Tibetan Royal Year of 2151 | Year of the Wood Dragon

Times square དབུས་སུ་༸གོང་ས་མཆོག་གི་བཀའ་སློབ་འཁོད་པའི་ Floyd ཞེས་པའི་བྱང་བུ་བཤམ་སྟོན།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་གྲགས་ཆེ་བའི་ས་ཚུགས་ Times Square ཞེས་པའི་དབུས་སུ། Be kind whenever possible, it’s always possible ཞེས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནམ་བྱུང་ལ་བྱམས་བརྩེ་ཉམས་ལེན་དགོས་པའི་བཀའ་སློབ་གསུང་གི་བདུད་བརྩི་བསྩལ་བ་གཞི་རྩར་བཟུང་བའི་ཐོག འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཉེན་རྟོག་པས་སྐེ་བཙུར་ཏེ་དམར་གསོད་བཏང་བའི་སྐུ་ཞབས་ George Floyd འདས་བོ་དེ་ཉིད་ཀྱི་རི་མོ་ཞིག་བཤམ་སྟོན་གནང་འདུགམི་རིགས་ནག་པོའི་ཨ་རིའི་མི་སེར་སྐུ་ཞབས་ George Floyd འདས་བོ་དེ་ཉིད་ནི། འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༥ ཉིན་ཨ་རིའི་མངའ་སྡེ་མཱེ་ནི་སོ་ཊའི་ནང་ཉེན་རྟོག་པས་སྐེ་བཙུར་ཏེ་འདས་གྲོངས་གྱུར་ཡོད་པ་དང་། དོན་རྐྱེན་དེའི་རྐྱེན་གྱིས་ཨ་རི་གཙོ་བྱས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནད་དོན་ཐད་མང་ཚོགས་ཁྲི་ཚོ་མང་པོ་ཡར་ལངས་བྱས་པའི་གནས་ཚུལ་བྱུང་བ་མ་ཟད། རིམ་པས་གནད་དོན་དེ་མི་རིགས་དཀར་ནག་གྱི་རྕོད་རྙོག་ཙམ་མ་ཡིན་པར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།

Times Square གྱི་དབུས་སུ་བཤམ་སྟོན་བྱས་པའི་བརྡ་ཁྱབ་ཀྱི་བྱང་བུ་དེའི་ཐོག ནིའུ་ཡོག་ཏུ་གནས་སྡོད་རི་མོ་མཁན་དང་སྤྱི་ཚོགས་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Don Perlis ལགས་ཀྱིས་རི་མོའི་ལམ་ནང་ George Floyd འདས་བོ་དེ་ཉིད་དམར་གསོད་གཏོང་སྟངས་བཀོད་པ་ཞིག་དང་། དེའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་འབྲེལ་བའི་བཀའ་སློབ་དེ་གསལ་བཀོད་གནང་ཡོད་པ་རེད་འདུག

ནིའུ་ཡོག་གྲོང་ཁྱེར་ནང་གི་སྒྱུ་རྩལ་བ་ཆེ་གྲས་ཁག་ལས་གྲུབ་པའི་ George Floyd justice billboard campaign ཞེས་པའི་ཚོགས་ཆུང་ནས་རི་མོ་དེ་བཞིན་ཨ་རིའི་རྒྱལ་ཡོངས་སུ་བཤམ་སྟོན་བྱེད་འཆར་དང་འབྲེལ། ལས་གཞི་བརྒྱུད་ནས་འཛམ་གླིང་དེའི་ཁྲོད་དྲང་བདེན་དང་འདྲ་མཉམ་གྱི་རིན་ཐང་རྩིས་མེད་རྡོག་རོལ་ཐེབས་པའི་གནད་དོན་ལ་མང་ཚོགས་ནས་ཐུགས་ཁུར་དགོས་པ་དང་ཆབས་ཅིག རང་ཉིད་སོ་སོའི་རྒྱུད་ལ་གཟིགས་ཏེ་སྙིང་རྗེའི་ནུས་པའི་ཐོག་དགོངས་བཞེས་གནང་དགོིས་པའི་དྲན་སྐུལ་ཞུ་བཞིན་པ་རེད་འདུག

གཞི་རྩའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་མང་ཚོགས་ལ་དྲ་ཐོག་བརྒྱུད་བྱམས་རྩེའི་སྐོར་ལ་བཀའ་སློབ་མཛད་སྐབས། མགོན་པོ་གང་ཉིད་ནས་ཨ་རིའི་མི་ནི་སོ་ཊའི་ནང་ཉེན་རྟོག་པས་སྐུ་ཞབས་ Floyd ལགས་ལ་གཉའ་གནོན་ཚད་མེད་གཏོང་བཞིན་པའི་བརྙན་པར་དེ་གཟིགས་ཡོད་པ་དང་། གནད་དོན་དེ་ནི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་མ་རུང་བ་ཞིག་ཡིན་པ་དང་། དེ་ལྟ་བུའི་མི་རིགས་དཀར་ནག་དང་ཆོས་ལུགས་ཀྱི་འཐེན་འཁྱེར་རིགས་རྩ་བ་ནས་བྱེད་རྒྱུ་མེད་པར་ལམ་སྟོན་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།