སོགས་ལུང་འདྲེན་གནང་སྟེ། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གདམ་ཕྱོགས་ནི་སྲོལ་རྒྱུན་རང་བཞིན་གྱི་༸སྐུ་སྒེར་གྱི་འགན་དབང་ཡིན་པ་དང་ཡང་སྲིད་དང་འབྲེལ་བའི་ལམ་སྟོན་རྣམས་དེ་སྔ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་ཁ་གསལ་བཀའ་བསྩལ་ཟིན་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་མེད་པར་ནན་བརྗོད་གནང་བ་མ་ཟད། ད་ཆ་གནད་དོན་དེའི་ཐད་གླེང་སློང་དང་བགྲོ་གླེང་བྱ་དགོས་དོན་གང་ཡང་མེད་ཅེས་ནན་བརྗོད་གནང་སོང་། རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་སྤྱིར་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བཤད་པའི་སྐད་ཆ་དེ་དག་གི་ནང་དོན་ཡོངས་རྫོགས་བསྐྱར་ཟློས་ཤ་སྟག་ཡིན་པ་དང་རྒྱ་གཞུང་གིས་ད་བར་འདས་པའི་ལོ་རྒྱུས་ནས་བསླབ་བྱ་ནམ་ཡང་མ་ལེན་པར་མུ་མཐུད་དེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་པོའི་དབང་ཡོད་ཀྱི་སྐད་ཆ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས་ཏེ། འདི་ལྟ་བུའི་གནས་བབས་དེར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་བོར་གྱུར་པའི་ནང་པ་སུས་ཀྱང་ཁས་ལེན་དང་དད་མོས་གནང་མི་སྲིད་པ་རེད་ཅེས་བསྐྱར་ནན་གནང་ཡོད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་...

བཙན་བྱོལ་བོད་མི་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་ཟུང་འབྲེལ་ཐོག་མང་ཚོགས་ལ་མངར་ཟས་བགོས་འགྲེམས་གནང་བའི་བརྒྱུད་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བེུད་ལྷན་ཚོགས་དབུས་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་གཞུང་ཚོགས་ཁག་ནས་གནད་དོན་དེའི་ཐོག་གླེང་སློང་གནང་གི་ཡོད་པ་དང་། ད་ལོ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་སེལ་རྒྱུའི་རེ་བ་དམིགས་གསལ་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་རྒྱལ་ས་ལྡི་ལི། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ཏུ་མངར་ཟས་བགོས་འགྲེམས་དང་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་རེད། ཡང་དེའི་བར་ན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཐོག་ལ་ཡོངས་ཁྱབ་ཕྱག་བྲིས་ཤིག་འདོན་སྤེལ་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་ངོ་བོ་དང་ཐོབ་ཐང་ཡོངས་སུ་རྫོགས་པ་བཙན་འཕྲོག་བྱས་ཡོད་ཀྱང། རིན་པོ་ཆེ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཕྲུལ་བྲལ་ཡིན་པ་དེ་ནམ་ཡང་འགྱུར་བ་གཏོང་ཐབས་མེད་ཅེས་གསུངས་འདུག བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕྱག་བྲིས་དེའི་ནང་དེ་རིང་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩...

འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ།

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེའང་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཚིགས་དང་བསྟུན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་རྒྱ་ནག་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་གནས་ཚུལ་དང་། ལྷག་དོན་རྒྱ་ནག་གཞུང་གི་ནག་ཉེས་དེ་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་ཤེས་རྟོགས་ཐུབ་ཐབས་གནང་ཆེད་ཡིན་པ་རེད། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་ལས་འགུལ་དེའི་ཐོག་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་དང་། དེ་བཞིན་བོད་མིའི་མངོན་འདོད་མཚོན་ཕྱིར་༸སྐུའི་འཁྲུངས་སྐར་གྱི་མངར་ཟས་ Cake ཕི་ཀྲི་ ༡༤༧ ལྷག་ཡོད་པའི་སྟེང་དུ་མཆོད་མེ་ ༡༣༠༠༠༠ ཕུལ་ནས་...

