Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་རཱམ་ཋྲ་ཀུར་མཆོག་ནས་༸གོང་ས་མཆོག་ལ་སྤྱི་ཁྱབ་བློན་ཆེན་གསར་པའི་མཇལ་ཞུ་བཅར་བ།

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་མཛད་པ།

ཁ་སང་ཕྱི་ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ Sukhvinder Singh Sukhu མཆོག་ལ་དགའ་བསུའི་འཚམས་འདྲི་སྩལ་འདུག༸གོང་ས་མཆོག་གིས་སྩལ་བའི་འཚམས་འཕྲིན་ནང་། རྒྱ་གར་འདི་ཉིད་མགོན་པོ་༸གང་ཉིད་མཆོག་གི་ཁྱིམ་ལྟ་བུར་གྱུར་ནས་ལོ་ངོ་ ༦༢ ལྷག་འགྲོ་བཞིན་ཡོད་པ་དང་། ལོ་ངོ་དེ་ཁྲོད་དུས་ཡུན་མང་ཆེ་བ་བཞུགས་སྒར་དྷརྨ་སཱ་ལཱར་༸སྐུ་བཞུགས་མཛད་རིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་འབྲེལ་ཏེ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ང་ཚོའི་སྤྱི་ཁྱབ་བློན་ཆེན་ཡིན་པར་དགོངས་ཀྱི་ཡོད་ཅེས་དང་། ཧི་མཱ་ཅལ་མངའ་སྡེའི་མི་མང་རྣམ་པས་མགོན་པོ་༸གང་ཉིད་མཆོག་དང་མགོན་པོ་མཆོག་གི་མི་མང་རྣམས་ལ་ལོ་ངོ་དེ་དག་གི་རིང་མཛའ་འབྲེལ་གྱི་ཐོག་ནས་སྣེ་ལེན་གང་ལེགས་གནང་དང་གནང་བཞིན་པར་རྗེས་སུ་ཡི་རངས་མཛད་ཀྱི་ཡོད་ཀྱི་སྐོར་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཕྱི་ལོ་ ༡༩༦༠ ལོར་༸མགོན་པོ་གང་ཉིད་མཆོག་ཐོག་མར་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་པ་ནས་བཟུང་ད་བར་དྷརྨ་སཱ་ལཱ་འདི་ཉིད་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་མི་མང་སྤྱི་དང་ལྷག་པར་དུ་མི་མང་ཉམ་ཐག་རྣམས་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་བར་ཐུགས་སྤོབས་ཡོད་པར་བཀའ་སྩལ་དང་འབྲེལ། སྤྱི་ཁྱབ་བློན་ཆེན་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་མི་མང་རྣམ་པའི་རེ་བ་དང་མངོན་འདོད་བསྐང་ཐུབ་པར་ཐུགས་སྨོན་མཛད་འདུགདེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་ཀྱང་སྐུ་ཞབས་ Sukhwinder Singh Sukhu མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས Sukhwinder མཆོག་ལ་འཚམས་འདྲི་དང་འབྲེལ་ཏེ་ཁོང་གིས་དབུ་ཁྲིད་འོག་ཧི་མཱ་ཅལ་མངའ་སྡེ་འདི་ཉིད་མུ་མཐུད་ཡར་རྒྱས་འགྲོ་ངེས་ཡིན་པར་གདེང་ཚོད་ཡོད་ཅེས་གསུངས་འདུག དེ་མཚུགས་སུ་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་དང་བོད་ཀྱི་རྩ་དོན་ཐོག་མི་ལོ་...

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Virbhadra Singh མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ།

དེ་རིང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ Virbhadra Singh མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བཅས་འདས་པོ་ཁོང་གི་ཤུ་ལུས་ནང་མིར་ཐུགས་གསོ་མཛད་འདུགཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་ ༦ ཙམ་གནང་མྱོང་མཁན་སྐུ་ཞབས་ Virbhadra Singh མཆོག་འདི་ལོའི་ཕྱི་ཟླ་ ༤ པ་ནང་དུ་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཕོག་པའི་རྗེས་སུ་དྲག་སྐྱེད་བྱུང་ཡང་། ཕྱི་ཟླ་ ༦ པ་ནང་དུ་སླར་ནད་ཡམས་བསྐྱར་ལོག་གི་རྐྱེན་གྱིས་ཉེ་ཆར་དེ་འབྲེལ་སྙིང་གི་དཀའ་ངལ་འཕྲད་པ་དང་འབྲེལ་ཏེ་དེ་རིང་སྔ་དྲོ་ཕྱག་ཚོད་ ༣༌༤༠ ཐོག་སིམ་ལ་ཁུལ་གྱི་སྨན་ཁང་ཆེ་གྲས་ Indira Gandhi Medical College ནང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་ཟུར་པ་འདས་པོ་ཁོང་གི་སྐུ་ཟླ་ Pratibha Singh ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་དུ་བློན་ཆེན་ཟུར་པ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་གཞན་ལ་ཞབས་འདེགས་བསྒྲུབས་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་ཡོད་པ་དང་།...

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་ནས་༸གོང་ས་མཆོག་ལ་སྤྱི་ཁྱབ་བློན་ཆེན་གསར་པའི་མཇལ་ཞུ་བཅར་བ།

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡ་རཱམ་ཋཱ་ཀུར་མཆོག་དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་མཇལ་བཅར་ཞུས་སོང་བ་དང་། སྤྱི་ཁྱབ་བློན་ཆེན་མཆོག་ནས་གསར་འགོད་པར་༸གོང་ས་མཆོག་གི་བྱིན་རླབས་ཆེན་པོ་བྱུང་སོང་བ་མ་ཟད། ལྷན་རྒྱས་མཇལ་མོལ་སྐབས་བོད་ཀྱི་ལོ་རྒྱུས་དང་༸གང་ཉིད་མཆོག་གི་མཛད་འཕྲིན། གཞན་ཡང་རྡ་སའི་གནས་སྟངས་སྐོར་ལ་བཀའ་མོལ་བྱུང་ཡོད་པ་གསུངས་སོང་།  

Latest news

- Advertisement -spot_img