Tibetan Royal Year of 2151 | Year of the Wood Dragon

མོན་གྷོ་ནང་གཉན་རིམས་ཕོག་མཁན་རིམ་པར་བྱུང་བར་བོད་མི་རྣམས་ཀྱིས་ཞལ་འདེབས་བསྡུ་རུབ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

འདས་ལོའི་ཟླ་མཇུག་ཙམ་ནས་ཁྱབ་གདལ་བྱུང་བའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་སྤྱིའི་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྐུ་ངལ་དུ་མ་འཕྲད་ཡོད་པ་དང་།  དེའི་ཁྲོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་དེ་བཞིན་ཉིན་རེར་འཕར་བཞིན་པའི་གནས་སྟངས་སུ་གྱུར་ཡོད་པ་རེད།  ལྷག་པར་དུ་བོད་མིའི་འདུས་སྡོད་ཁྲོད་མོན་གྷོ་འདོད་རྒུ་གླིང་ལྟ་བུ་ནི་ད་ཆ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་མང་ཤོས་ཤིག་ཆགས་ཡོད་པ་དང་ཆབས་ཅིག   ནད་ཡམས་ཀྱི་གནས་སྟངས་དེའི་ཁྲོད་ནད་པར་ཞབས་འདེགས་ཞུ་བའི་ཐད་མི་ཆ་དང་།   དེ་བཞིན་ནད་པར་མཐུན་རྐྱེན་སོགས་ཀྱི་ཆ་ནས་དཀའ་ངལ་མི་ཉུང་བ་འཕྲད་སྟབས།   དཀའ་ངལ་དེ་དག་སེལ་ཐབས་སུ་སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་བོད་མི་རྣམས་ནས་ཞལ་འདེབས་བསྡུ་རུབ་སོགས་ཀྱིས་ཁོང་རྣམ་པར་རོགས་འདེགས་གནང་བཞིན་འདུག སྤྱིར་ས་གནས་ནང་གནས་སྟངས་ཛ་དྲག་རྐྱེན་གྱིས་སྨན་པ་མང་རུ་བཏང་ཡོད་པ་དང་།  ལྷག་པར་དུ་ནད་ཡམས་ཕོག་པ་ཕལ་མོ་ཆེར་ས་གནས་ཀྱི་སྨན་ཁང་དུ་བརྟག་དཔྱད་གནང་བཞིན་སྟབས།   ས་གནས་ཀྱི་འཕྲོད་ལས་བ་དང་ནད་པར་མཐུན་རྐྱེན་སོགས་དང་འབྲེལ་དཀའ་ངལ་མི་ཉུང་བ་འཕྲད་པའི་ཁྲོད།  ཉེ་བའི་ཆར་དགའ་ཤར་དགོན་པ་དང་།  རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས།  དེ་བཞིན་དགོན་སྡེ་དང་ཚོགས་སྒེར་མང་དག་ཅིག་གིས་འཕྲོད་ལས་པ་ཚོར་PPE ཞེས་ཉེན་སྲུང་ཡོ་ཆས་དང་།  ནད་པར་སྲོག་འཛིན་རླུང་མཛོད་དེ་བཞིན་ཁ་ཚ་དགོས་གཏུགས་ཀྱིས་མཐུན་རྐྱེན་སྦྱོར་ཆེད་དངུལ་དངོས་གཉིས་ཀྱི་ཞལ་འདེབས་གནང་བཞིན་འདུག རླུང་འཕྲིན་ཁང་ནས་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་ལགས་སུ་ས་གནས་ཀྱི་གནས་སྟངས་དང་འབྲེལ་བཀའ་འདྲི་ཞུ་སྐབས།  ཁོང་གིས་རྩ་བའི་མོན་གྷོ་ས་གནས་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་སྟངས་འཛིན་སླད་ཐེམ་སྤང་གི་བཀའ་རྒྱ་བཏང་ཡོད་པ་དང་ཐེམ་སྤང་གི་བཀའ་རྒྱའི་རྗེས་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཡང་ཉུང་ངུར་ཕྱིན་ཡོད་པ་དེ་ལྟར་ཡང་།    ད་བར་གཉན་རིམས་ཕོག་མཁན་གྱི་ནད་པ་ཕལ་མོ་ཆེ་བ་ས་གནས་སྨན་ཁང་ནང་བརྟག་དཔྱད་གནང་བཞིན་སྟབས།    སྐབས་འགར་མཐུན་རྐྱེན་གྱི་ཆ་ནས་ཅུང་དཀའ་ངལ་འཕྲད་པ་དང་ལྷག་པར་དུ་སྨན་ཞབས་པ་ཁག་ཅིག་ལའང་ནད་གཞི་འགོས་སྟབས་མི་ཆའི་ཆ་ནས་ཀྱང་དཀའ་ངལ་མི་ཉུང་བ་འཕྲད་སྐོར་དང་འབྲེལ། བོད་མི་མང་དག་ཅིག་གིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་ཞལ་འདེབས་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་སོང་། རྩ་བའི་མོན་གྷོ་ནང་ད་བར་ནད་གཞི་ཕོག་པ་མི་གྲངས་ ༧༠༠ བྱུང་བའི་ཁོངས་ནས་མི་གྲངས་ ༥༠༠ ཙམ་ཞིག་དྲག་སྐྱེད་དང་མི་གྲངས་ ༩ འདས་གྲོངས་སུ་སོང་བ་དང་།  དེ་བཞིན་ད་ཆ་ནད་ཀྱིས་མནར་བཞིན་པ་དེ་མི་གྲངས་ ༡༩༡ ཆགས་ཀྱི་ཡོད་པ་རེད་འདུག  དེའི་ཁྲོད་ཁུལ་དེའི་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཉེ་ལམ་དགེ་འདུན་པ་༥༠༠ ལྷག་ལ་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་གནང་བའི་ཁོངས།  དགེ་འདུན་པ་དགུ་ལ་གཉན་རིམས་ཕོག་ཡོད་པ་དེ་ལྟར་ཡང་ཁོང་རྣམས་པས་གནས་སྟངས་ཛ་དྲག་མིན་པས་ད་ཆ་ཟུར་བཀག་ནང་བཞུགས་མུས་ཡིན་སྐོར་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་ལགས་ཀྱིས་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།

 

འབྲེལ་ཡོད་གསར་གནས།

གསར་གནས།