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་གྱིས་དུས་དབང་བསྩལ་རྒྱུར་ངོས་ལེན་ནམ་ཡང་མེད་པའི་ངོ་རྒོལ།

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་ལྗོངས་གཞིས་རྩེ་བདེ་ཆེན་བསྐལ་བཟང་ཕོ་བྲང་དུ་དུས་འཁོར་དབང་ཆེན་གནང་རྒྱུ་དེ་ནི་ཆོས་ལུགས་ཆབ་སྲིད་ཐོག་ལོག་པར་སྤྱོད་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་གྱིས་བཙན་བྱོལ་བོད་མི་ཚོས་ངོས་ལེན་མེད་པའི་ལས་འགུལ་ཞིག་སྤེལ་སོང་། དེ་རིང་ཟླ་ ༧ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༠༠ སྟེང་བོད་ཀྱི་བེུད་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུགས་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ནས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་དཔའ་བོའི་རྡོ་རིང་མདུན་དུ་རྒྱ་གཞུང་གིས་འོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་ལྗོངས་གཞིས་རྩེ་བདེ་ཆེན་བསྐལ་བཟང་ཕོ་བྲང་དུ་དུས་འཁོར་དབང་ཆེན་དབུ་འཛུགས་གནང་པ་དེ་ནི་ཆོས་ལུགས་ཆབ་སྲིད་ཐོག་ལོག་པར་སྤྱོད་པའི་སྲིད་བྱུས་ཤིག་ལ་ངོས་འཛིན་གྱིས་བཙན་བྱོལ་བོད་མི་ཚོས་ངོས་ལེན་མེད་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་ཀྱིས་ས་གནས་མང་ཚོགས་ནས་དད་གུས་ཆེན་པོས་དཀར་གཙང་གི་མཇལ་དར་སྒྲོན་འབུལ་ཞུས་ཏེ། རྒྱ་གཞུང་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་ལེན་བྱས་པའི་རྒྱལ་མཚན་ནོར་བུས་དུས་དབང་བསྩལ་འགོ་བཙུགས་པ་མ་ཟད། གཞིས་བཞུགས་བོད་མི་རྣམས་ལ་ངེས་པར་དུ་ཆོས་ཞུར་བཅར་དགོས་པ་སོགས་ཀྱི་བཙན་བཀའ་བཏང་བར་ངོས་ལན་ནམ་ཡང་མེད་པའི་ལས་འགུལ་སྤེལ་སོང་། དེ་རྗེས་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ནས་ཚོགས་པ་བཞི་མཉམ་མཐུན་གྱིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་པ་དང་འབྲེལ། རྒྱ་ནག་གཞུང་ནས་ད་རེས་བོད་ནང་དུས་འཁོར་དབང་ཆེན་གོ་སྒྲིག་བྱས་པ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སོགས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་གི་འོག་རྒྱལ་བ་ཡབ་སྲས་གཉིས་ཀྱི་མཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་ལ་ཐེས་བྱུས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཡོད། དེ་དང་ཕྱོགས་མཚུངས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་་བའི་ནང་། རྒྱ་ནག་གཞུང་ནས་རྒྱལ་མཚན་ནོར་བུར་བོད་ནང་དུས་དབང་བསྩལ་བཅུག་པ་དེ་ལ་ངོས་ལེན་ནམ་ཡང་མེད་པ་མ་ཟད། རྒྱ་གཞུང་གི་བྱ་སྤྱོད་དེ་ནི་བོད་རྒྱ་ནག་གི་མངའ་ཁོངས་བསྒྲུབ་ཐབས་ཀྱི་སྲིད་བྱུས་གསར་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག ད་དུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་རྒྱ་གཞུང་གིས་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལ་བོད་གཞི་བྱེས་གཉིས་སུ་ཡོད་པའི་བོད་མི་ཚོས་ངོས་ལེན་མེད་བཞིན་དུ་དུས་འཁོར་དབང་ཆེན་གནང་བཅུག་པ་དེས་དུས་ད་ལྟའང་བོད་མིའི་སྙིང་སྟོབས་དང་སེམས་པར་དབང་བསྒྱུར་བྱེད་ཐུབ་མེད་པའི་མངོན་རྟགས་ཤིག་རེད་ཅེས་བརྗོད་འདུག

Latest news

- Advertisement -spot_img