Tibetan Royal Year of 2151 | Year of the Wood Dragon

གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་དང་འབྲེལ་ནས་བཅར་འདྲི།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཟླ་བ་འདིའི་ཚེས་ ༣ ནས་དབུ་འཛུགས་ཀྱི་དེ་རིང་ཚེས་ ༦ བར་ཁྱོན་ཉིན་གྲངས་བཞིའི་རིང་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་གཉིས་ཀྱི་གོ་སྒྲིག་འོག་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་ཚོགས་ཡོད་པ་དང་འབྲེལ། དེ་རིང་བགྲོ་གླེང་འདི་ཉིད་མཇུག་སྒྲིལ་གནང་གི་ཡོད་པ་རེད།

དེ་ཡང་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་ཚད་མ་རྣམ་འགྲེལ་དང། བོན་གཞུང་ཚད་མ་ཀུན་བཏུས་ཡིན་འདུག་པ་དང་། རིས་མེད་བགྲོ་གླེང་འདིའི་ནང་གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་དགོན་སྡེ་ཁག་ ༣༡ ནས་དགེ་འདུན་གྲྭ་བཙུན་ཁྱོན་ ༥༥ ལྷན་ཞུགས་གནང་ཡོད་པ་དང་། གསུང་བཤད་གནང་མཁན་ ༡༨ ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་ཆོས་རིག་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་རྣལ་འབྱོར་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་ལྟའི་ཆར་བཙན་བྱོལ་ནང་ཆོས་བརྒྱུད་རིས་མེད་ཀྱི་གནས་བབ་ཡག་པོ་ཡོད་པ་དང་འབྲེལ། དེ་ལྟ་བུ་གོ་སྒྲིག་སྐབས་གྲྭ་བཙུན་མཉམ་ཞུགས་གནང་རྒྱུའི་ཐད་ངལ་བ་ཕྲན་བུ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་གཞུང་ཆེན་རིས་མེད་བགྲོ་གླེང་འདི་བཞིན་ཕྱི་ལོ་ ༢༠༡༡ ལོར་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཐེངས་ ༡༡ པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དགོངས་དོན་བཞིན། ཕྱི་ལོ་ ༢༠༡༣ ལོར་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཚོགས་ཏེ་ཆོས་སྡེ་ཁག་གི་སློབ་གཉེར་བ་ལྷན་འཛོམས་ཀྱིས་བགྲོ་གླེང་གནང་དགོས་པའི་གྲོས་ཆོད་གཞིར་བཟུང་། མཐར་ཕྱི་ལོ་ ༢༠༡༥ ལོ་ནས་འགོ་འཛུགས་ཀྱིས་ཐོག་མ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་། རིམ་པའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དང་། དཔལ་སྐྱ་མཐོ་སློབ། དཔལ་གཤེན་བསྟན་སྨན་རི་གླིང་། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཅས་སུ་ཚོགས་ཡོད་པ་དང་། ཐེངས་འདིར་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཚོགས་ཡོད་པ་མ་ཟད། གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༨ དེ་དཔལ་སྐྱའི་ཆོས་སྡེ་ཞིག་ཏུ་འཚོག་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།