Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་བཞི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་ཡོད་པའི་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་གྲགས་ཅན་  Jimmy Lai ལགས་ཀྱིས་དབུས་པའི་གཞན་གསུམ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་གནང་འདུག

དེ་ཡང་དེ་རིང་ The Public’s Radio བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Chris Smith ལགས་དང་། ལས་དོན་ཚོགས་ཆུང་དེའི་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ Jeffrey Merkley ལགས་རྣམ་གཉིས་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ལ་ཕུལ་བའི་སྙན་ཞུ་ཡོངས་གྲགས་གནང་བ་དེའི་ནང་། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་གྲགས་ཅན་  Apple Daily  གསར་ཁང་གི་བདག་པོ་ Jimmy Lai ཇི་མི་ལའི་ལགས་དང་ཡུ་གུར་མི་རིགས་ཀྱི་འཐབ་རྩོད་པ་མཁས་དབང་ Ilham Tothi ཨི་ཧཱེམ་ཊོ་ཊི་ལགས། རྒྱ་ནག་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་ Xu Zhiyong ཞུ་ཀྲི་ཡོང་ལགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Ding Jiaxi ཏིང་ཅཱ་ཞི་ལགས་རྣམ་བཞི་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་གནང་འདུག་པ་དང་འབྲེལ། ཁོང་རྣམས་གཟེངས་རྟགས་དེའི་མཚོན་དོན་ཡིན་ཞིང་། ཐོབ་འོས་པ་ཞིག་ཡིན་པ་མ་ཟད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེའི་བརྒྱུད་ནས་འཛམ་གླིང་མི་མང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་དཀའ་ཚེགས་མྱོང་མཁན་རྣམས་ལ་དོ་སྣང་བྱ་རྒྱུ་ཡིན་པ་ནན་བརྗོད་གནང་འདུག

རྩ་བའི་རྒྱ་ནག་གཞུང་གིས་དུས་རྒྱུན་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྐྱོན་བརྗོད་ཁག་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། ཨ་རིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁག་དཀྲིས་ཏེ་རྒྱ་ནག་གི་རྒྱལ་ཡོངས་འཕེལ་རྒྱས་ལ་འགོག་ཐབས་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་རིམ་པ་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་སྔ་མར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་ཚོགས་སྐབས། སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Chen Xu ཧྲན་ཞུས། རྒྱ་ནག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་ལས་དོན་གཙོ་གྲས་ཤིག་ཡིན་ལུགས་བཤད་ཡོད་པ་དང་། ང་ཚོས་དུས་ཀྱི་འགྱུར་འགྲོས་དང་རྒྱ་ནག་རྒྱལ་ཁབ་ཀྱི་གནས་སྟངས་ལ་གཞིགས་ཏེ། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་ཁར་འཇུག་འགོ་བཙུགས་ཡོད་སྟབས། བརྒྱུད་རིམ་དེའི་ཁྲོད་ལོ་རྒྱུ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུ་ཡིན་ལུགས་སོགས་བཤད་ཡོད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་འབབ་ལ་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད་པ་དང་འབྲེལ། རྒྱ་གཞུང་ལ་དེ་འབྲེལ་ཞི་བའི་སྨྲ་བརྗོད་རང་དབང་སོགས་ལ་དྲག་གནོན་བྱ་རྒྱུར་མཚམས་འཇོག་བྱ་དགོས་པའི་ནན་བརྗོད་ཙམ་མ་ཟད། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བའི་བརྒྱུད་ཕྱི་ཕྱོགས་དང་གསང་འབྲེལ་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པ་ Jimmy Lai ཇི་མི་ལའི་ལགས་འཕྲལ་མར་གློད་བཀྲོལ་དགོས་པའི་ཐོག་ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་ཕྱིར་འཐེན་བྱ་དགོས་པའི་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད་པ་རེད།

ད་ལྟའི་ཆར་རྒྱ་གཞུང་གིས་ Jimmy Lai ཇི་མི་ལའི་ལགས་སུ་ཁྲིམས་ཞིབ་བྱེད་བཞིན་ཡོད་ཅིང་། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅང་རྒྱུར་ཉེན་ཁ་ཡང་ཡོད་པ་དང་། དེ་བཞིན་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་གནད་དོན་འཐབ་རྩོད་པ་ Ilham Tothi ཨི་ཧཱེམ་ཊོ་ཊི་ལགས་སུ་ཁ་བྲལ་བའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Ding Jiaxi ཏིང་ཅཱ་ཞི་ལགས་དང་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་ Xu Zhiyong ཞུ་ཀྲི་ཡོང་ལགས་རྣམ་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༢ དང་ ༡༤ བཅས་སོ་སོར་ཁྲིམས་ཐག་བཅད་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༡༠ ལོར་རྒྱའི་བཙོན་འོག་ཏུ་ཡོད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་རྒྱ་ནག་ནང་ཆབ་སྲིད་ཁྲོད་ལེགས་བཅོས་དགོས་ཞེས་གསུང་མཁན་ Liu Xiaobo ལིའུ་ཞའོ་པའོ་ལགས་སུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཀྱང་། རྒྱ་གཞུང་གིས་ངོས་ལེན་མ་བྱས་པའི་ཁར་གཟེངས་རྟགས་དེ་ནི་ཆབ་སྲིད་ཀྱི་ཟློས་གར་ཞིག་རེད་ཅེས་ཁྱད་གསོད་ཀྱིས་ཁོང་གློད་བཀྲོལ་མ་བྱས་པར་མཐར་ཕྱི་ལོ་ ༢༠༡༧ ལོར་བཙོན་ཁང་ནང་མཆིན་པའི་འབྲས་ནད་ཕོག་རྐྱེན་འདས་གྲོངས་སུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།