Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་ནང་གངས་ལྗོངས་གླེང་སྟེགས་ཆེན་མོ་ཚོགས་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཐའེ་ཝན་སྐུ་ཚབ་དོན་ཁང་དང་ཐའེ་ཝན་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིགས་འོག ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དུ་གངས་ལྗོངས་གླེང་སྟེགས་ཆེན་མོ་ཞེས། ཐའེ་ཝན་མང་གཙོའི་ཆབ་སྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ལ་ལམ་འཁྲིད་ཇི་ལྟར་བྱེད་དགོས་སྐོར་ ༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག

ཐེངས་འདིའི་ཚོགས་འདུའི་ཐོག ཐའེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་དང་། བཞུགས་སྒར་ནས་ཆེད་ཕེབས་གནང་བའི་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། དེ་བཞིན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་ཁྱོན་མི་གྲངས་དྲུག་ཡོད་པ་དང་། རྒྱ་ནག་གི་གདུག་རྩུབ་མྱོང་བཞིན་པའི་རྒྱ་རིགས་གཙོས་ཡུ་གུར་དང་སོག་པོ། ཧོང་ཀོང་བཅས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་ཐའེ་ཝན་ནང་གི་ཤེས་ལྡན་མི་སྣ་དང་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་འདུག

གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།