Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ།

རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་བདག་དབང་ཐོག་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས།

རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཕི་རི་ཀར་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ཡུལ་དེའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་སྟབས། ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་ Sandy Kalyan ལགས་ཀྱིས་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་བདག་དབང་ཐོག་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་འདུག ཟླ་བ་འདིའི་ཕྱི་ཚེས་ ༥ ནས་ ༨ བར་ཉིན་གྲངས་བཞིའི་རིང་སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་གནང་ཡོད་པ་དང། ཕྱི་ཚེས་ ༨ ཉིན་ཡུལ་དེའི་རྒྱལ་ས་ Pretoria ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་སྐྱོང་མཆོག་ཡུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བར་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་པ་ཞིག་དང། ལྷག་པར་དུ་རྒྱལ་ཁབ་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་སྣང་ཆུང་བཏང་བ་དེས་མ་འོངས་པར་རྒྱ་ནག་གཞུང་ནས་ཡུལ་དེའི་ནང་ཚོང་གི་མ་རྩ་འཇོག་རྒྱུའི་ལས་གཞི་ཁག་ལ་དོ་ཕོག་འགྲོ་ངེས་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ལྷོ་ཨ་ཕི་རིའི་ Independentགསར་ཁང་ཐོག་གནས་ཚུལ་སྤེལ་བར་ཁ་ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཆེ་ཤོས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Sandy Kalyan ལགས་ཀྱིས་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀར་ཉེན་བརྡ་དེ་ལྟར་བཏང་བའི་བྱ་སྤྱོད་དེ་ཕྲུ་གུ་ཆུང་ཆུང་གི་བྱ་སྤྱོད་དང་གཅིག་མཚུངས་རེད་ཅེས་གསུངས་པ་མ་ཟད་བྱ་སྤྱོད་དེ་ནི་ལྷོ་ཨ་ཕི་རི་ཀའི་གཞུང་ནས་ངོས་ལེན་ཞུ་ཐབས་མེད་པ་ཞིག་ཡིན་པ་དང། ལྷག་པར་དུ་ཁོང་གིས་ཕྱི་རྒྱལ་བ་ཞིག་གིས་ལྷོ་ཨ་ཕི་རིའི་ཀའི་གཞུང་ལ་བཏང་འཛིན་བྱ་རྒྱུའི་དུས་སྐབས་དེ་སྔ་ས་ནས་རྫོགས་ཟིན་པ་རེད་ཅེས་ནན་བརྗོད་གནང་འདུག ལྕམ་ Sandy Kalyan ལགས་ནས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་སྐྱོང་མཆོག་ཁུལ་དེའི་ནང་ཕེབས་པ་དང།...

སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་འདུག་པ་དང། ཁུལ་དེའི་གཞུང་འབྲེལ་ཕྱོགས་ཕེབས་དེ་ཆབ་སྲིད་ཀྱི་ཆ་ནས་ནུས་པ་ཐོན་པ་ཞིག་ཏུ་འགྱུར་བཞིན་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་ཉིན་ཕྱི་ཚེས་ ༧ དང་ཚེས་ ༨ ཉིན་ལྷོ་ཨ་ཕི་རི་ཀའི་མང་གཙོ་ཚོགས་པའི་གཙོ་འཛིན་དང་ཡུལ་དེའི་གྲོས་ཚོགས་འཐུས་མི། སྐུ་ཞབས་ Steenhuisen ལགས་དང་། Sandy Kalyan ལགས། དེ་བཞིན་ཨི་ཐི་ཀ་ཆབ་སྲིད་ཚོགས་པའི་གཙོ་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་ Mangosuthu Buthelezi མཆོག་གིས་གཙོས་པའི་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག མཇལ་མོལ་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་ད་བར་བོད་མི་ ༡༥༡ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་ངོ་སྤྲོད་དང་སྦྲགས། རྒྱ་གཞུང་གིས་དེང་སྐབས་ One Belt Road ས་བརྒྱུད་གཅིག་ལ་ལམ་བརྒྱུད་གཅིག་ཞེས་པའི་རྒྱལ་སྤྱིའི་ཁྲོད་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་ཀྱི་སྲིད་བྱུས་དེ་ནི་རྒྱ་གཞུང་གིས་དེ་སྔ་བོད་ལ་ལམ་ཁ་གསར་རྒྱག་གི་ལས་གཞི་སྤེལ་ནས་བོད་ས་ཁྱོན་ལ་དབང་སྒྱུར་བྱས་པའི་ཐབས་བྱུས་དང་གཅིག་མཚུངས་ཡིན་སྐོར་དྲན་སྐུལ་གནང་ཡོད། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཇལ་མོལ་དེའི་བརྒྱུད་གྲོས་ཚོགས་འཐུས་མི་རྣམས་ལ་ཡུལ་དེའི་གྲོས་ཚོགས་ནང་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་ཚུང་ཞིག་ཆེད་འཛུགས་གནང་རྒྱུར་དམིགས་བསལ་འགན་བཞེས་ཡོང་བར་འབོད་སྐུལ་ཞུས་པ་དང་ཆབས་ཅིག ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལར་གདན་ཞུ་ཕུལ་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་ཕྱི་ཚེས་...

Latest news

- Advertisement -spot_img