Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ས་གནས་གཞོན་ནུ།

རྡོ་རྗེ་གླིང་ནས་ས་ལུ་སྒར་བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དབུ་འཛུགས།

རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་གཞོན་ལྷན་ཁག་མཉམ་སྦྲེལ་གྱིས་ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་གར་ནུབ་བྷེང་གྷལ་རྡོ་རྗེ་གླིང་ནས་ཉིན་གྲངས་བཞིའི་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་འཆར་ལ་ཉེ་བ་དང་བསྟུན་རྒྱ་གཞུང་ལ་ཞི་རྒོལ་སླད་དུ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་རེད།ཁ་སང་གི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ཀ་རྡོར་སྒང་གསུམ་གཙོ་གྱུར་རྒྱ་གར་བྱང་ཤར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྣམས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་ཞིང་། དེའང་གཙོ་བོ་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་དུས་ད་ལྟ་བར་དུ་གཞིས་བཞུགས་བོད་མིའི་ཐད་ལ་དམ་དྲག་ཅན་གྱི་སྲིད་བྱུས་དང་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཁག་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པར་ངོ་རྒོལ་གྱིས་སྐྱོན་བརྗོད་དང་བོད་མི་རྣམས་རྒྱ་གཞུང་གིས་བཙོན་འཇུག་དང་དྲག་གནོན་འོག་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཡ་ང་བའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱིའི་ཁྱོན་ལ་བོད་ཀྱི་གནད་དོན་གསལ་བཤད་དང་དྲིལ་བསྒྲགས་གནང་ཕྱིར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་འདུགཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་ལ་དྭང་བླངས་ལས་འགུལ་བ་ཁྱོན་མི་གྲངས་ ༡༥༠ ཙམ་ནས་མཉམ་བཞུགས་གནང་འདུག་པ་མ་ཟད་ཁོང་རྣམས་ཀྱིས་མི་མང་འདུ་འཛོམས་གནང་ཡུལ་ཆེ་བའི་ས་ཚིགས་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་བོད་གནད་འཁོད་པའི་ཤོག་བྱང་འགྲེམས་སྤེལ། དེ་བཞིན་བོད་དོན་གོ་རྟོགས་དང་ངོ་སྤྲོད་སོགས་གནང་དང་གནང་མུས་ཡིན་པ་རེད་འདུག་ལ། ཟླ་བ་འདིའི་ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༣ ཉིན་ས་ལུ་སྒར་དུ་འབྱོར་རྗེས་རྒྱ་གཞུང་ལ་རྔམ་སྟོན་དང་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་འཆར་འདུགརླུང་འཕྲིན་ཁང་གིས་ལས་འགུལ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་ཀ་ལོན་སྦུག་ས་གནས་གཞོན་ནུའི་ཚོགས་གཙོ་སྦྱིན་པ་བཀྲ་ཤིས་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མིར་དྲག་གནོན་དང་བོད་མི་རྣམས་ཀྱིས་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་དང་མྱོང་བཞིན་པ་ཁག་གི་གནས་སྟངས་དྲན་གསོ་ཞུ་ཕྱིར་ལས་འགུལ་སྤེལ་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་བ་དང་ཆབས་ཅིག བོད་ཀྱི་མི་རབས་གཞོན་པ་ཚོའི་ངོས་ནས་གཞིས་བཞུགས་བོད་མི་ཚོ་ཛ་དྲག་གི་གནས་སྟངས་འོག་བཞུགས་ཡོད་པ་དྲན་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ལ་སྨན་པའི་ཕྱག་ལས་གནང་དགོས་པའི་གཞེན་སྐུལ་གནང་སོང་།

Latest news

- Advertisement -spot_img