Tibetan Royal Year of 2151 | Year of the Wood Dragon

ལི་ཐུཝ་ནི་ཡའི་གྲོས་ཚོགས་ནང་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པ་གསུངས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་ལྟའི་འཆར་ཡུ་རོབ་ Baltic རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན། ཁ་སང་ Lithuania ལི་ཐུཝ་ནི་ཡའི་རྒྱལ་ས་ Vilnius ཝིལ་ནི་སི་ནང་དུ་ཕེབས་འབྱོར་གྱིས་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་སྐོར་གསུང་བཤད་གནང་བའི་ཁྲོད། བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་ཡིན་པ་ནན་བརྗོད་གནང་འདུག

ཁ་སང་ལི་ཐུཝ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Vytis Vildunas ལགས་ཀྱིས་སྲིད་སྐྱོང་མཆོག་ཁུལ་དེའི་གནམ་ཐང་ནས་ཕེབས་བསུའི་སྣེ་ལེན་རྗེས། སྲིད་སྐྱོང་མཆོག་ནས་ལི་ཐུཝ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཞོན་ Radvilė Morkūnaitė-Mikulėnienė མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་སྔོན་ Baltic རྒྱལ་ཁབ་གཞན་དང་ Finland ཧྥིན་ལེནྜ་ནང་དུ་ཕྱོགས་ཕེབས་སྐབས་གསུང་དོན་བཞིན། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་ཞིང་། ད་ལྟའི་འཆར་ཡུཀ་རེན་ནང་བཙན་འཛུལ་གྱི་གནད་དོན་དང་འབྲེལ་ནས་ཨུ་རུ་སུ་དེ་ཉེན་ཁ་ཆེན་པོར་གཟིགས་ཀྱི་ཡོད་ཀྱང་། ཕུགས་རྒྱང་རིང་པོར་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་ནག་དམར་པོའི་གཞུང་དེ་བཞིན་ཡུ་རོབ་སྤྱིའི་བདེ་འཇགས་ལ་ཉེན་ཁའི་གཞིར་རྩར་འགྱུར་ངེས་ཡིན་པ་གསུངས་འདུག

ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཡུཀ་རེན་གནད་དོན་ཐད་ Baltic རྒྱལ་ཁབ་རྣམས་ཀྱིས་མངོན་གསལ་དོད་པོས་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་ཀྱང་། རྒྱལ་ཁབ་དེ་དག་གིས་རྒྱ་ནག་ལྷན་དུ་ཚོང་འབྲེལ་བརྒྱུད་ཡུཀ་རེན་ལ་བཙན་འཛུལ་བྱེད་མཁན་ཨུ་རུ་སུའི་ནུས་པ་གོང་ཐོར་གཏོང་གི་ཡོད་པ་ནན་བརྗོད་གནང་འདུག

ཐེངས་འདིའི་ Vilnius ཝིལ་ནི་སི་ཁུལ་དུ་ཕྱོགས་ཕེབས་ཁྲོད། སྲིད་སྐྱོང་མཆོག་ནས་གཞན་ཡང་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཁག་གཅིག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་མཇལ་འཕྲད་གནང་ཡོད་པ་མ་ཟད། Tibet Square ཞེས་པའི་གྲོང་ཁྱེར་དེའི་ནང་བོད་མིའི་རང་དབང་སྒེར་ལངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སོགས་བོད་དང་འབྲེལ་བའི་དུས་དྲན་ཆེ་ཁག་སྲུང་བརྩི་ཞུ་སའི་ས་ཚིགས་སུ་ཆེད་ཕེབས་གནང་འདུག

འདི་གའི་གསར་འགོད་པས་ཐེངས་འདིར་སྲིད་སྐྱོང་མཆོག་དང་ལྷན་བཅར་ཞུ་མཁན་དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བློ་ཆོས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱིར་འདི་ལོར་སྔར་དང་མི་འདྲ་བའི་རྒྱལ་ཁབ་སོ་སོའི་གནད་ཡོད་གཞུང་འབྲེལ་མི་སྣ་རྣམས་ཀྱིས་མངོན་གསལ་ཐོག་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྔར་ལྷག་གསལ་བཏོན་གནང་ཡོད་པ་གསུངས་སོང་།

པར་དབང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས།

འབྲེལ་ཡོད་གསར་གནས།

གསར་གནས།