Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སླར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ ༣༠ ལ་མིང་གསར་པ་བཏགས་པ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

རྒྱ་ནག་གཞུང་གིས་སླར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་གཞན་སུམ་ཅུ་ལ་མིང་གསར་པ་བཏགས་ཏེ་མངའ་སྡེ་དེ་ཉིད་བདག་དབང་རྩོད་པར་རྒྱ་གར་གཞུང་གིས་དེ་མ་ཐག་ཏུ་དེར་ངོས་ལེན་མེད་པའི་སྐྱོན་བརྗོད་ཀྱི་ལན་འདེབས་གནང་འདུག

དེ་ཡང་ཁ་སང་ཚེས་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་བོད་ལྷོ་ཕྱོགས་སུ་ཆགས་པའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་སུམ་ཅུ་ལ་མིང་གསར་པ་བཏགས་ཏེ་དེ་དག་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ཐོག་དག་ཆ་དང་བཅས་གཞུང་འབྲེལ་གཏན་འབེབས་བྱས་འདུག་པ་དང་རྒྱ་གཞུང་གིས་མིང་གསར་པ་བཏགས་པ་དེའི་ནང་ས་སྡེ་བཅུ་གཅིག་དང་རི་བཅུ་གཉིས། ཆུ་བོ་བཞི་དང་མཚོ་གཅིག ས་ཁྱོན་གཅིག་བཅས་བསྡོམས་པའི་སུམ་ཅུ་ཡོད་འདུག

Arunachal Dispute

རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པ་དེ་ནི་ད་རེས་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་རྒྱ་གཞུང་གིས་དེ་སྔ་ ༢༠༡༧ དང་ ༢༠༢༡  དེ་ནས་ ༢༠༢༣ སོ་སོར་མངའ་སྡེ་དེའི་ས་གནས་ཁག་གཅིག་ལ་མིང་གསར་པ་བཏགས་མྱོང་ཡོད་པ་མ་ཟད། ད་རེས་རྒྱ་ནག་གིས་གཏན་འབེབས་བྱས་པའི་མིང་གསར་པ་དེའི་ནང་འདས་པའི་ལོ་བདུན་རིང་མིང་བསྒྱུར་ཐེངས་གསུམ་བྱས་པ་ལས་ས་ཁུལ་མང་བ་ཚུད་ཡོད།

དེ་རིང་སྔ་དྲོར་རྒྱ་གར་གཞུང་གིས་རྒྱ་གཞུང་ནས་ཟླ་བ་སྔོན་མའི་ནང་ཨ་རུ་ནཱ་ཅལ་རྒྱ་ནག་གི་ཆ་ཤས་ཡིན་པ་ཐེངས་མང་བཤད་པའི་རྗེས་སུ་སླར་མངའ་སྡེའི་ས་ཁུལ་ ༣༠ ལ་མིང་གསར་པ་བཏགས་ནས་ཕྱིར་བསྒྲགས་བྱས་པ་དེ་ནི་ད་རེས་ཐེངས་བཞི་པ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་གར་ངོས་ནས་རྒྱ་ནག་གིས་ཨ་རུ་ནཱ་ཅལ་རྒྱ་གར་གྱི་ཆ་ཤས་ཡིན་ཚུལ་བཤད་དེ་དེའི་མིང་བསྒྱུར་བའི་ས་ཆ་ཁག་ལ་དགག་པ་བརྒྱབ་བཞིན་ཡོད་པ་དང་དེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་དང་དེའི་བདག་དབང་ཡོངས་རྫོགས་རྒྱ་གར་ཁོ་ནར་ཡོད་སྟབས། རྒྱ་ནག་གིས་མངའ་སྡེ་དེར་མིང་གསར་པ་བཏགས་པ་དེས་དངོས་ཡོད་གནས་ལུགས་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་གནང་འདུག


གཞི་རྩའི་ཟླ་བ་སྔོན་མའི་ནང་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ཐོག་བདག་དབང་རྩོད་ལེན་ཐེངས་བཞི་བྱས་ཡོད་པའི་ཁྲོད། རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་ཁུལ་དེར་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་པར་རྒྱ་གཞུང་གིས་དགག་བྱ་ཤུགས་ཆེ་བྱས་པ་དང་། རྒྱ་གར་གྱིས་དེར་ངོས་ལེན་མེད་པའི་ལན་འདེབས་གནང་བ་མ་ཟད། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་ཚུལ་དང་དེར་ཁྲིམས་འགལ་ཐོག་ནས་ Zangnan ཞེས་མིང་བཏགས་ཡོད་པ་སོགས་ལུང་འདྲེན་གྱིས་མངའ་སྡེ་དེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དང་སྲིད་བློན་ Modi  མཆོག་གི་ཕྱོགས་སྐྱོད་ལ་གཞུང་འབྲེལ་སྐྱོན་བརྗོད་ཀྱི་ལས་དོན་ཁག་གིས་དངོས་ཡོད་གནས་བབ་ལ་འགྱུར་བ་གང་ཡང་བཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་ལ། སྐབས་དེར་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་སླར་ཡང་ཨ་རུ་ནྰ་ཅལ་མངའ་སྡེའི་ཐོག་བདག་དབང་ཡོད་ལུགས་བསྐྱར་བཤད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།