མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
རྡ་སར་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཕེབས་བསུ་གཟབ་རྒྱས་ཞུས་པ།
Homepage
རྡ་སར་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཕེབས་བསུ་གཟབ་རྒྱས་ཞུས་པ།
vot.org
-
05/03/2016
དེ་རིང་སྔ་དྲོ་བཞུགས་སྒར་རྡ་སར་བོད་མི་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བར་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཁོང་གི་སྐུ་ཕུང་གཟི་བརྗིད་དང་ལྡན་པའི་ངང་གདན་ཞུ་གནང་པ་དང་བསྟུན། དམ་པ་དེ་ཉིད་ཀྱི་ཨ་མ་ལགས་ཀྱིས་བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་བར་ཐབས་ལམ་གཞན་གྱི་སྒོ་ནས་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་ཡང་རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་ཁྲིད་ནས་ཛ་དྲག་ལྟ་སྐྱོང་ཁང་དུ་སྨན་པས་མྱུར་སྐྱོབ་ཞུས་ཀྱང་། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་དྲོ་ཚོུད་ ༨།༣༠ ཙམ་ལ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཁ་སང་ཟླ་འདིའི་ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གདན་ཞུ་གནང་བ་ལྟར། དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཚོུད་ ༨།༣༠ ཐོག་སྐུ་ཕུང་གདན་ཞུ་བ་ཚོས་སྦག་སྦག་དང། རླངས་འཁོར་སོགས་ཀྱི་སྟེང་བོད་ཀྱི་རྒྱལ་དར་དང་། རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱི་ཞལ་ཆེམས། སྐུ་པར་བཅས་སྒྲེང་འཛུགས་ཀྱིས་གདན་ཞུ་གནང་པ་མ་ཟད། བཞུགས་སྒར་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་གྱིས་སེར་བང་སྒྲིག་ནས་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དམ་པ་དེ་ཉིད་ཀྱི་ཨ་མ་ཉི་མ་གཡང་འཛོམས་ལགས་སྐྱོ་སྣང་གི་ཚོར་ཤུགས་ཆེན་པོས་གསུངས་པར། ད་ལན་བུས་རང་ལུས་མེར་སྲེག་གནང་རྗེས་བོད་མི་ཁྱོན་ཡོངས་ནས་ཚོར་ཤུགས་ཆེན་པོས་གདུང་སེམས་མཉམ་བསྐྱེད་གནང་པ་དངོས་སུ་མཐོང་སྐབས་བུས་ཚེ་སྲོག་བློས་གཏོང་གནང་པ་དེ་ཆུད་ཟོས་ཕྱིན་མི་འདུག་ཅེས་གསུངས་པ་མ་ཟད། ལྷག་དོན་ཁོང་གིས་བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་བར་ཐབས་ལམ་གཞན་གྱི་སྒོ་ནས་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། དེ་བཞིན་སྐུ་ཕུང་གདན་ཞུ་གནང་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་མི་ཚོར་རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་མངོན་འདོད་དང་རང་ལུས་མེར་སྲེག་གནང་བའི་གནས་སྟངས་ཇི་ཡིན་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་སྤེལ་བྱ་རྒྱུའི་འགན་འཁུར་ཡོད་པ་རེད་ཅེས་གསུངས་ཡོད། རྩ་བའི་རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་རྡ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་བཞང་ཡོད་པ་དང། དགེ་འདུན་པས་བསྔོ་སྨོན་གསུང་འདོན་གནང་མུས་ཡིན་པ་མ་ཟད།...
Latest news
Thursday 02/05/2024
02/05/2024
རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ།
02/05/2024
ཨ་རི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
02/05/2024
བོད་མི་སྡོད་ཁང་མེད་མཁན་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
02/05/2024
Wednesday 01/05/2024
01/05/2024
- Advertisement -